རྒྱུན་ཤེས་ལམ་གྱི་སྒྲོན་མེ།

   དུས་རྒྱུན་ང་ཚོའི་འཚོ་བའི་ཁྲོད་ཡོངས་ཁྱབ་ཀྱིས་བཀོལ་བཞིན་པའི་སྐད་ཆ་ཞིག་སྟེ། བཀའ་དྲིན་ཆེ་དང་སྐུ་དྲིན་ཆེ། ཐུགས་རྗེ་ཆེ་བཅས་གསུམ་པོ་ནང་དོན་གཅིག་པ་ཡིན་ནམ། ཡང་ན་འདི་གསུམ་པོ་ཕན་ཚུན་བར་ཁྱད་པར་ཡོད་དམ།  གྲོགས་པོ་སུ་ཞིག་གིས་གནད་དོན་འདིར་འདིང་བརྒྱབ་མྱོང་།ང་ལ་རིག་གཞུང་གི་རྒྱབ་རྟེན་མེད་མོད།རང་ཉིད་ཀྱི་བསམ་ཚུལ་ལྟར་ན།      འདི་གསུམ་པོ་ཕན་ཚུན་བར་ཁྱད་པར་ཅུང་ཟད་ཅིག་ཡོད་པར་འདོད་དེ།
   སྤྱིར་ཁྱབ་ཆེ་ས་ནས་གོང་གི་ཚིག་གསུམ་པོ་གཞན་གྱི་དྲིན་ལ་དྲིན་གཟོའི་ཚིག་འབུལ་བའི་རྣམ་པ་ཙམ་རེད།ཡིན་ནའང་དོན་གྱི་ཁྱབ་ཁོངས་ཐད་ནས་ཁྱད་པར་ཡོད་པ་ལ།དེང་གི་ཆར་བོད་པ་ཚང་མས་གཞན་གྱི་དྲིན་གཟོར་ཚིག་འཇོག་དུས་གང་བདེ་དང་གང་བྱུང་དུ་ཁྱད་མེད་པར་བརྗོད་ཀྱིན་ཡོད་པ་མ་ཟད།དེ་འདྲ་ཅིག་བཤད་ཟིན་ནའང་དྲིན་དབུལ་བྱའི་ཡུལ་ལམ་མི་སྣས་ཀྱང་ཐུགས་མཉམ་མ་བཞག་པར་དགའ་དགའ་འཛུམ་འཛུམ་གྱིས་དང་ལེན་བྱེད་ཀྱིན་པའི་སྣང་ཚུལ་རྟག་ཏུ་མཐོང་གིན་འདུག
  སྐུ་དྲིན་ཆེ་ལྟ་བུར་མཚོན་ན་གཞན་གྱི་སྐུ་དངོས་ནས་རང་ལ་རོགས་རམ་དང་ནུས་པ་སོགས་གང་ཡོད་བཏོན་པའི་ཚེ་ན།རང་གིས་ཀྱང་དེ་ལ་ཁྱོད་ངོ་མ་བདག་ལ་སྐུ་དྲིན་ཆེ།ཞེས་དཔེར་ན། མི་ཞིག་སྟེགས་བུར་འཛེགས་ཐུབ་ཀྱི་མེད་པའི་སྐབས་སུ་གཞན་ག་གེ་མོ་ཞིག་གིས་དེའི་ལག་པར་འཇུས་ཏེ་ཡར་འཐེན་པ་ལྟ་བུ་བྱུང་ན་ད་གཟོད་ཚིག་འདི་ལྟ་བུ་བཀོལ་ན་འཚམ་པོར་འདུག་ཡང་བཀའ་དྲིན་ཆེ་ལྟ་བུར་མཚོན་ན་དེ་ལྟ་བུ་ཞིག་མ་ཡིན་པར་དཔེར་ན་གཞན་པ་སྟེ་རང་ལས་མཐོ་བའམ་རང་དང་མཉམ་པའི་གྲོགས་པོ་དང་དགེ་རྒན།  དེ་མིན་ཕ་མ་སོགས་ཀྱིས་རང་ལ་ཚིག་གི་ལམ་ནས་བྱ་བ་སྒྲུབ་སྟངས་དང་བྱ་སྤྱོད་སོགས་ལ་ཐེ་གཏོགས་བྱས་ཏེ་གྲོགས་སྐུལ་དང་བཀའ་སྐུལ་གྲོས་སྐུལ་སོགས་ཀྱི་ལམ་ནས་མཛུབ་སྟོན་གནངས་པ་ཡིན་ན།དེ་ལ་རྗེས་སུ་ཨོ་ད་ཁྱོད་ངོ་མ་བཀའ་དྲིན་ཆེ།གལ་ཏེ་ཁྱོས་ང་ལ་མི་བཤད་ཀྱི་ན་ད་ང་ཚར་སོང་།ཡང་ན་ཁྱོས་གཏམ་དྲང་མོས་མཛུབ་སྟོན་མི་བྱེད་ཀྱི་ན་ངའི་དོན་འདི་འགྲུབ་དཀའ་བས་ངོ་མ་བརྗེད་མི་སྲིད་ཅེས་སོགས་སྐབས་འདིར་བཀའ་དྲིན་ཆེ་ཞེས་བཤད་ན་ཧ་ཅང་འགྲིག་པར་བསམས། དེ་ལྟར་ཐུགས་རྗེ་ཆེ་ལྟ་བུར་མཚོན་ན་ཡང་གོང་མ་གཉིས་ དང་མི་འདྲ་བར།དཔེར་ན་རང་གིས་བྱ་བ་ཆེ་ཆུང་ཅི་རིགས་ཤིག་སྒྲུབ་སྐབས་གཞན་པ་སྟེ་ཕ་མ་དང་གྲོགས་པོ་ཡང་ན་དགེ་རྒན་སོགས་ཀྱིས་སེམས་ངོ་ནས་གན་གི་བྱ་བ་འགྲུབ་འགྲོ་རྒྱུ་ན་ལྟ་བུ་དང་།གན་གི་རྒྱུགས་འཕྲོད་འགྲོ་རྒྱུ་ན་ལ་སོགས་རྒྱལ་བར་འདོད་པའི་ཀུན་སློང་རྣམ་དག་དེ་ནམ་ཞིག་རང་གིས་ཤེས་ཚེ།ད་གཟོད་གཞན་དེ་ལ་ཁྱོས་ང་ལ་སེམས་ཁུར་བྱས་ནོ་ངོ་མ་ཐུགས་རྗེ་ཆེ།ཁྱོད་ཀྱིས་དུས་ཐོག་ཏུ་ང་ལ་སྨོན་ལམ་ཡག་པོ་བཏབ་པས་དེ་རིང་གི་འབྲས་བུ་འདི་སྨིན་པ་ཡིན་ཞེས་སྨོས་ཚེ་གནས་སྐབས་ཀྱི་བརྒྱུད་རིམ་དེར་ཐུགས་རྗེ་ཆེ་ཞེས་ཞུས་ན་ཚིག་དེ་འཕྲོད་འདུག་སྙམ་མོ།།
    དེ་བས་བྱ་བའི་འབྱུང་རྐྱེན་དང་གོ་རིམ་སོགས་ལ་ཡིད་གཟབ་བྱས་ཏེ།གང་ལ་གང་འཚམ་དང་དེ་ལ་དེ་བསྟུན་གྱིས་གོང་གི་ཚིག་གསུམ་པོ་བཀོད་སྤྱོད་བྱ་དགོས་པར་འདོད།མདོར་ན།ད་ཐེངས་ཀྱི་དྲིན་འདི་བཀའི་ཆ་ན་ཡོད་དམ།སྐུའི་ཆ་ན་ཡོད།ཡང་ན་ཐུགས་ཀྱི་ཆ་ན་ཡོད་པ་སོགས་ལ་ཞིབ་ཏུ་བསམས་ཏེ་ཚིག་གང་འོས་འཇོག་རྒྱུ་ནི་གལ་ཆེ་བ་རེད།དེ་ལས་ལྡོག་ཏེ་མི་ལ་ལས་རིགས་ལམ་གྱི་ངོས་ཐད་ནས།བཀའ་དྲིན་ཆེ་བ་ཡིན་ནའང་འདྲ།ཐུགས་རྗེ་ཆེ་ཡིན་ནའང་འདྲ།སྐུ་དྲིན་ཆེ་ཡིན་ནའང་འདྲ།གང་ལྟར་ཚང་མ་བསམ་པ་བཟང་བོས་ཕ་རོལ་ལ་ཕན་བཏགས་པ་ཡིན་གྱི་ཚང་མའི་དོན་ལ་ཁྱད་པར་མེད་ལ་གང་བདེར་བརྗོད་ནའང་འགལ་མེད་དུ་རྟོགས་པ་ཡོད་སྲིད་མོད།   ཁོ་བོས་གོང་སྨོས་བཞིན་བཀོལ་སྤྱོད་བྱེད་སྟངས་ཀྱི་ངོས་ནས་ཅུང་ཟད་བྲིས་པ་དེ་ཙམ་མོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུན་ཤེས་ལམ་གྱི་སྒྲོན་མེ།

2011-12-15 སྙན་བཟང་བྱམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།