ཀུ་ཤུ་རྟགས་ཀྱི་འགྱུར་རིམ།

 མིག་སྔར་གླིང་བདུན་གླིང་ཕྲན་དང་བཅས་ན་མི་འབོར་གྲངས་ཀྱིས་མི་ལོངས་པས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་སོགས་ཐོན་རྫས་འདྲ་མིན་བེད་སྤྱོད་གཏོང་གིན་ཡོད་ཀྱང་། ཐོན་དངོས་དེ་དག་གི་རྒྱབ་ལོགས་ན་སུ་དང་སུས་ལོ་ཟླ་ཅི་ཙམ་རིང་རྔུལ་ནག་ག་ཚོད་ཕྱུང་ཡོད་མེད་བློ་ངོར་ཤར་མཁན་དཀོན་སེ་བ་ཡིན་ཚོད་རེད། ཀུ་ཤུའི་མཚོན་རྟགས་ཀྱི་འགྱུར་རིམ་གཅིག་པུའི་ཐོག་ནས་བལྟས་རུང་ཁོང་ཚོའི་ཧང་སངས་དགོས་པའི་གྲུབ་འབྲས་དེ་གནམ་ནས་བབས་པའམ་ས་ལས་སྐྱེས་པ་ལྟ་བུ་མིན་པ་གོ་སླ་བར་གདའ། དེ་ཡང་བཟོ་ཚོང་ཁང་འདི་1976 ལོར་གསར་དུ་སྒོ་ཕྱེ་ནས་བཟུང་ཉེ་ཆར་བར་ལོ་ངོ་སུམ་ཅུ་ལྷག་གི་རིང་བཟོ་ཚོང་ཁང་དེའི་མཚོན་རྟགས་བརྗེ་བོ་ཇི་ལྟར་བརྒྱབས་པ་དེ་མཐོང་ཚེ་བཤད་མི་ཤེས་པའི་མཚར་སྣང་ཞིག་ངང་གིས་སྐྱེ།  གློག་ཀླད་རིགས་ཀྱི་བཟོ་ཚོང་ཁང་དེའི་མཚོན་རྟགས་ཐོག་མ་དེ་ནི་རོན་ཝཱ་ཡེ་ནེས་Ron Wayne. བཟོ་ཚོང་ཁང་དེའི་ཆེད་གསར་བཟོ་བྱས་ཤིང་། 1976ལོར་ཁོས་རྗོབ་སི་Jobs.དང་ཝོ་ཟུ་Woz. ལ་མཉམ་འབྲེལ་བྱས་པར་མ་ཟད་དེའི་ལོ་རྗེས་མ་སྟེ། 1977ལོར་ཝཱ་ཡེ་ནེ་ཁོ་རང་གི་ཐོབ་ཆའང་རྗོབ་སི་དང་ཝོ་ཟུ་གཉིས་ལ་རྦད་དེ་བཙོང་། མཚོན་རྟགས་དང་པོ་དེའི་ནང་དབྱིན་ཇི་བ་རང་བྱུང་མཚན་ཉིད་རིག་པ་དང་། སྐར་རྩིས་རིག་པ། དཔལ་འབྱོར་རིག་པ་སོགས་ཀྱི་མཁས་དབང་སྐུ་ཞབས་ཨེ་སིཀ་ནེའུ་ཋོན་Issac Newton. ཀུ་ཤུ་རྡོག་མ་གཅིག་ཁུར་གྱིས་དུད་པའི་སྡོང་པོ་ཞིག་ལ་ཁེན་ནས་དཔེ་ཆར་བལྟས་པའི་གཟུགས་རིས་བྲིས་པ་དང་། མཐའི་ལྕགས་རིར་སྐུ་ཞབས་ཝི་ལམ་ཝོར་ཌི་སི་ཝོར་ཐའི་William Wordsworth.སྙན་ཚིག་དུམ་ཚན་ཞིག་ཀྱང་བཀོད་ཡོད་ལ། དེ་ཉིད་མི་ལོ་ཉེར་གཅིག་རིང་བཟོ་ཚོང་ཁང་དེའི་མཚོན་རྟགས་སུ་བཀོལ་སྤྱོད་བྱས་འདུག  1997ལོར་སི་ཋི་ཧྥུ་རྗོབ་སི་Steve Jobs.ཀུ་ཤུའི་བཟོ་ཚོང་ཁང་ལ་ཡང་བསྐྱར་ལོག་དུས་བཟོ་ཚོང་ཁང་དེ་ཉམས་རྒུད་ཐེབས་པའི་སྐབས་སུ་ཁེལ། གལ་སྲིད་དེ་ལ་གསོན་ཤུགས་རྒྱས་དགོས་ན་སླར་གསོའི་ལས་གཞི་རྣམ་གྲངས་མང་པོ་ཡོད་པ་སྨོས་མེད་ཁྲོད། མཚོན་རྟགས་རྙིང་པ་དེ་ནི་རྙོག་འཛིང་ཅན་ཞིག་ཡིན་པའི་ཚོད་ཀྱི་བརྗིད་ཉམས་མེད་སྣང་ཤར་བས། བརྗེ་སྒྱུར་གྱི་བདག་དབང་ཡང་ཁོང་ཚོར་ཡོད་སྟབས་བསྐྱར་བཟོ་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས།  རྗོབ་སི་ཡིས་རཱེ་རྒྱི་སི་མཱེ་ཁེན་ནཱའི་Regis Mckenna. དྲིལ་བསྒྲགས་བྱེད་སྒོ་ལས་བཟོའི་ཚོང་ཁང་ནས་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་བཏང་ཞིང་མཚོན་རྟགས་འགྱུར་ལྡོག་གི་ཚོད་ལྟ་ཐེངས་མང་བྱས་མཐར། འཇའ་ཚོན་ཅན་གྱི་ཀུ་ཤུ་རྟགས་ཅན་དེ་བཟོ་ཚོང་ཁང་དེའི་རྟགས་སུ་གཏན་ལ་ཕབ། ཡིན་ནའང་ཚོན་ཁྲ་ཅན་གྱི་ཀུ་ཤུའི་རྟགས་དེ་ཐོན་རྫས་རེ་འགར་རན་པོ་མེད་སྟབས་ཉེ་བའི་དུས་སླར་ཡང་དེང་དུས་དར་སོ་ཆེ་བའི་དངུལ་མདོག་OS X དེའི་Aཅན་དུ་གསར་བསྒྱུར་བྱས། འདི་ལོ་རྒྱུས་ནང་ས་ལྒང་རིལ་བོའི་ཚོང་རྟགས་རྩེ་གྲལ་ལ་བསྙེགས་ཤིང་འཛམ་གླིང་ན་མཚོན་རྟགས་དཔེ་གསར་ཅན་གྲགས་ཆེ་ཤོས་སུ་གྱུར། དོ་ཞག་མི་རྣམས་ཀུ་ཤུ་ཞེས་པའི་སྒྲ་ཐོས་པ་ཙམ་གྱིས་རྟགས་འདི་ངམ་ངམ་ཤུགས་ཀྱིས་དྲན་ཡོང་བའི་ཚད་དུ་སླེབས་ཡོད། དེ་དང་མཉམ་དུ་དེའི་མཚོན་དོན་ཐད་དོ་སྣང་གིས་དོགས་སློང་སྣ་ཚོགས་བྱུང་རྐྱེན་ནི། མཚོན་རྟགས་ཐོག་མ་དེའི་ནང་སྐུ་ཞབས་ཨེ་སིཀ་ནེའུ་ཋོན་Issac Newton གྱི་རྒྱབ་ལོགས་ཀུ་སྡོང་དེའི་སྟེང་ན་ཀུ་ཤུ་རྐང་གཅིག་ཁོའི་མགོ་ཐད་དུ་འཕྱང་བ་དང་། ལྕགས་རིའི་ནང་བཀོད་པའི་སྙན་ཚིག་དུམ་བུ་དག་གི་བསྟན་དོན་གསལ་ཁ་མེད་པ་དང་གཅིག མཚོན་རྟགས་གསར་བ་ལས་ཀུ་ཤུ་ལ་སོ་ཁམ་གཅིག་ཐེབས་ཡོད་པ་དེ་སིལ་ཏོག་cherry  ལ་མི་འཁྲུལ་བའི་ཆེད་ཡིན་ཟེར་བ་ཙམ་ལས་ཚིག་ཐག་ཆོད་པོ་མེད་པ་དང་གཉིས། ད་དུང་མཚོན་རྟགས་དེར་རྟོགས་དཀའ་བའི་མཚོན་དོན་ངེས་ཅན་ཡོད་པའི་བཤད་སྒྲོས་མང་ཡང་། ཕངས་པ་ཞིག་ལ་གློག་རྡུལ་རིག་པའི་ཐད་བྱས་རྗེས་ཧ་ཅང་ཆེ་བའི་རྗོབ་སི་ནི་2011 ལོར་ཚེའི་དུས་བྱས་པས་དོ་བདག་དངོས་ལ་འདྲི་ས་མེད། གང་ལྟར་ཁོ་བོ་མཚོན་རྟགས་དེ་དག་གི་ལྐོག་ཏུ་སྦས་པའི་གསང་བ་ངོ་མ་ཅི་ཡིན་ཤེས་འདོད་ཆེ་ཞིང་རྒྱུས་ཡོད་ཅིག་གི་གསེད་བཀྲོལ་ལ་རེ་སྒུག་བྱའོ། །
                             ༼ཐེ་བོ་སངས་རྒྱས་ཀྱིས་བསྒྱུར༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།