དྲ་འབུ་ཞེས་པའི་མིང་དེ་གླེང་བ།

  དྲ་བ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དེ་དང་འབྲེལ་བའི་མིང་བརྡ་ཐ་སྙད་ཀྱང་གསར་བ་མང་པོ་ཐོན་ཀྱིན་འདུག སྔོན་ཆད་ཅིག་ལ bolg ཐོག་མར་དར་དུས་དྲ་བའི་ངོས་སུ་ཟིན་བྲིས་སུ་འབོད་དམ་པོད་ཁུག་དུ་འབོད་པའི་རྩོད་པ་ཞིག་ཐོན་ཞིང་།མཐར་སུས་ཀྱང་སུ་ལ་བདེན་ཁ་མ་སྦྱིན་པར་མཇུག་བསྡུས་སོང་། འོན་ཀྱང་དེང་གི་དུས་འདིར微博ཟེར་བ་དེ་དར་དུས་མི་མང་པོ་ཞིག་གིས་ཁ་རོག་གེར་དེ་ལ་པོད་ཕྲན་ཟེར་བ་ལས་ཟིན་བྲིས་ཆུང་ངུ་ཞེས་འབོད་མཁན་བྱུང་བ་མཐོང་མ་མྱོང་།
   འདི་ལྟ་བུའི་རྒྱུན་བཀོལ་གྱི་དྲ་བའི་བརྡ་ཆད་རྒྱུགས་ཆེ་བ་དག་ལ་ང་ཚོ་རང་གིས་མིང་འོས་འཚམ་རེ་ཡོད་འོས་པ་ནི་གལ་ཆེན་པོ་རེད། དཔེར་ན། 网虫ལྟ་བུར་མཚོན་ན་མི་མང་པོས་རྒྱ་ཡིག་ཐད་ཀར་བསྒྱུར་ནས་དྲ་འབུ་ཞེས་པའི་མིང་ཞིག་བཏགས་ཡོད་མོད། རྒྱ་ཡིག་ལྟར་ནལ་འབུ་ཙམ་མ་ཟད་བྱ་དངོས་ག་གེ་མོར་ལྷག་དུ་དུངས་བ་དང་།དེའི་བྱིངས་སུ་ཞུགས་ཡོད་པའི་དོན་ཀྱང་སྟོན་པས་ན་དེ་ལ་དམིགས་བསལ་གྱི་དོན་སྟོན་རྒྱུ་ཡོད་པ་དཔེར་ན་དཔེ་ཆར་དགའ་མཁན་ལ书虫ཟེར་བ་དང་། མི་སྒྱིད་ལུག་ལ懒虫ཟེར་བ་སོགས་ཡོད། འོན་ཀྱང་འུ་ཅག་བོད་ལ་མཚོན་ན་འབུ་ཞེས་པར་འདི་འདྲ་བའི་དོན་ཡོད་པ་ནི་སྔར་མ་མཐོང་། དེའི་ཕྱིར་ང་ཚོས་འདི་ལ་དྲ་འབུ་ཞེས་བོས་ན་ཅི་ཡང་གོ་རྒྱུ་མེད་པར་སྣང་། འོན་ཀྱང་དབྱིན་ཡིག་དུ་དྲ་བའི་བྱིངས་སུ་ཞུགས་ནས་ཐོན་པར་དཀའ་བའི་མི་ལcyberheadཟེར་ལcyberནི་དྲ་བ་དངheadནི་མགོ་ཡིན་པས། དྲ་བའི་མགོ་ཅན་ཟེར་བ་རེད། འདི་ཡང་བོད་ཀྱི་ལུགས་སུ་མཐུན་པར་བསྒྱུར་ན། ཀླད་པར་དྲ་བ་མ་གཏོགས་གཞན་མི་འཆར་བས་དྲ་ཀླད་དུ་བཏགས་ན། གོང་གི་དྲ་འབུ་ཞེས་པ་ལས་འོས་ཤིང་འཚམ་སྙམ། cyberheadནི་ཨ་རི་བས་བཀོལ་བ་མང་ཞིང་།ཁ་སྐད་ཀྱི་ཤན་ཆེ་བའི་བརྡ་ཆད་གསར་བ་ཞིག་ཡིན་པསwordརུ་གཏག་ན་གཤམ་དུ་ཡིག་ནོར་ཡིན་པའི་ཐིག་དམར་པོ་འཆར་ལ་ཚིག་མཛོད་སོགས་སུ་ཡོད་པའི་ངེས་པ་མ་མཆིས་མོད། འདི་ནི་ཅུང་ཟད་རྒྱུགས་ཆེ་ཞིང་། དབྱིན་སྐད་གཤའ་མ་ཡིན་པས། དབྱིན་ཇི་སློབ་གཉེར་བ་དག་གིས་ཀྱང网虫ཐད་ཀར་དབྱིན་ཇིར་བསྒྱུར་ནསnet bugཞེས་བརྗོད་པ་ལསcyberheadཞེས་བཀོལ་ན་བཟང་སྙམ། རྒྱུ་མཚན་ནིnet bugནི་གློག་ཀླད་ཀྱི་ནད་དུག་དུ་ནོར་ཉེན་ཆེ་བས་གཟབ་པར་འཚལ།
   དེ་མིན་དྲ་ཀླད་ལ་དབྱིན་ཡིག་དུ་ཅུང་རྙིང་ལ་ཚིག་མཛོད་སོགས་སུ་ཡོད་པའི་བརྡ་ཆད་མེད་པ་མ་ཡིན་མོད། འདིར་དྲ་ཀླད་ཅེས་པའི་བརྡ་ཆད་འདིར་ཕན་ཐོགས་ཆེར་ཡོད་པ་མ་མཐོང་བས་མ་བཀོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་འབུ་ཞེས་པའི་མིང་དེ་གླེང་བ།

2011-06-02 གཡག་རྒན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།