NGOཡིས་ཕྱི་ཐག་རིང་བའི་ལམ་བུ་ཞིག་ལ་བསམ་བློ་གཏོང་དགོས་འདུག

ཁྱུང་མཆུའི་བརྒྱ་བྱིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-29

  དེང་འདིར་གཞུང་གཉེར་མིན་པའི་ཚོགས་པ་མང་པོ་ཞིག་གིས་ལས་གཞིའི་ཁ་ཕྱོགས་གཙོ་བོ་དེ་གཞི་རིམ་གྱི་སྡེ་མིའི་འཚོ་བ་ལེགས་བཅོས་དང་།འཕྲོད་བསྟེན།ཁོར་ཡུག་སྲུང་སྐྱོབ།སློབ་གསོ་ལག་རྩལ་གསོ་སྦྱོང་།ཞབས་ཕྱིའི་ལས་རིགས།རིག་གནས་སྲུང་སྐྱོབ་སོགས་ཆེས་མཁོ་གལ་ཆེ་བའི་སྟེང་ན་ཡོད་ཀྱང་།དེ་ལས་ཀྱང་གལ་ཆེན་ནང་གི་དོན་ཆེན་ཞིག་ནི།ལོ་ཡུན་ཅུང་རིང་བའི་འཆར་གཞི་སྐོར་ཞིག་བཀོད་ནས་དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོ་དང་།འཛམ་གླིང་སྤྱིའི་འཕེལ་རྒྱས་ཀྱི་དགོས་མཁོའི་ཁྲོད་བྱུང་བའི་ཉམས་མྱོང་བཞིན་བོད་རང་གིས་སློབ་ཆེན་ནམ་སྤྱི་ཚོགས་ལས་རིགས་འདྲ་མིན་ཡོད་པའི་སྔོན་ཐོན་དང་ཡར་ཐོན་གྱི་བསམ་བློ་ཡོད་ཅིང་ནུས་པ་ལྡན་པའི་ལོ་ཆུང་གི་དཔུང་ཚོགས་སྐོར་ཞིག་ལ་ཐེབས་རྩ་བཏང་ནས།རྩིས་འཁོར་དང་བཟོ་ལས་ཆེད་མཁས་ལག་རྩལ་མི་སྣ།རིག་གནས་སྲུང་སྐྱོབ་ཆེད་ལས།ཁོར་ཡུག་སྲུང་སྐྱོབ་ཆེད་ལས།གསར་གཏོད་ཐོན་སྐྱེད་ཆེད་ལས།ཆ་འཕྲིན་ལག་རྩལ་ཆེད་ལས།ཡུལ་སྐོར་ཆེད་ལས།གསོ་སྦྱོང་དང་གདེངས་འཇོག་ལས་ཀ་ཆེད་ལས།དོ་དམ་དང་དབུ་ཁྲིད་ཆེད་ལས།འཆར་བཀོད་ཆེན་མོ་དང་བཟོ་སྐྲུན་ལག་རྩལ་ཆེད་མཁས།གློག་བརྙན་འཁྲབ་ཁྲིད་དང་འཁྲབ་སྟོན།དངུལ་ཁང་གི་ལས་ཀ ཨར་ལས་ལག་རྩལ་འཛུགས་སྐྲུན་རུ་ཁག  སྨན་པ་ཆེན་མོ།  མ་ཆེན། ཆེད་ལས་རྩིས་གཉེར་བ།
  འཕྲུལ་ཆས་འདྲ་མིན་ཆེད་ལས་ཞིག་གསོ་མི་སྣ་སོགས་མི་སྣ་འབོར་ཆེན་ཞིག་ལ་ཡུན་རིང་པོའི་གསོ་སྐྱོང་གི་འཆར་གཞི་བཀོད་ཅིང་།རྒྱལ་ཕྱི་ནང་ཀུན་ལ་སློབ་སྦྱོང་ཏུ་གཏོང་ཞིང་།འཆར་གཞི་ཡོད་པའི་སྒོ་ནས་འགྲོ་སོང་ཚང་མ་བཏང་ནས།མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ལས་གནས་ཁག་མང་པོ་ཞིག་ཏུ་སྲོག་ཤིང་གི་ནུས་པ་ཐོན་པའི་མི་སྣའི་དཔུང་སྡེ་ཞིག་བསྐྲུན་རྒྱུ་ནི་ངའི་སེམས་གཏིང་གི་རེ་བ་ཆེས་ཆེ་བ་དེ་ཡིན་ལ།ཡུན་རིང་པོའི་མི་སྣ་གསོ་སྐྱོང་གི་ལས་དོན་དེ་ལོ་ངོ་མང་པོའི་རྗེས་སུ་རང་མི་རིགས་ཀྱིས་རང་རྐྱ་སྤེལ་བའི་ལམ་ལ་ཞུགས་ཐུབ་བྱེད་ཀྱི་སྔོན་འགྲོས་ཆ་རྐྱེན་ཡང་ཡིན་ངེས།ངོ་མ་དེང་དུས་བོད་ཀྱི་སྤྱི་ཚོགས་ལ་བསམ་བློ་ཞིབ་ཏུ་བཏང་ཚེ།ཡུན་རིང་བའི་འཆར་གཞི་དང་མིག་རྒྱང་རིང་བའི་ལས་ཀ་ཞིག་ལ་འབད་རྒྱུ་ནི་ང་ཚོའི་མི་རིགས་ལ་མཚོན་ན་ཆེས་ཕྱི་ཐག་རིང་བའི་ལམ་བུ་དེ་ཡིན་ཁོ་ཐག་རེད།ཡང་ཞིབ་ཏུ་བསམ་བློ་བཏང་ན།སྤྱི་ཚོགས་ཀྱི་གྲུབ་ཆ་འཛོམས་པོ་ཞིག་དགོས་ཤིང་།གྲུབ་ཆ་དེ་དག་མགོ་མཇུག་ཡོད་པའི་སྒོ་ནས་སྤྱི་ཚོགས་དེའི་ཁྲོད་ནས་ནུས་པ་ཐོན་ཐུབ་ན།གཞི་ནས་ང་ཚོས་སྤྱི་ཚོགས་དེའི་ཁྲོད་ཀྱི་ཞན་ཕྱོགས་གང་ན་ཡོད་པ་དང་།མཐོར་འདེགས་གཏོང་དགོས་ས་གང་ཡིན་ཤེས་ཐུབ་པ་རེད།རེད་ཡ།ངོ་མ་ང་ཚོའི་མི་རིགས་ལ་བསམ་བློ་རེ་བཏང་ན།ང་ཚོའི་སྤྱི་ཚོགས་ཀྱི་ལས་བགོ་དང་སྒྲིག་གཞི་ཧ་ཅང་ཆ་མི་ཚང་ཐོག  ཉོག་ལ་རྫོབ་པའི་ངོ་བོར་སྣང་།སེམས་ན་བའི་སྐད་ཆ་ཞིག་བཤད་ན།ལས་གཞི་གཅིག་གི་ཕྱོགས་ན་ནུས་པ་
ཅུང་ཐོན་པའི་མི་ཞིག་བྱུང་ཚེ།ཀུན་གྱིས་ཕྲག་དོག་ཆེན་པོས་རྡོག་རྫས་དང་ངན་དམོད།སྐྱོན་བརྗོད་བྱེད་ཅི་ཐུབ་བྱེད་ཅིང་།དེའི་ཐོག་ནས་རང་གི་དགེ་མཚན་དང་སྙན་གྲགས་ལ་གཉེར་བའི་མི་རྐྱང་རྐྱང་རེད་འདུག  དེ་མིན་རང་རློམ་དང་མཁས་ཉམས་བསྟན་ནས་རང་ཉིད་ངོམ་རྒྱུར་ཤིན་ཏུ་དགའ་བའི་མི་མང་པོ་འདུག ཐ་ན་དོན་ཉིང་ལྡན་པའི་རྩོམ་ཡིག་ཞིག་ཀློག་ཚེ།དེའི་ནང་དོན་ལ་བསམ་སྒོམ་བྱེད་རྒྱུ་ཕར་བཞག་ནས།དེའི་ནང་ནས་ཡིག་ནོར་ཙམ་དང་ཚིག་མཚམས་ཙམ་ནས་བཟུང་ཏེ་སྐད་རྒྱག་རྒྱུར་དགའ་བོ་ཡོད།ངོ་མ་མི་རིགས་ལ་དུང་བའི་མི་ཞིག་ཡིན་ན།ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣར་མཐོང་ཆེན་བྱེད་རྒྱུ་དང་།ལག་ལེན་དང་ཉམས་མྱོང་དངོས་ལ་འབྲེལ་ནས་བསམ་བློ་ཞིབ་ཏུ་བཏང་ནས།རང་ངོས་ཀྱི་མགོ་བརྩམས་ཏེ་ཕྱོགས་ཡོངས་ནས་བོད་ཀྱི་སྤྱི་ཚོགས་འདིའི་དགོས་མཁོ་ངོ་མར་སྐད་ཆ་རེ་བཤད་ན་ད་གཟོད་ས་ལ་ལྷུང་བའི་དོན་ཉིང་ལྡན་པའི་བྱ་བ་རེ་ཡིན་སྙམ།དེ་ཡང་NGOབྱ་བ་གཉེར་བའི་བོད་ཀྱི་ལས་མི་ཚོས་ཀྱང་ཕྱི་ཐག་རིང་བའི་མིག་རྒྱང་འཆང་ནས་མ་འོངས་པའི་ལམ་ཕྱོགས་རྒྱ་ཆེ་བ་ཞིག་ལ་འབད་འབུངས་བྱེད་རྒྱུ་གལ་ཆེའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

NGOཡིས་ཕྱི་ཐག་རིང་བའི་ལམ་བུ་ཞིག་ལ་བསམ་བློ་གཏོང་དགོས་འདུག

2012-06-29 ཁྱུང་མཆུའི་བརྒྱ་བྱིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།