ཕྲད་འདུས་མ།

༡ད་ནི་ཞེས་བའི་སྒྲ་ནི།ཕྲད་གཉིས་འདུས་ཡིན་ཏེ།ད་ཞེས་དུས་ད་ལྟ་བ་ལ་འཇུག་ལ།ནི་ཞེས་བ་ནི་དམིགས་སུ་འཛིན་པ་སྟེ།དམིགས་ཀྱི་བཀར་ནས་དངོས་འཛིན་པའོ།
༢འོ་ནི་ཞེས་བའི་སྒྲ་ནི་དོན་གྱི་ཕྱོགས་གཅིག་ཁོང་དུ་ཆུད་པ་ལས།ཕྱོགས་གཞན་ཞིག་འདྲི་བར་བྱེད་པའི་ཚིག་ཕྲད་ཡིན་ཏེ།འོ་ཞེས་བ་ནི་དོན་སྔ་མ་ཁོང་དུ་ཆུད་པའི་ཕྲད་དང་།ན་ཞེས་བ་ནི་དམིགས་ཀྱིས་འབྱེད་པའི་ཕྲད་ཡིན་པས།དོན་གཞན་ཞིག་གཞུང་བཙུགས་ཏེ་འདྲི་བར་བྱེད་པའི་ཚིག་གི་ཕྲད་ཡིན།
༣འོན་ཏེ།ཞེས་བའི་སྒྲ་ནི་འོ་ན་ཞེས་བའི་དོན་དང་འདྲ་བར་སྟོན་པ་ཡིན་ཏེ།འོ་ན་ཞེས་བའི་ཚིག་བསྡུས་བ་ཡིན་ལ།ཏེ་ཞེས་བ་ནི་ལྷག་མ་འདྲེན་པའི་ལྷག་བཅས་ཀྱི་སྒྲ་འོ།
༤གལ་ཏེ།ཞེས་བའི་སྒྲ་ནི།ག་ལ་སྟེ་ཞེས་བ་བསྡུས་བའི་ཕྲད་ཡིན་པར་གསུངས།གལ་ཞེས་སྤྱི་ལ་འཇུག་པ་ལས་དམིགས་མ་བཟུང་ལ།ཏེནནི་ལྷག་མ་འདྲེན་པའི་ལྷག་བཅས་ཀྱི་སྒྲའོ།
༥གལ་ཏེ་ན་ཞེས་བའི་སྒྲ་ནི།གལ་ཏེ་དང་དེའི་ཏེ་སྒྲས་དྲངས་བའི་དམིགས་ཀྱི་འབྱེད་པའི་ན་ཡིག་དང་བཅས་བ་བསྡུས་བ་ཡིན།
༦ དེ་ལྟ་ནི་ཞེས་བའི་སྒྲ་ནི།དེ་ལྟར་ཡིན་ན་ཞེས་བའི་སྒྲ་བསྡུས་བ་ཡིན།
༧ཇི་སྟེ་ནི་ཇི་འདྲ་བ་ཡིན་པར་བལྟ་བར་བྱ་ཞེས་བ་བསྡུས་བ་ཡིན།
༨ཇི་སྟེ་ན་ཞེས་བའི་སྒྲ་ནི་ཇི་སྟེ་དང་ཡིན་ན་ནི་ལྟ་བུའི་དམིགས་ཀྱིས་འབྱེད་ན་ཡིག་བསྡུས་བ་ཡིན།
༩  ཅི་སྟེ་ཞེས་བའི་སྒྲ་ནི་དོན་ཅི་ཞིག་ཡིན་པར་བལྟ་བར་བྱ་སྟེ་ཞེས་བ་བསྡུས་བ།
༡༠ ཅི་སྟེ་ན་ཞེས་བའི་སྒྲ་ནི་ཅི་སྟེ་དང་དམིགས་ཀྱིས་འབྱེད་པའི་ན་ཡིག་བསྡུས་བ།
༡༡ཇི་ལྟར་ཞེས་བའི་སྒྲ་ནི་ཇི་འདྲ་བ་ཞིག་ཡིན་ཞེ་ན་ཞེས་བ་བསྡུས་བའི་སྒྲ།
༡༢ཇི་ལྟར་ན་ཞེས་བའི་སྒྲ་ནི་ཇི་འདྲ་བ་ཞིག་ཡིན་ཞེ་ན་ཞེས་བ་བསྡུས་བའི་སྒྲ།
༡༣་ཅི་ཞིག་ཅེས་བའི་སྒྲ་ནི།ཅི་ནི་སྤྱི་སྒྲ་དང་ཞིག་ཅེས་བ་ནི་བྱེ་བྲག་དམིགས་སུ་འཛིན་པའི་སྒྲ་ཡིན་པས།ཅི་ཞེས་སྤྱིར་སྨྲོས་ནས་ཞིག་ཅེས་སྤྱིའི་ནང་ནས་བྱེ་བྲག་ཅིག་བསལ་དགོས་བའི་དོན།
༡༤ཅི་ཞིག་ན་ཞེས་བའི་སྒྲ་ནི།ཅི་ཞིག་ཅེས་བ་དང་།དམིགས་ཀྱི་འབྱེད་པའི་ན་ཡིག་གཅིག་ཏུ་བསྡུས་བ།
༡༥ཇི་ལྟ་ཞེས་བ་ཇི་ལྟར་ཞེས་བའི་སྒྲ་དང་དོན་འདྲ་ལ།སྤྱིར་ལྟར་སྒྲའི་མཐའ་རྟེན་ར་སྒྲ་དེ།ལྟ་བུ་རུ་ཞེས་བའི་རུ་བསྡུས་བའི་ར་ཡིག་ཡིན་ཏེ།ཇི་ལྟ་བུ་རུ་འགྱུར།ཇི་ལྟ་བུ་རུ་ཡོད།ཅེས་བ་བསྡུས་ཚེ་ཇི་ལྟར་འགྱུར།ཇི་ལྟར་ཡོད།
༡༦དེ་ལྟ་ཞེས་བའི་སྒྲ།དེ་སྒྲ་ནི་ཐ་སྙད་འདས་བ་ལ་འཇུག་པ་དང་།ལྟ་སྒྲ་ནི་ལྟ་བུ་དང་བཞིན་སྒྲའི་དོན་དང་འདྲ།
༡༧དེ་ལྟར་གྱི་སྒྲ་ནི་དེ་ལྟུ་རུ་ཞེས་པ་བ སྡུས་པ་ཡིན།
༡༨འདི་ལྟ་སྟེ་ཞེས་པའི་སྒྲ་ནི་འདི་ལྟར་བཤད་པར་བྱ་སྟེ་ཞེས་བསྡུས་པའི་ཚིག
༡༩རང་རེ།རང་ཅགཨེ་ཅགཨེ་ཚོ།འོ་སྐོལ་རྣམས་ནི་རང་ཁོངས་བརྗོད་པའི་ཕྲད་ཡིན།
༢༠ང་ཚོ།ངེད་ཅགང་རང་ཚོ།ངེད་ཚོ་རྣམས་ནི་རང་ཁོངས་སུ་གཏོགས་དགོས་པའི་ངེས་པ་མེད་པའི་རང་ཁོངས་བརྗོད་པའི་ཕྲད་ཡིན།
༢༡ཕྲད་འདུས་མ།
ཕྲད་གཉིས་འདུས།གང་དགསླར་ཡང་།ཅི་ཞིག
ཕྲད་སུམ་འདུས།གང་སུ་དགདེ་ཙམ་དུ།ཅི་ལ་ཡང་།
ཕྲད་བཞི་འདུས།ཅི་སྙེད་སུ་དགགང་སླད་ཅེ་ན།དེ་ལྟ་ན་ཡང་།
ཕྲད་ལྔ་འདུས།གང་ཞིག་སུ་དག་ལ།དེ་དང་དེ་རྣམས་ནི།
ཕྲད་དྲུག་འདུས།སུ་ཞིག་དེ་བཞིན་སྙམ་ན།གང་ཞིག་དེ་བཞིན་གནས་ན།
ཕྲད་བདུན་འདུས།གང་དང་གང་ལ་གང་དང་ནི།དེ་དང་དེ་ལ་དེར་སྣང་ངོ་།
༢༢ཁོ་ནའི་སྒྲ་ཡི་འཇུག་ཚུལ།
༡གཞན་དང་མི་ལྡན་པར་ངེས་པ།མི་འདི་ནི་ཡོན་ཏན་ཁོ་ན་དང་ལྡན་ནོ།
༢གཞན་ལ་མི་ལྡན་པར་ངེས་པ།སྲིད་སྒྲུབ་ཁོ་ན་འཕོང་སྐྱེན།
༣གཞན་མི་ལྡན་པར་མ་ངེས་པ།མི་འདི་ནི་རྩིས་ལ་མཁས་པ་ཁོ་ན།
༤གཞན་མི་ལྡན་པར་ངེས་པ།མི་འདི་ནི་རྩིས་ཁོ་ན་ལ་མཁས་པ།
༥བདེན་པའི་དོན་ལ་འཇུག་པ།དེ་ཁོ་ན་ཉིད།
༦མཐའ་གཅིག་ཏུ་ངེས་པར་བཟུང་བ།བདེན་པར་སྨྲ་བ་ནི་མི་འདི་ཁོ་ན་ཡིན།
ཉིད་སྒྲ་ནི་དེ་ཉིད་རྟོགས་པའི་བློ་ཞེས་པའི་ཉིད་ནི།དེ་ཁོ་ན་ཉིད་ཅེས་པ་ཚིག་བསྡུས་པ།
༢༣ཙམ་སྒྲ་འཇུག་ཚུལ།
༡ཚད་འཛིན་པའི་མིང་།ལྔ་ཙམ།དེ་ཙམ་གྱིས་ཆོག
༢སྨད་པའི་ཕྲད།ཡི་གེ་ཤེས་ཙམ་རེད།
༣མ་རངས་བའི་དོན།དེ་ཙམ་ཡིན།
༢༤ཚུལ་གྱི་སྒྲ་ལ་འཇུག་ཚུལ།
༡བདེན་པའི་དོན།དོན་དམ་པའི་ཚུལ་ལུགས།
༢ལེགས་པའི་དོན།འགྲིག་ལམ་ཚུལ་བཞིན་དུ་སྲུང།
༣བརྟུལ་ཞུགས་ཀྱི་དོན།དགེ་སྦྱོང་གི་ཚུལ་་འཆང་བ།
༤འདོད་ལུགས།གྲུབ་མཐའི་འདོད་ཚུལ།
༥ངོ་བོའམ་རང་བཞིན།རྒྱུ་དང་འབྲེལ་བའི་ངང་ཚུལ།
༦སྡོམ་པ་ལ་འཇུག་པ།ཚུལ་ལྡན།
༧སྨད་པ།དགེ་སློང་ཡིན་པའི་ཚུལ་རེད།
༨སྒྲུབ་ལུགས།སྒྲ་མི་རྟག་པར་སྒྲུབ་ཚུལ།
༩ཐབས་ལུགས།ཐབས་ཚུལ།
༢༥སླད་སྒྲ་འཇུག་ཚུལ།
༡དགོས་དོན་ལ་འཇུག་ཚུལ།ཆེད་དུ།ཕྱིར་དུ།
༢མ་འོངས་པ་འཇུག་པ།སླད་མར།
༢༦ཤོག་སྒྲ་འཇུག་ཚུལ།
༡སྨོན་པའི་དོན།སྐུ་ཚེ་རྒྱལ་མཚན་བརྟན་པར་ཤོག
༢སྐུལ་ཚིགཚུར་ཤོག
༢༧ཕྱིར་སྒྲ་འཇུག་ཚུལ།
༡རྒྱུ་མཚན་འདྲི་བ།སྒྲ་ཅིའི་ཕྱིར་མི་རྟག
༢རྒྱུ་མཚན་སྟོན་པ་མི་རྟག་པ།འཇིག་པའི་ཆོས་ཅན་དེ་ཡིན་པའི་ཕྱིར།
༣སྔར་ལས་ལྷག་པ།ཕྱིར་ཞིང་འཕེལ་བར་འགྱུར།
༢༨དུ་སྒྲ་ནི་ལ་དོན་མ་ཡིན་པ་ལ་འཇུག་པ།
༡མང་ཚིགམི་དུ་མ།
༢འདྲིཚིགམི་དུ་ཡོད།
༢༩གུ་སྒྲ།
སྨོན་པའི་དོན།བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་གྱུར་ཅིག་གུ
༣༠ལོ་གྲགས་ཟེར་གསུམ་ནི་ཟུར་ཟའི་ཕྲད་དུ་འཇུག་པ་ཡིན།༼སྙན་གྲགས།ཕྱག་འཚལ་ལོ།དེ་སྐད་ཟེར་བ་སོགས་ནི་ཟུར་ཟའི་ཚིག་མིན།༽
༣༡རེད་དང་ཡིན་གྱི་སྦྱོར་ཚུལ།
༡ཡིན་ཞེས་པ་ནི་རང་གཞན་གཉིས་ཀྱི་ནང་ནས་གཙོ་བོ་རང་ལ་འཇུག་པའི་གསལ་བྱེད་ཕྲད་ཡིན།
༢རེད་ཞེས་པ་ནི་རང་གཞན་གཉིས་ཀྱི་ནང་ནས་གཙོ་བོ་གཞན་ལ་འཇུག་པའི་གསལག་བྱེད་ཕྲད་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲད་འདུས་མ།

2012-10-05 ལྷ་མོ་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།