ལྗང་རླུང་ཚགས་པར་ཁང་གིས་རིན་སྤུངས་ཚུལ་བསྟན་ལ་བཅར་འདྲི་བྱས་པ།

  དྲི་བ་མཁན། བོན་རྒྱ་བསྟན་འཛིན་རབ་རྒྱས།
  ལན་འདེབས་པ་པོ།  རིན་སྤུངས་ཚུལ་བསྟན།
༡ ཁྱོད་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་ཙམ་གནང་རོགས།
དྲི་བ་དང་བོའི་ལན། མིང་ལ་རིན་སྤུངས་ཚུལ་བསྟན།  ཕ་ཡུལ་ཨ་མདོ་རྔ་བ་ཁུལ་ཟིང་ཆུ་རྫོང་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་། སྐྱེས་ལོ་༡༩༨༠ལོའི་ཟླ༧ཚེས་༢༤ཉིན། རང་ལོ་བཅོ་ལྔ་སྟེང་རང་དགོན་དུ་གྲྭ་སྒོར་བཞུགས་ནས་དགོན་པའི་འདོན་འཆར་འབུད་གསུམ་སོགས་སྦྱོང་བ་བྱས། དེ་ནས་རང་ལོ་བཅོ་བརྒྱད་སྟེང་ནས་རང་དགོན་སྒྲུབ་གྲྭར་བཞུགས་ནས་ལོ་ངོ་དྲུག་ཏུ་རིང་ལ་སྒྲུབ་པ་ཉམས་ལེན་ལ་གཞོལ། ༢༠༠༣ལོ་ཡི་ལོ་མཇུག་ནས་བོད་ལྗོངས་ལྷ་སའི་སེ་ར་ཐེག་ཆེན་གླིང་དུ་བཞུགས་ནས་བསྡུས་རྟགས་བློ་གསུམ། གྲུབ་དོན་ས་གསུམ། ཕར་ཚད་སོགས་ལ་ལོ་ངོ་ལྔ་ཡས་མས་སུ་སློབ་སྦྱོང་བྱས། ༢༠༠༨ལོ་ནས་གནས་ཚུལ་གྱིས་རྐྱེན་པས་ཕ་ཡུལ་དུ་ལོག  ༢༠༡༠ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བཞུགས་ནས་ད་བར་དུ་སློབ་གཉེར་བྱེད་མུས་ཡིན། ༢༠༠༧་ལོ་ནས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ༽ཞེས་པ་གཙོ་སྒྲུབ་བྱས་ནས་ད་བར་དུ་དེབ་ལྔ་པར་དུ་བསྐྲུན། ༢༠༡༠ལོའི་ཟླ་༧པའི་ནང་ལ་གྲྭ་བཙུན་འགའ་དང་ལྷན་དུ་བོན་གྱི་དྲ་ཚིགས་ཆེན་མོ༼ཧི་མ་ལ་ཡའི་བོན༽དྲ་ཚིགས་ཞེས་པ་གཙོ་སྒྲུབ་བྱས་ནས་ད་བར་དུ་དེའི་སྐོར་ལ་ལས་སྒྲུབ་བྱེད་བཞིན་པ། ༢༠༠༧་ལོ་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་འཆར་གཞི་ལྟར་དུ་བོན་གྱི་ཤེས་རིག་ཚིག་མཛོད་རྩོམ་སྒྲིག་པའི་འགན་ཁུར་ནས་ད་ཆ་པར་བསྐྲུན་འགྲུབ་གྲབས་ཡོད་པ་དང་། གཞན་གཡུང་དྲུང་བོན་གྱི་མཐུན་ཚོགས་ཆེན་མོ༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་༽ཀྱི་དྲུང་ཡིག་པ་བཅས་ཀྱི་འགན་ཁུར་མུས་སུ་ཡོད།
༢ ཁྱོད་ནི་ནང་བ་གཤེན་རབ་པ་ཞིག་རེད།  ཁྱོད་ཀྱིས་ནང་བ་གཤེན་རབ་པ་ཞིག་ཡིན་པ་དེ་སྐྱབས་འགྲོ་ཙམ་མིན་པར་ལྟ་བའི་སྟེང་ནས་འགྲེལ་བཤད་ཇི་ལྟར་གནང་གིན་ཡོད།
དྲི་བ་གཉིས་པའི་ལན། སྤྱིར་བཏང་ནང་བ་གཤེན་རབ་པའམ་ནང་བ་སངས་རྒྱས་པའི་ལྟ་བ་ལ་ཐེག་པ་སོ་སོ་དང་གྲུབ་མཐའ་གོང་འོག་ལ་ཁྱད་པར་རེ་ཡོད་པ་འདི་ནས་བཤད་མ་དགོས་པ་རེད། འོན་ཀྱང་དེ་དག་གིས་གཅིག་གྱུར་གྱི་འདོད་པ་ལ། ཕྱི་ནང་གི་གྲུབ་མཐའ་ཁྱད་པར་ཕྱེ་སྐབས་སུ་སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། །ཕྱི་རོལ་ནང་བའི་ཁྱད་པར་འབྱེད་ལ། དེ་དག་ལས་ལྟ་བའི་སྟེང་ནས་ཕྱི་རོལ་བ་ལས་ཁྱད་པར་དུ་འཕགས་པ་བསྟན་པ་ནི།  སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་ལས།  བོན་གྱི་མདོ་བཞི་ཁས་ལེན་པ་ནང་བ་གཤེན་རབ་པ་ཡིན་ལ། དེ་བཞི་ཁས་མི་ལེན་པ་ནི་མུ་སྟེགས་པའོ། །བོན་གྱི་མདོ་བཞི་ནི། འདུས་བྱས་ཐམས་ཀྱི་མདོ་མི་རྟག་པ་དང་། ཟག་པ་དང་དང་བཅས་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ་དང་། བོན་ཐམས་ཅད་ཀྱི་མདོ་བདག་མེད་པའོ། །ཞེས་པ་ཡིན་ལ། དེ་དག་ལས་དང་བོ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ་ནི། སྤྱིར་བཏང་བོན་ཅེས་པའི་དོན་ནི་རང་གི་ངོ་བོ་འཛིན་པ་དེ་བོན་གྱི་མཚན་ཉིད་ཡིན་ལ། བོན་ནམ་ཡོད་པ་ལ་དབྱེ་ན་རྟག་དངོས་གཉིས་སུ་འདོད་ལ། རྟག་པ་མ་ཡིན་པའི་ཡོད་པའམ་འདུས་བྱས་ཐམས་ཅད་ཀྱི་མདོའམ་ངོ་བོ་ནི་སྐད་ཅིག་མ་དང་མི་རྟག་པར་འདོད་དོ། །
  གཉིས་པ་ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ་སྟེ། ཉོན་མོངས་པ་དང་བཅས་པའམ། མི་དགེ་བའི་ལས་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ་བསྟན་པ་སྟེ། དཔེར་ན། མི་དགེ་བ་བཅུ་བོ་དང་དེ་གང་རུང་བསྒྲུབས་པ་ལ་བསྟེན་ནས་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་འབྲས་བསྟན་པ་དང་། ཁྱད་པར་དུ་བདེན་པ་བཞིའི་མི་རྟག་ཁྱད་བོན་བཅུ་དྲུག་སོགས་བསྟན་པ་འདོད།
གསུམ་པ་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ་སྟེ། དེ་ཡང་སྤྱིར་ལམ་ལ་འཁོར་བའི་ལམ་དང་མྱ་འདས་ཀྱི་ལམ་གཉིས་སུ་འདོད་པ་ཡིན་ལ། འཁོར་བའི་ལམ་ཐམས་ཅད་ནི་ཞི་བ་དང་བྲལ་བའི་བྲེལ་ཕོངས་དང་ཚ་གྲང་། བཀྲེས་བསྐོམ། གླེག་ལྐུགས། འཐབ་རྩོད། ཕམ་ལྟུང་སོགས་ཀྱི་སྡུག་བསྔལ་བ་དང་བཅས་པ་ཡིན་ལ། མྱ་འདས་ཀྱི་ལམ་ནི་འཁོར་བའི་ལམ་ལས་ལྡོག་པ་སྟེ་ཞི་བའོ། །
བཞི་བ་བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པ་སྟེ། དེ་ཡང་སྤྱིར་འཁོར་འདས་ཀྱི་བོན་ཐམས་ཅད་ཀྱི་རང་བཞིན་ནི་བདེན་པ་མ་གྲུབ་པ་སྟེ། བདག་མེད་པ་དེ་ལ་ཡང་བོན་གྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་གཉིས་སུ་འདུས་ལ། དེ་གཉིས་ཀྱི་འདོད་སྟངས་ལ་ཡང་བོན་ཐེག་པ་རིམ་དགུ་བོས་སོ་སོའི་འདོད་སྟངས་ཕྲ་རགས་སོགས་ཡོད་དོ། །
༣ ཁྱོད་ཀྱིས་ཞུང་ཞུང་གི་རིག་གནས་སྐོར་མང་ཙམ་གླེང་གི་འདུག དེ་ལ་དགོས་པ་རྒྱུ་མཚན་ཅི་ཞིག་མཐོང་གི་ཡོད། ཞང་ཞུང་གི་རིག་གནས་ཞེས་པ་འདི་དངོས་གནས་རང་སྐྱ་འཕེར་བའི་རིག་གནས་ཤིག་ཡིན་པ་དེ་ཁྱོད་ཀྱིས་རྒྱུ་མཚན་གང་ལ་གཏུག་གི་ཡོད།
དྲི་བ་གསུམ་པའི་ལན། ཞང་ཞུང་རིག་གནས་ཞེས་པ་དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ནང་དོན་ཕུན་སུམ་ཚོགས་པ་སོགས་ལྡན་པ་དང་། ཞང་ཞུང་རིག་གནས་ལ་དོ་སྣང་དང་གླེང་དགོས་པའི་རྒྱུ་མཚན་ནི། དེ་ཡང་རིག་གནས་འདི་ནི་ང་ཚོ་བོད་མི་རིགས་ཀྱི་རིག་གནས་སྤྱིའི་མ་གཞིའམ་འབྱུང་ཁུངས་སུ་ཡིན་པ་གནའ་དེང་གི་མཁས་དབང་མང་བོ་ཞིག་གིས་འདོད་པ་དང་། ང་ཚོ་བོད་ཀྱི་ལོ་རྒྱུས་དངོས་དེ་འཚོལ་པ་ལ་ངེས་པར་དུ་ཞང་ཞུང་རིག་གནས་ལ་ཞིབ་འཇུག་དང་འཚོལ་ཞིབ་མ་གནང་བར་བོད་རང་གི་རིག་གནས་ལོ་རྒྱུས་མ་ལག་ཆ་ཚང་ཞིག་འཚོལ་ཐབས་མེད་པ་དང་། འཚོལ་ན་ཡང་ཕྱོགས་རེ་བ་དང་ཡ་རེ་ལས་འཚོལ་མི་ཐུབ། རྒྱུ་མཚན་ནི། གནའ་ཞང་ཞུང་མངའ་ཁོངས་འདི་ཉིད་བོད་དུ་མ་འདུས་པ་སྔོན་ལ་ཞང་ཞུང་ལ་བྱ་རུ་ཐོབ་པའི་རྒྱལ་བོ་བཅོ་བརྒྱད་དང་བོན་གྱི་མཁས་གྲུབ་རིག་འཛིན་གྲངས་ཀྱིས་མི་ལོང་བ་ཞིག་བྱོན་ནས་བོན་དང་སྲིད་གང་ཐད་ལ་ཡང་འཕེལ་རྒྱས་བྱུང་ནས་འཛམ་གླིང་སུམ་ཆའི་གཅིག་དབང་དུ་བསྡུས་པའི་སྐོར་གྱི་ལོ་རྒྱུས་ཀྱི་བཤད་བསྒྲོས་ཡོད་པ་དང་། དེ་མ་ཟད་བོད་ཀྱི་བཙན་པོ་རྣམས་ཀྱིས་ཀྱང་བོད་ཀྱི་མི་སྣ་གང་མང་ཞིག་ཞང་ཞུང་དུ་གཏོང་ནས་སློབ་གཉེར་གནང་བ་དང་། ཞང་ཞུང་གི་མཁས་པ་རྣམས་བོད་དུ་གདན་དྲངས་ནས་བོད་ཀྱི་བོན་སྲིད་ལ་ལམ་སྟོན་ནམ། ཞོགས་འདེགས་ལྟ་བུའི་བྱ་བ་གང་མང་གནང་ཡོད་ལ། ཁྱད་པར་དུ་བོད་དུ་ས་ཁྱབ་རྡོ་ཁྱབ་ཀྱི་གཡུང་དྲུང་བོན་གྱི་བསྟན་པའི་གྲུབ་མཐའ་དང་རིག་གཞུང་སོགས་ཚང་མ་ཞང་ཞུང་ནས་བོད་དུ་དར་ཁྱབ་ཏུ་སོང་བ་ཞིག་ཡིན་ལ། དེ་ནས་བོད་བཙན་པོ་ཁྲི་སྲོང་སོགས་ཀྱི་སྐབས་ནས་ཞང་ཞུང་མངའ་ཁོངས་འདི་ཉིད་བོད་ཁོངས་སུ་བསྡུས་པ་ནས་བཟུང་ཞང་བོད་གཅིག་གྱུར་ངང་ནས་བོད་ཀྱི་བོན་སྲིད་གཉིས་ཀྱི་དོན་མཛད་ཡོད་པ་དང་།
ཞང་ཞུང་གི་རིག་གནས་འདི་ཉིད་དངོས་གནས་རང་སྐྱ་འཕེར་བའི་རིག་གནས་ཤིག་ཡིན་ནམ་ཞེ་ན། རང་སྐྱ་འཕེར་བའི་རིག་གནས་ཤིག་ཡིན་པ་འདོད། རྒྱུ་མཚན་ནི། ཞང་ཞུང་གི་རིག་གནས་ལ་བསྟེན་ནས་འཛམ་གླིང་གི་སུམ་ཆ་དབང་དུ་བསྡུས་པ་དང་། ལོ་ངོ་སྟོང་ཕྲག་འགའ་ལ་རང་སྐྱ་འཕེར་བའི་རྒྱལ་ཁབ་ཏུ་བཟུང་ཐུབ་པ་འདིས་ཀྱང་རིག་གནས་དེ་ལ་བསྟེན་ནས་བྱུང་བ་ཞིག་རེད། གཞན་དེང་གི་ཆ་ལ་ཡང་རྒྱལ་ཕྱི་ཀུན་ཏུ་ཞང་ཞུང་རིག་གནས་ལ་ཞིབ་འཇུག་དང་ཉམས་ཞིབ་བྱེད་མཁན་གྱི་མཁས་དབང་གྲངས་ཀྱིས་མི་ལོངས་པ་ཞིག་འབྱོན་དང་བྱོན་མུས་སུ་མཆིས་པ་དེ་རེད།
༤ ཁྱོད་ཀྱིས་བོན་གྱི་བརྡ་སྐད་དང་འབྲེལ་བོན་གྱི་ཆོས་ཞེས་པ་དེའི་གཞི་ལམ་འབྲས་གསུམ་གྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་འགྲིག་གམ།
དྲི་བ་བཞི་བའི་ལན། དེ་ཡང་བོན་གྱི་གཞི་ལམ་འབྲས་གསུམ་ལ།  སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་ཡེ་ཁྲི་ལམ་བཟླ་བམ་པོ་ལས།  མ་བཅོས་ཤེས་བྱའི་ངོ་བོ་དེ། །རྟོག་པས་སྒྲིབ་ནས་དེ་མ་མཐོང་། །དེ་ལ་གཞི་ཞེས་ཐ་སྙད་བཏགས། །དེ་ཉིད་རྟོགས་ཐབས་ཤེས་བྱ་ལ། །ལམ་ཞེས་བྱ་བའི་ཐ་སྙད་བཏགས། །དེ་ཉིད་ཤེས་བྱ་མངོན་གྱུར་ལ། །འབྲས་བུ་ཞེས་བྱ་ཐ་སྙད་བཏགས། །ཞེས་པ་ལྟ་བུ་རེད། གཞན་ཡང་ལྟ་བ་ནི་ཡས་ཕུབ་པ། སྤྱོད་པ་ནི་མས་འཛེགས་པ། གཞི་སྙིང་རྗེ་ཆེན་པོ་ལ་ལོངས། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་པ་སྟེ།  ལྟ་བ་ཡས་ཕུབ་པ་ནི། ལྟ་བ་མཐར་ཐུག་བླ་མེད་རྫོགས་པ་ཆེན་པོ་ལ་བློ་གཏད། སྒོམ་པ་ཐབས་ཆེ་སྒོ་ཡངས་གསང་སྔགས་རིན་པོ་ཆེས་ཁོག་དབུབ། སྤྱོད་པ་མས་འཛེགས་ཏེ་ལྟ་སྤྱོད་ཀུན་གྱི་ཐོག་མར་སྐྱབས་གནས་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་སྒོ་ནས། གཞི་སྙིང་རྗེ་ཆེན་པོ་ལ་སོགས་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱང་། ལམ་བླ་མེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླང་སྟེ་ཐབས་ཕ་རོལ་ཕྱིན་བཅུ་ལ་སྤྱོད། ཕྱི་སོ་སོ་ཐར་བའི་སྡོམ་པ་སོགས་ལམ་བསླབ་པ་གསུམ་གྱིས་རྒྱུད་བསྡམས་ནས་སྤྱོད་པ་མས་ཡར་འཛེགས་ཏེ་ཐེག་པ་གོང་མ་ལ་སྤྱོད་ཅིང་། ཁྲི་འཕང་དང་བོ་ལ་རྟོགས་ཏེ་གཤེན་རབ་ཀྱི་ལམ་བགྲོད་པར་བྱེད་པའོ། ། མདོར་ན་སྐྱེ་བོ་གང་ཞིག་སྐྱོན་ཅན་གྱི་ལུས་སེམས་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་ངོ་བོར་བསྒྱུར་བའི་ཐབས་བླ་མེད་ནི། གཞི་མདོ་སྔགས་སེམས་གསུམ། ལམ་སྤོང་བསྒྱུར་གྲོལ་གསུམ། འབྲས་བུ་སྐུ་གསུམ་སངས་རྒྱས་མངོན་དུ་བྱེད་ཚུལ་དེ་ནི་གཡུང་དྲུང་བོན་ལུགས་སམ་ནང་བ་གཤེན་རབ་པའི་གཞི་ལམ་འབྲས་གསུམ་གྱི་གནད་བསྡུས་ཙམ་ཞིག་འདོད།
༥ ཁྱོད་ཀྱིས་གཞུང་ནང་གི་གསས་མཁར་སུམ་བརྒྱ་དྲུག་ཅུ་ཟེར་བ་དེ་དོན་དངོས་ཀྱི་འགྲེལ་བཤད་ཐུང་ཐུང་ཞིག་གནང་ཐུབ་བམ།
དྲི་བ་ལྔ་བའི་ལན། དེ་ཡང་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེས་འགྲོ་བ་སེམས་ཅན་གྱི་དོན་དུ་བོན་སྒོ་དུ་མར་བསྟན་པ་སྟེ། ཉོན་མོངས་པའི་བརྒྱད་ཁྲི་བཞི་སྟོང་ལ་ལྟོས་ཏེ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང་། འཁྲུལ་རྟོག་སུམ་བརྒྱ་དྲུག་བཅུ་ལ་ལྟོས་ཏེ་གསས་མཁར་སུམ་བརྒྱ་དྲུག་བཅུ་བསྟན་པ་དང་། བློ་རིམ་པ་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་དགུ། ཉོན་མོངས་པའི་དུག་ལྔ་ལ་ལྟོས་ཏེ་བོན་སྒོ་བཞི་མཛོད་དང་ལྔ། ཉོན་མོངས་དུག་གསུམ་ལ་ལྟོས་ཏེ་བོན་སྒོ་ཕྱི་ནང་གསང་གསུམ། རྩ་བ་མ་རིག་པ་ལྟོས་ཏེ་ཐིག་ལེ་ཉག་གཅིག་སོགས་ཉོན་མོངས་པ་དང་འཁྲུལ་རྟོག་སོགས་ཀྱི་གཉེན་པོར་བོན་སྒོ་སོ་སོར་བསྟན་པའོ། །
གསས་མཁར་སུམ་བརྒྱ་དྲུག་བཅུའི་བོན་སྒོ་ནི། བོན་གྱི་དབྱེ་སྒོ་བཅུ་གསུམ་ལས་བཅུ་གཅིག་པ་སྡེ་ཚན་གྱི་སྒོ་ནས་རྒྱས་པར་ཕྱེ་བ་ཡིན། གསས་མཁར་གསུམ་གྱི་བོན་སྒོ་ལས་འཕྲོས་པ་སྟེ། ཕྱི་མཚན་ཉིད་ཀྱི་གསས་མཁར་དང་། ནང་གསང་སྔགས་ཀྱི་གསས་མཁར། གསང་བ་རྫོགས་ཆེན་གྱི་གསས་མཁར་དང་གསུམ་ལས་འཕྲོས་པ་ཡིན་ལ། དེ་ཡང་གབ་འགྲེལ་ལས། མཚན་ཉིད་ཀྱི་གསས་མཁར་བརྒྱ་དང་ཉི་ཤུ། གསང་སྔགས་ཀྱི་གསས་མཁར་བརྒྱ་དང་ཉི་ཤུ། སེམས་ཕྱོགས་ཀྱི་གསས་མཁར་བརྒྱ་དང་ཉི་ཤུའོ། ། གཞན་ཡང་ཇི་སྐད་དུ། སུམ་བརྒྱའི་གསས་མཁར་ཕྱི་ནང་གསང་། །སྤང་བསྒྱུར་གྲོལ་བའི་སྡེ་གསུམ་མོ། །བོན་སྒོ་ཕྱི་མདོ་དང་། ནང་གསང་སྔགས། གསང་བ་རྫོགས་ཆེན་གྱི་བོན་སྒོ་བཅས་ལ་འདུས་པའོ། །
༦ ཁྱོད་ཀྱིས་ལྷ་སྲས་ལོ་ངམ་རྟ་རྫི་དང་ལྷ་ལུང་དཔལ་གྱི་རྡོ་རྗེ་གཉིས་ལ་ཁྱད་པར་མི་འདྲ་བའི་ངོས་འཛིན་ཇི་འདྲ་གནང་གིན་ཡོད། ཡང་ན་བདུད་ཁོག་ཞུགས་གྲི་གུམ་བཙན་པོ་དང་བདུད་རྒྱལ་གླང་དར་གཉིས་ལ་སྣང་ཚུལ་ཅི་ཡོད།
དྲི་བ་དྲུག་པའི་ལན། ལོ་ངམ་རྟ་རྫི་དང་ལྷ་ལུང་གཉིས་ཀ་སོ་སོའི་ཁ་ཕྱོགས་དང་དམིགས་ཡུལ་ཁྱད་པར་ཅན་ཞིག་ཡོད་པ་བཤད་མ་དགོས་པ་རེད། འོན་ཀྱང་ང་རང་གིས་ལྟ་ཚུལ་ལ་ཁོང་གཉིས་ཀྱི་ཁ་ཕྱོགས་སམ་དམིགས་ཡུལ་དེ་ཉེན་ཅན་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད། རྒྱུ་མཚན་ཁོང་གཉིས་ཀྱིས་ང་ཚོའི་བོད་མི་རིགས་འདི་ཉིད་སིལ་བུར་གཏོང་བའི་འགོ་བསླང་བ་དང་། སྒེར་ཚུགས་ཀྱི་ལྟ་བ་ཤུགས་དྲག་པ་འདོད། ལོ་ངམ་གྱིས་བོད་བཙན་པོ་གྲོངས་ནས་བོད་འདི་ཁོས་དབང་ཆ་བཟུང་བའི་འདོད་ངན་འཆང་བ་དང་། དེ་བཞིན་བོན་ལུགས་ཁ་ལ་འཆང་ནས་བོད་སིལ་བུར་གཏོང་བར་འདོད།  ལྷ་ལུང་ནི་ཆོས་ལུགས་ཁོ་ནས་ལ་རྒྱ་བཟུང་ནས་ང་ཚོ་བོད་མི་རིགས་སྤྱིའི་ཆོས་སྲིད་གཉིས་ལ་བསམ་བློ་མ་གཏོང་བར་ཆོས་ཁོ་ན་ལ་སྒེར་ཚུགས་བཟུང་བས་བོད་བཙན་པོ་གྲོངས་པས་ང་ཚོ་བོད་གངས་ཅན་པ་འདི་ཉིད་སིལ་བུར་གཏོང་བར་འདོད། དེ་ཕྱིར་མི་སྣ་དེ་གཉིས་ཀྱི་རྐྱེན་པས་ང་ཚོ་བོད་ཀྱི་ཆོས་དང་སྲིད་གཉིས་ཀ་ལ་གནོད་པ་གཏོང་ཡོད་པ་འདོད།
བཙན་པོ་གྲི་གུམ་དང་བཙན་པོ་ལྷ་སྲས་དར་མ་གཉིས་ནི་ང་ཚོའི་མི་རིགས་སྤྱི་ལ་བསམ་བློ་གཏོང་མཁན་གྱི་བཙན་པོ་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད། རྒྱུ་མཚན་ཁོང་གཉིས་ཀྱིས་ཆོས་དེ་ཆོས་བཞིན་དུ་སྤྱོད་པ་དང་། སྲིད་དེ་སྲིད་བཞིན་དུ་སྐྱོང་དགོས་པའི་ཀུན་སློང་བཟུང་བའི་སྒོ་ནས་ཆོས་སྲིད་སོ་སོར་འབྱེད་པར་འདོད། ཁོང་རྣམ་གཉིས་ཀྱིས་དེ་འདྲའི་བསམ་བློ་རླབས་པོ་ཆེ་ཞིག་བཟུང་བར་ཡིད་མ་རངས་པའི་བློན་པོ་དང་བཙུན་མོ་འབངས་མི་ཁག་གཅིག་ལ་ཕོག་གཏུགས་སོང་བར་བརྟེན་ནས་ཁོང་རྣམ་གཉིས་གྲོངས་དགོས་པའི་ཉེན་བརྡས་ལྐོགས་འབྲེལ་གནང་ནས་མཐར་ཁོང་གཉིས་ཀ་ཕམ་པ་བྱུང་བ་དང་།  དེ་ནས་བཙན་པོ་རྣམ་གཉིས་ལ་ཡིད་མ་རངས་པའི་ཆོས་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཁག་གཅིག་་གིས་ཁོང་རྣམ་གཉིས་བདུད་ཀྱིས་སྤྲུལ་བ་དང་། གླེན་པ་བྱོལ་སོང་ལྟ་བུའི་ངོས་འཛིན་བྱས་ཏེ་ལོ་རྒྱུས་ཉེན་ཅན་དུ་བཟོས་པ་རེད། ཁོང་རྣམ་གཉིས་ཀྱིས་བསྟན་པ་ལ་དག་ཐེར་ལྟ་བུ་ཞིག་བྱས་པ་ལས་དངོས་ལ་ནུབ་མེད་པར་སེམས།  གལ་ཏེ་ནུབ་འདོད་དངོས་བྱུང་ན་ཡང་། དེའི་རྒྱུ་མཚན་གཙོ་བོ་ནི་ཆོས་ལུགས་པའི་མིང་རྐྱང་ཙམ་འཆང་མཁན་ཁ་ཤས་ནས་ཆོས་སྲིད་གཉིས་ལ་གནོད་པའི་གྲྭ་བླ་མང་བོ་ཞིག་བྱུང་བས་རྐྱེན་དུ་འདོད་ལ། གང་ལ་ཟེར་ན་ཁོང་རྣམ་གཉིས་ཀྱིས་སྐུ་གཞོན་དུས་ལ་ཆོས་ལུགས་ལ་སློབ་སྦྱོང་དང་གུས་བཀུར་སོགས་བྱས་ཡོད་པ་དེ། དཔེར་ན་བཙན་པོ་གྲི་གུམ་སྐུ་གཞོན་དུས་ནས་བོན་གྱི་སྔགས་རྫོགས་ལ་སྒྲུབ་པ་ཉམས་ལེན་སོགས་གནང་མྱོང་བ་ལོ་རྒྱུས་རྣམས་སུ་གསལ་ཡོད་ལ། དེ་བཞིན་བཙན་པོ་ལྷ་སྲས་དར་མས་ཀྱང་བོན་བན་གཉིས་ཀྱི་གཞུང་ལ་སློབ་སྦྱོང་སོགས་གནང་བར་ལོ་རྒྱུས་སུ་གསལ་བ་རེད། དེའི་རྒྱུ་མཚན་གྱིས་ཁོང་མི་རྣམ་བཞི་བོ་ལ་བོད་མི་རིགས་སྤྱི་ལ་བསམ་བློ་གཏོང་མིན་དང་སྒེར་ཚུགས་ཀྱི་ཤུགས་དྲག་མིན་ལ་ལྟོས་ན་ཤེས་གསལ་ལྟར་འདོད།
༧ དོན་དངོས་ཀྱི་སྟེང་ནས་ཆོས་ལུགས་རིས་མེད་ལ་གུས་ཞབས་ཞུ་བ་དེ་རྒྱུ་མཚན་གང་ཞིག་ལ་ཐུག་འདུག
དྲི་བ་བདུན་པའི་ལན། དེ་ཡང་ཆོས་ལུགས་དང་གྲུབ་མཐའ་གང་དང་གང་གི་བར་ལ་ཡང་མཐུན་སྒྲིལ་དང་གུས་བཀུར་བྱེད་རྒྱུ་དེ་ཆེས་གལ་ཆེ་བ་ཞིག་ཡིན་པར་གནའ་དེང་གི་མཁས་དབང་རྣམ་པ་དག་གི་ཞལ་གསུང་དྲི་མེད་དེ་ཡིན་ལ།  དེང་གི་ཆ་ལ་མཚོན་ན་ཡང་འདྲ་མཉམ་དང་མཐུན་སྒྲིལ། བརྩི་བཀུར། མཛལ་བརྩེ་སོགས་ནི་འཛམ་གླིང་དུ་ཆེས་བྲིན་དང་བྲིན་བཞིན་པའི་མིའི་རིགས་ཀྱི་སེམས་ཁམས་ཤིག་རེད། སྤྱིར་བཏང་འཛམ་བུ་གླིང་ལ་མཚོན་ན་ཡང་ཆོས་ལུགས་མི་འདྲ་བ་སྟོང་ཕྲག་ལྷག་ཡོད་པ་ཡིན་ལ། ཆོས་ལུགས་དེ་དག་གིས་མི་རིགས་ལ་ཕན་པ་དང་འཚེ་བ་དང་བྲལ་བའི་ངང་ནས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་གནས་ལ་བསྙེགས་པ་བྱེད་པའི་ཐབས་སུ་གྱུར་བ་ཞིག་ཡིན་པས་ཆོས་ལུགས་ཚང་མ་འདྲ་མཉམ་རེད།  དེ་ལ་མ་འདུས་པའི་ཆོས་ལུགས་ཤིག་ཡོད་ཁག་པོ་རེད་འདུག་སྙམ།
ང་ཚོ་བོད་ལ་མཚོན་ན་ཡང་། གནའ་བོ་ཆོས་ལུགས་ཏེ། སྲིད་པའི་བོན་དང་། གཡུང་དྲུང་བོན། ཕྱིས་འབྱུང་རྙིང་མ་བ། ས་སྐྱ་བ། བཀའ་བརྒྱུད་པ། ཇོ་ནང་བ། དགེ་ལུགས་པ་བཅས་ཀྱི་གྲུབ་མཐའ་ལ་དད་མཁན་གྱི་མི་གྲངས་བརྒྱ་ཆ་དགུ་བཅུ་ལྷག་ཟིན་ཡོད་པ་དང་།
ཆོས་ལུགས་རིས་མེད་ལ་གུས་ཞབས་ཞུ་དགོས་པའི་རྒྱུ་མཚན་གནད་བསྡུས་ཤིག་ནི། ང་ཚོ་བོད་ལ་མཚོན་ན་ལོ་ངོ་སྟོང་ཕྲག་གཅིག་གི་སྔ་རོལ་ནས་བོན་བན་གཉིས་ཀྱི་བར་ལ་གུས་བཀུར་མ་བྱས་པ་ཕན་ཚུན་འཐབ་རྩོད་སོགས་ཀྱི་རྐྱེན་པས་ང་ཚོ་བོད་མི་རིགས་འདི་ཉིད་ཉམས་དམས་ཀྱི་དབུ་ཚུགས་པ་དང་། དེ་ནས་བན་དེ་ནང་ལ་རྙིང་མ་བ་དང་། ས་སྐྱ་བ་དང་། བཀའ་བརྒྱུད་པ་དང་། དགེ་ལུགས་སོགས་ཀྱི་བར་ལ་ཡང་འཐབ་འཁྲུགས་སྣ་ཚོགས་ཀྱིས་མཐར་ང་ཚོ་མི་རིགས་འདི་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཆགས་སོང་བ་སོགས་ལ་བལྟས་ན་ཡང་ང་ཚོ་ཆོས་ལུགས་བར་ལ་གུས་བཀུར་དང་བརྩི་འཇོག་བྱེད་དགོས་པ་ནི་གལ་ཆེ་ནང་ནས་གལ་ཆེ་བ་ཞིག་ཏུ་སེམས།  བོད་ཀྱི་གྲུབ་མཐའ་ཆེན་མོ་དྲུག་པོ་གང་ཡིན་ན་ཡང་། སྐྱབས་འགྲོ་སེམས་བསྐྱེད་དང་། གཞི་ལམ་འབྲས་གསུམ། སྤྱོད་པ་འཚེ་བ་མེད་པ། ལྟ་བ་རྟེན་འབྱུང་གི་འབྲེལ་བ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བའི་གོ་འཕང་སྒྲུབ་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་ལས་མ་འདས་པར་འདོད། དེ་ཕྱིར་ང་ཚོ་བོད་པ་ཚང་གིས་ཀྱང་གྲུབ་མཐའ་དང་གྲུབ་མཐའ་བར་ལ་མཐུན་སྒྲིལ་དང་གུས་བཀུར། བརྩི་འཇོག་སོགས་བྱེད་དགོས་པར་སེམས། དེ་མིན་ང་ཚོ་ད་དུང་ཡང་མུ་ནས་མུ་རུ་མཐུད་ནས་ཆོས་ལུགས་ཕན་ཚུན་ལ་བརྩི་བཀུར་སོགས་མ་བྱས་ན་ང་ཚོའི་མི་རིགས་འདི་ལོ་མང་བོ་མི་དགོས་པ་ཉམས་དམས་ནང་ནས་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ནས་ཆེ། དེ་ཕྱིར་ང་ཚོ་བོད་པ་ཚང་གི་སྐྱེ་བོ་ཐམས་ཅད་ཀྱི་སོ་སོའི་གྲུབ་མཐའ་དེ་གཙོ་བོར་བཟུང་ནས་གཞན་གྲུབ་མཐའ་ཚང་མ་ལ་བརྩི་འཇོག་བྱེད་དགོས་འདུག་ཅེས་རེ་བསྐུལ་ཀྱང་ཞུ་བ་ལགས།
ཞེས་དྲ་གྲོགས་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་དྲི་བར་ལན་དུ་ཕུལ་བ་འདི་ཉིད་ནི་རང་ཉིད་མི་སྒེར་གྱིས་བོན་ལ་བཟུང་བའི་ལྟ་བ་ཙམ་ཡིན་ལ། ལན་འདིས་གཡུང་དྲུང་བོན་གྱི་ལྟ་བ་སོགས་གང་ཡང་མཚོན་ཐུབ་པའི་ངེས་པ་མེད། དེ་ཕྱིར་འདིར་བཀོད་པའི་ནང་དོན་ལས་གཡུང་དྲུང་བོན་དང་མ་མཐུན་པའི་ཕྱོགས་ཆ་གང་དང་གང་མཆིས་པ་དེ་དག་ཡུལ་མཆོག་དམ་པ་དག་གི་སྤྱན་སྔར་བཤགས་པ་དང་དགེ་བའི་ཆ་གང་མཆིས་བོད་ཀྱི་རིག་གནས་ཕྱོགས་མཐའ་ཀུན་ཏུ་རྒྱས་པར་སྨོན། ཞེས་རིན་སྤུངས་ཚུལ་བསྟན་ནམ་པཎ་ཙ་ཚུལ་ཁྲིམས་བསྟན་འཛིན་གྱིས་༢༠༡༡ལོའི་ཟླ་༡༡ཚེས་༢༤ཉིན་ལ་སུག་བྲིས་བྱས་པའོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།