སྟག་ལུང་རི་བོ་ཆེ་དགོན་པའི་དབྱར་མཆོད་གར་འཆམ་ཆེན་མོ།

  སྟག་ལུང་མར་ཐང་དབྱི་ཤོད་དཔལ་གྱི་གདན་ས་མདོ་ཁམས་རི་བོ་ཆེ་དགོན་པའི་དུས་མཆོད་ཆེན་མོ་བཞི་ལས།མིང་ལ“དབྱར་མཆོད”ཟེར་བའི་དུས་ཆེན་འདི་ཉིད་ལོ་རྒྱུས་ཡུན་རིང་དང་ལྡན་ཞིང་།དད་ལྡན་ལྷ་འབངས་རྣམ་པའི་སེམས་ཀྱི་གཏིང་རུམ་དུ་རྩ་བ་བརྟན་པོར་ཚུགས་ཟིན་པའི་གལ་ཆེན་རང་བཞིན་ཅན་གྱི་ཆོས་ལུགས་དང་འབྲེལ་བའི་བོད་ཡུལ་གྱི་གནའ་བོའི་དུས་མཆོད་ཆེ་ཤོས་ཤིག་ཆགས་ཡོད།དེང་སང་ཡིན་ན་དུས་མཆོད་འདི་ཉིད་བོད་ཟླ་ལྔ་པའི་ཚེས་པ་བདུན་ནས་བཅུ་གཅིག་གི་བར་དུ་འཚོགས་དགོས་ཤིང་།དབྱར་ཟླ་འབྲིང་པོའི་ནང་གི་དུས་མཆོད་འདི་ལ་མི་རྣམས་ཀྱིས་བརྗོད་བདེ་བའི་ཕྱིར་དུ་དུས་རྒྱུན་མིང་བསྡུས་ཏེ“དབྱར་མཆོད”ཅེས་འབོད་ཀྱིན་འདུགཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཁ་སྐོང«དུ་ཀུ་ལའི་བ་དན་གསར་པ»ཡི་ནང་དུ“ཆོས་སྐུ་ཨོ་རྒྱན་མགོན་པོའི་དུས་ཆེན་མེ་ཏོག་བཀྲ་མཆོད་ཀྱི་ཉིན་གདན་ས་ཆེན་པོར་ཕེབས”ཞེས་གསལ་པོར་བྲིས་ཡོད་པས།དུས་ཆེན་འདིའི་མིང་རྒྱས་པ་ལ“དབྱར་ཟླ་འབྲིང་པོའི་ནང་གི་མེ་ཏོག་བཀྲ་མཆོད”ཅེས་འབོད་དགོས་པ་གསལ།

  “མེ་ཏོག་བཀྲ་མཆོད”དམ་ཡང་ན“དབྱར་མཆོད་རྔ་འཆམ་ཆེན་མོ”འདི་ནི་མར་ཐང་རི་བོ་ཆེའི་ཁྲི་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོའི(1293-1366)སྐུ་དུས་ནས་དགོན་པ་འདིའི་ནང་དུ་དབུ་ཚུགས་ཟིན་འདུག་སྟེ།དེ་ཡང«དུ་ཀུ་ལའི་བ་དན་གསར་པ»ལས།“དབྱར་མཆོད་རྔ་འཆམ་ཆེན་མོ་འདི་ཆོས་སྐུ་ཨོ་རྒྱན་མགོན་པོས་ཀྱང་ལོ་བཅུ་གསུམ་འཆམ་སྣ་ཁྲིད་པར་མཛད་ཅིང”ཞེས་ལུང་གིས་གསལ་བ་བཞིན་ནོ།།དེ་ནས་མར་ཐང་གི་གདན་སའི་བླ་རབས་རིམ་བྱོན་རྣམ་པས་དབྱར་མཆོད་ཀྱི་དུས་ཆེན་འདི་ཉིད་ཆོས་སྐུ་ཨོ་རྒྱན་མགོན་པོའི་རྗེས་དྲན་དུས་ཆེན་དུ་སྲུང་བརྩི་ཞུས་ཏེ་རྒྱུན་འཁྱོང་གནང་ཡོད་པར་རིག་འཛིན་ཀརྨ་ཉི་མས་གསུངས་ཤིང་།རི་བོ་ཆེའི་ཁྲི་རབས་དྲུག་པ་ཆོས་རྗེ་མི་གཡོ་མགོན་པོའི(1409-1454)སྐབས་སུ་སྟག་ལུང་ཡར་ཐང་གི་ཁྲི་རབས་བཅུ་པ་ཆོས་རྗེ་བྱང་ཆུབ་རྒྱ་མཚོ(1403-1448)མར་ཐང་དུ་ཕེབས་ཚུལ་གྱི་ལོ་རྒྱུས་སུ་གསལ་པོར་འཁོད་པ་ལྟར་གཤམ་གསལ།དེ་ཡང«ཆོས་འབྱུང་ངོ་མཚར་རྒྱ་མཚོ»ལས“སླར་ཡང་ཨོ་རྒྱན་མགོན་པོའི་དུས་ཆེན་དབྱར་མཆོད་ཀྱི་སྟེང་དུ་རྔ་བྲོ་ལ་གཟིགས་རྟོག་དང་རྟེན་ཕྱི་ནང་གི་མཇལ་ཁ་ཞིབ་མོ་གནང”ཞེས་འཁོད་ཡོད།དེ་ལྟར་ན་དབྱར་མཆོད་ནི་ཨོ་རྒྱན་མགོན་པོའི་དུས་ཆེན་ཡིན་པ་དང་དུས་རབས་བཅོ་ལྔ་པའི་ནང་དུ་མུ་མཐུད་ནས་རྔ་བྲོ་གར་འཆམ་གནང་བཞིན་ཡོད་པ་ལ་རྩོད་པ་ཅི་ཡང་མེད།

  དེར་མ་ཟད་དུས་མཆོད་འདི་ཉིད་ཨོ་རྒྱན་མགོན་པོའི་འདས་ཚིགས་ལ་ཏག་ཏག་ཁེལ་ཡོད་ན་ཡང“ཨོ་རྒྱན་མགོན་པོའི་འདས་མཆོད”མི་ཟེར་བར།“ཨོ་རྒྱན་མགོན་པོའི་དུས་ཆེན”ཞེས་འབོད་པ་འདི་ལའང་གལ་གནད་ཆེན་པོ་ཁ་ཤས་ཡོད་དེ།དུས་ཚིགས་འདིའི་ནང་དུ་ཆོས་སྐུ་ཨོ་རྒྱན་མགོན་པོ་སྐུ་བལྟམས་པ་དང་།རབ་ཏུ་བྱུང་བ།གཙུག་ལག་ཁང་ཆེན་མོ་ཁྲ་འཁྱིལ་མའི་ས་འདུལ་མཛད་པ།ཨོ་རྒྱན་མགོན་པོ་སྐུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ།བླ་མ་ཁོང་དང་འབྲེལ་བའི་དུས་ཆེན་བཞི་འཛོམ་གྱི་གལ་ཆེན་དུས་ཚིགས་ཤིག་ཡིན་པ་རེད།དེ་ཡང་ཡིན་ཏེ«ལྷོ་རོང་ཆོས་འབྱུང»ལས་ཨུ་རྒྱན་མགོན་པོའི་རྣམ་ཐར་འཆད་སྐབས་སུ“ཆུ་མོ་སྦྲུལ་གྱི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ལ་ཤ་ར་ཐང་སྟོད་དུ་སྐུ་བལྟམས”ཞེས་དང་།“དེ་ནས་དགུང་ལོ་བཅུ་གཉིས་ཤིང་ཕོ་འབྲུག་གི་ལོ་མེ་ཏོག་མཆོད་ཟླའི་ཚེས་བརྒྱད་ཀྱི་དུས་ལ་བབས་པའི་ཚེ……རབ་ཏུ་བྱུང”ཞེས་དང་།ཡང“དེ་ནས་དགུང་ལོ་ཉི་ཤུ་རྩ་བརྒྱད་ཀྱི་ཐོག་ཏུ་ལྕགས་ཕོ་སྤྲེལ་གྱི་ལོ་སྤྲེལ་གྱི་ཟླ་བ་སྤྲེལ་གྱི་ཉི་མ་ལ་གཙུག་ལག་ཁང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་འཛམ་གླིང་རྒྱན་བཞེངས་པའི་ས་འདུལ་དང”ཞེས་དང་།“དགུང་ལོ་བདུན་ཅུ་དོན་བཞི་མེ་ཕོ་རྟའི་ལོ་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་གཞན་དོན་དུ་གཤེགས་པར་གྱུར”ཅེས་སོགས་གསལ་བར་འཁོད་ཡོད་པས་ཤེས་ནུས་སོ།།

  དེ་ལྟར་སྟག་ལུང་མར་ཐང་རི་བོ་ཆེ་དགོན་པའི་ནང་དུ་སྤྲེལ་ཟླའི་རྔ་འཆམ་བྱས་པའི་ལོ་རྒྱུས་ནི་ཧ་ཅང་གིས་རིང་བ་སྟེ།གསལ་ཐག་ཆོད་ཀྱིས་སྒོ་ནས་བཤད་ན«ཆོས་འབྱུང་ངོ་མཚར་རྒྱ་མཚོ»ལས་“དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལྕགས་ཕོ་སྤྲེའུའི་ལོ་སྤྲེལ་ཟླ་བའི་སྤྲེལ་གྱི་ཉི་མ་ལ་གཙུག་ལག་ཁང་ཆེན་མོ་བཞེངས་པའི་ས་འདུལ་ལ་རྗེ་ཉིད(ཆོས་སྐུ་ཨོ་རྒྱན་མགོན་པོ)ཀྱིས་ཁྲོ་བོ་བཅུ་དྲུག་གི་འགྲོས་དང་།རྒྱལ་ཆེན་སྡེ་བཞིའི་འགྲོས་ལ་སོགས་པའི་རྔ་འཆམ་ཆེན་མོ་མཛད”ཅེས་བྲིས་ཡོད།དེས་ན་བོད་རབ་བྱུང་ལྔ་པའི་ལྕགས་སྤྲེལ་ཏེ་སྤྱི་ལོ༡༣༢༠ལོའི་སྤྲེལ་ཟླ་བའི་རྔ་འཆམ་ཆེན་མོ་བྱས་པ་ནས་ད་ལོ་སྟེ་སྤྱི་ལོ༢༠༢༠ལོའི་སྤྲེལ་ཟླའི་གར་འཆམ་གྱི་བར་དུ་མི་ལོ་བདུན་བརྒྱའི་རིང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་དོན་སྙིང་ལྡན་ཡོད་པ་རེད།

  གོང་གི་ལུང་ཚིག་ནང་དུ་སྤྲེལ་ལོ་སྤྲེལ་ཟླའི་སྤྲེལ་ཚེས་ཤིག་ལ་ལྷ་ཁང་ཆེན་མོའི་ས་འདུལ་རྔ་འཆམ་བྱས་པར་འཁོད་ཡོད་ཀྱང་།སྤྲེལ་ཟླ་གཅིག་གི་ནང་དུ་སྤྲེལ་ཚེས་གཉིས་ནས་གསུམ་གྱི་བར་ཡོད་པས།ས་འདུལ་རྔ་འཆམ་སྐབས་ཀྱི་སྤྲེལ་ཚེས་དེ་ཚེས་གྲངས་གང་ལ་ཁེལ་ཡོད་པ་ནི་ཡིག་ཆ་གང་དུ་ཡང་མི་གསལ།འོན་ཀྱང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་པ་བཅུ་ལ་ལྷ་ཁང་ཆེན་མོའི་ས་འདུལ་གར་འཆམ་དེ་བྱས་མེད་དམ་སྙམ་མོ།།རྒྱུ་མཚན་གང་ཡིན་ཟེར་ན།སྤྲེལ་ལོ་སྤྲེལ་ཟླའི་ཚེས་པ་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་རུ་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་བ་དེ་ཡིན་པ་དང་གཅིགཆོས་སྐུ་ཨོ་རྒྱན་མགོན་པོ་ཁོང་རང་ཉིད་ཀྱང་ཨོ་རྒྱན་པདྨའི་སྤྲུལ་པ་ཡིན་པར་སྟག་ལུང་གི་བྲག་པ་རིན་ཆེན་རྡོ་རྗེ་ཟེར་བའི་བླ་མ་གྲུབ་ཐོབ་ཅིག་གིས་ལུང་གིས་བསྟན་ཡོད་པ་དང་གཉིས།གཙུག་ལག་ཁང་ཆེན་མོའི་ས་འདུལ་དུས་ཚོད་དེ་སྤྲེལ་ལོ་སྤྲེལ་ཟླ་ཞིག་ལ་ཆེད་དུ་བསྟུན་ཡོད་པ་དང་གསུམ་གྱིས་རྗེས་སུ་དཔོག་རུང་བར་འདོད་དོ།།

  དེ་ཡང་གར་འཆམ་གྱི་དགོས་པ་ནི།“སངས་རྒྱས་བསྟན་པ་དར་ཞིང་བསྟན་འཛིན་འཕེལ།།འཇིག་རྟེན་བདེ་སྐྱིད་ལོ་ལེགས་བསམ་དོན་འགྲུབ།།ནད་མུག་མཚོན་འཁྲུགས་མི་མཐུན་ཕྱོགས་ཞི་ནས།།ཕྱོགས་དུས་བཀྲ་ཤིས་དཔལ་དུ་འབར་བའི་ཕྱིར།།”ཞེས་དང་།ད་དུང་གར་འཆམ་གྱི་བརྟུལ་ཞུགས་ཇི་ལྟར་སྐྱོང་ཚུལ་ལ།“སྣང་སྲིད་དབང་སྡུད་ལོག་འདྲེན་ཚར་གཅོད་པའི།།ལྷག་པའི་ལྷ་ཡི་ང་རྒྱལ་གཟི་བརྗིད་དང་།།སྟངས་སྟབས་འབར་བའི་ཕྱག་རྒྱའི་བརྟུལ་ཞུགས་ཀྱིས།།དྲག་པོ་སྔགས་ཀྱི་གར་འཆམ་བྱེད་པ་ལ།།”ཞེས་རིག་འཛིན་ཀརྨ་ཉི་མ་སོགས་དམ་པ་སྔོན་མ་དག་གིས་མང་དུ་གསུང་ཡོད་ཀྱང་།སྐབས་འདིར་དེ་དག་མང་དུ་མ་སྤྲོས་སོ།།

  སྔགས་ཀྱི་གར་འཆམ་ཆེན་མོ་འདི་དག་ཐོག་མར་ཁུངས་བཙུན་ཅིང་ངེས་ཤེས་བསྐྱེད་པའི་རྒྱུད་སྡེ་ཆེན་མོ་དག་ལས་བྱུང་བའི་ལུང་གི་སྒྲོམ་བསྟན་པ་དང་།བར་དུ་དགོས་ཆེད་འབྱུང་ཚུལ་འཆད་པ་དང་།ཐ་མ་ཕྲིན་ལས་ཀྱི་གོ་རིམ་གསལ་བར་བསྟན་པ་སོགས་ཞིབ་ཆ་ཡི་སྒོ་ནས་མཁྱེན་པར་འདོད་ན།དབྱར་མཆོད་གར་འཆམ་དང་འབྲེལ་བའི་ཡིག་ཆ་རིག་འཛིན་ཀརྨ་ཉི་མས(1748-1799)མཛད་པའི«དྲག་པོ་ཧོམ་ནག་གི་སྔགས་འཆམ་ཆེན་མོའི་རྣམ་བཤད»ལ་གཟིགས་དགོས།

  དེ་ནས་རི་བོ་ཆེའི་ཁྲི་རབས་བཅུ་གཉིས་པ་རྗེ་དྲུང་གྲགས་པ་ལེགས་གྲུབ(1646-1711)ཀྱི་སྐབས་སུ“རྙིང་མ་གྲྭ་ཚང་ཚོགས་ཡོང་ལ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེས་པ་བཅུ་ལ་རྒྱུན་བཙུགས་གནང”བ་ཡིན་ཚུལ«དེབ་ཐེར་རྒྱ་མཚོའི་ཉིང་བཅུད»དུ་གསལ་བར་འཁོད་ཡོད་པ་བཞིན།སྔར་གྱི་དབྱར་མཆོད་རྔ་འཆམ་གྱི་སྟེང་དུ་སླར་ཡང“ཚེས་བཅུ་གར་འཆམ་ཆེན་མོ”ཞེས་པའི་སྒྲུབ་མཆོད་ཅིག་གསར་དུ་བསྣན་ཏེ།སྔར་ལས་ལྷག་པའི་གྲ་རྒྱས་ཕུན་སུམ་ཚོགས་པའི་དུས་མཆོད་ཅིག་ཏུ་ཡར་རྒྱས་བཏང་ཡོད་པར་མངོན།འོན་ཀྱང་ཕྱིས་སུ་རྒྱལ་དབང་བདེ་ཆེན་རྡོ་རྗེ་དང་རི་བོ་ཆེའི་བསྟན་སྲུང་དགེ་བསྙེན་ཆེན་པོ་གཉིས་ཀྱི་བར་ལ་འཁོན་པ་ཞེ་འགྲས་བྱུང་བའི་ལོ་རྒྱུས་གནས་ཚུལ་འོག་ནས།རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་དེ་ཉིད་རྒྱུན་འཁྱོང་ཡུན་རིང་མ་བྱུང་བ་འདྲ་ཡང་།ད་ལྟའི་ཚེས་བཅུའི“རྒྱལ་དབང་ཤྭ་འཆམ”ཟེར་བ་འདི་ནི་དེའི་རྗེས་ཤུལ་ལྟ་བུ་ཞིག་ཡིན་པར་གསུང་གིན་འདུག

  «བཀའ་བརྒྱུད་གསེར་འཕྲེང»ལས་བསྟན་པ་ལྟར་ན།སི་ཏུ་པཎ་ཆེ་ཆོས་ཀྱི་འབྱུང་གནས(1699-1774)ཀྱིས་སྤྱི་ལོ༡༧༣༦ལོར་མཚུར་ཕུ་དགོན་པའི་ནང་དུ“ཚེས་བཅུའི་དབྱངས་འཆམ་བསླབས་པ་ཚུགས”པ་ནས་བཟུང་སྟེ།དཔལ་སྤུངས་དགོན་པ།སྡེ་དགེ་དགོན་ཆེན།ལྷ་ཐོག་གི་བྱེས་སྒར།ཀརྨ་དགོན་པ་སོགས་སུ་རིམ་བཞིན་ཚེས་བཅུའི་གར་འཆམ་གྱི་ལུགས་སྲོལ་ཚུགས་པར་བཤད་ཅིང་།དེའི་ཤུགས་ལས་ཀཿཐོག་དང་དཔལ་ཡུལ་སོགས་བཀའ་རྙིང་གི་དགོན་ཆེན་རྣམས་སུ་ཚེས་བཅུའི་གར་འཆམ་ཆེན་མོ་རིམ་གྱིས་ཚུགས་ཡོད་པ་ལྟར་སྣང་ངོ་།།འོན་ཀྱང་རི་བོ་ཆེ་དགོན་པའི་ཚེས་བཅུའི་གར་འཆམ་ཆེན་མོ་འདི་རྗེ་དྲུང་གྲགས་པ་ལེགས་གྲུབ་ཀྱི་སྐབས་སུ་ཚུགས་པ་ཞིག་ཡིན་པ་བདེན་ཚེ།རི་ཆེའི་ཚེས་བཅུ་གར་འཆམ་འདི་ནི་སི་ཏུ་པཎ་ཆེན་གྱིས་ཚེས་བཅུའི་གར་འཆམ་གསར་འཛུགས་ཀྱི་མཛད་ཆེན་དག་དང་འབྲེལ་བ་མེད་པར།དེ་ལས་ཀྱང་སྔ་བའི་དུས་སུ་རི་བོ་ཆེར་ཚེས་བཅུའི་གར་འཆམ་ཚུགས་ཟིན་པ་ཞིག་ཡིན་དགོས་འདུགརེད་དེ་རྒྱལ་དབང་བདེ་ཆེན་རྡོ་རྗེ་དང་སི་ཏུ་པཎ་ཆེན་སོགས་མི་ཐོག་གཅིག་གི་མི་ཡིན་པས་ན།རྗེ་དྲུང་གྲགས་པ་ལེགས་གྲུབ་ཀྱི་སྐབས་སུ“རྙིང་མ་གྲྭ་ཚང་ཚོགས་ཡོང་ལ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེས་པ་བཅུ་ལ་རྒྱུན་བཙུགས་གནང”ཞེས་པའི་ཡིག་ཆ་འདི་ལ་ཅུང་ཟད་དཔྱད་པ་གཏོང་དགོས་པར་གྱུར་ཡོད།

  དེའི་ཕྱིས་སུ་སྡོམ་སྟེང་ཁ་སྐྱ་བ་ཚང་དུ་སྐུ་འཁྲུངས་པའི་རི་ཆེའི་བླ་མ་སྐལ་བཟང་ལྷ་སྲས་ཀྱིས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས(1893-1959)ལ་བཀའ་འདྲི་ཐུགས་གྲོས་ཞུས་ཏེ།སྔར་གྱི་དབྱར་མཆོད་ཀྱི་སྟེང་དུ་གཏེར་སྟོན་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི«བཀའ་འདུས་ཆོས་ཀྱི་རྒྱ་མཚོའི»དང་གུ་རུ་ཆོས་དབང་གི་ཟབ་གཏེར«གསང་འདུས་བླ་མའི་ལས་བྱང»གི་ལེའུ་བརྒྱད་པ་དང་འབྲེལ་བའི་སྒྲུབ་མཆོད་སྦྲག་མ་གར་འཆམ་དང་བཅས་པ་འདི་ཉིད།སྐྱ་བ་བླ་མས་སྦྱིན་བདག་བྱས་ཏེ་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར(1948)གསར་འཛུགས་མཛད་ཡོད།དེ་ཡང་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེའི་ཕྱག་བཞེས་དང་།ཁྱད་པར་འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་བཞི་པ་རྒྱལ་དབང་ཐེག་མཆོག་རྡོ་རྗེ(1797-1868)སྐུ་དངོས་ཀྱིས།རྒྱུད་ལུང་མན་ངག་ཚད་མའི་སྒོ་ནས་འཆར་འགོད་གཏན་འབེབས་གནང་བའི་གར་འཆམ་སྟེ།ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་བའི་མཛད་པའི་ཆ་ཤས།ངོ་མཚར་ཚེས་བཅུའི་བཀོད་པ་འདི་ཉིད་རི་ཆེ་སྔ་འགྱུར་རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་དུ་གསར་སྣོན་འཛུགས་སྲོལ་གནང་བ་བཞིན།འོད་མིན་པདྨ་དྲྭ་བའི་ཞིང་ཁམས་འཛིན་མའི་ལྗོངས་འདིར་འཕོས་འདྲའི་མཐོང་གྲོལ་ཚེས་བཅུའི་གར་འཆམ་ཆེན་མོའི་འདི་ནི་རིག་འཛིན་གོང་མའི་མན་ངག་དང་།མཐོང་བ་བརྒྱུད་པའི་ཕྱག་བཞེས་ཇི་མ་ཇི་བཞིན་དུ་སྤྱི་ལོ༡༩༤༨ནས༡༩༥༨ལོའི་བར་དུ་ལེགས་པར་ཚུགས།དེ་ནས་དམངས་གཙོ་བཅོ་བསྒྱུར་གྱི་སྐབས་སུ་རེ་ཞིག་མཚམས་འཇོག་བྱེད་དགོས་བྱུང་ན་ཡང་།བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ལྷོད་ཡང་གི་སྐབས་དང་བསྟུན་བཞིན།བླ་མ་གྲགས་པ་རྒྱལ་མཚན་དང་དཔལ་ལྡན་མི་འགྱུར་སོགས་ཀྱིས་གཙོར་བྱས་པའི་སྒོ་ནས་སྔར་གྱི་དབྱར་མཆོད་དང་ཚེས་བཅུའི་གར་འཆམ་ཆེན་མོ་སོགས་རིམ་བཞིན་རི་བོ་ཆེའི་དགོན་པ་རུ་སླར་གསོ་བྱེད་ཐུབ་པ་འདི་བྱུང་།

  སྟག་ལུང་རི་བོ་ཆེ་དགོན་པའི་དབྱར་མཆོད་ཀྱི་བྱུང་རིམ་ལ་བལྟས་ན་དུས་ཆེན་སྔ་མའི་རྨང་གཞིའི་ཐོག་ཏུ་སྒྲུབ་མཆོད་ཕྱི་མ་དག་ཁ་སྣོན་བྱས་ཤིང་།སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་གྲ་ཇེ་རྒྱས་སུ་སོང་བའི་འཕེལ་རིམ་ཡར་རྒྱས་དང་ལྡན་པ་ཞིག་ཏུ་མཐོང་ཡོང་བ་ཡིན།གོང་འཕེལ་གྱི་རིམ་པ་དང་ལྡན་པའི་དུས་མཆོད་ཆེན་མོ་འདི་ཉིད་དང་པོ་དགོན་པས་ཡིན་ལ།བར་དུ་སྡེ་དགོན་གཉིས་ཀས་ཡིན་པ།ཐ་མ་རྒྱལ་ཁབ་དང་འཛམ་གླིང་གིས་ཡིན་པའི་འོད་སྟོང་འབར་བའི་དངོས་མིན་རིག་གནས་ཤུལ་བཞག་ཅིག་ཏུ་གྱུར་ཡོད།

  མིང་ལ“དབྱར་མཆོད”ཟེར་བའི་རི་བོ་ཆེའི་དུས་ཆེན་འདི་ཉིད་དེང་སང་བོད་ཟླ་ལྔ་པའི་ཚེས་པ་བདུན་ནས་བཅུ་གཅིག་གི་བར་གྱི་ཉིན་ལྔ་ཡི་རིང་ལ་འཚོག་དགོས་ཤིང་།ཚེས་པ་དགུ་དང་།ཚེས་པ་བཅུ།ཚེས་པ་བཅུ་གཅིག་སྟེ་ཉིན་གསུམ་ལ་གར་འཆམ་མི་འདྲ་བ་དཔེར་ན།གསེར་སྐྱེམས།མཚམས་གཅོད།ཤྭ་འཆམ།ཀེང་རུས།གཏུམ་རྔམ།ཚོགས་ལེན།གིང་འཆམ།བྱིན་འབེབ།ཨོ་རྒྱན་གདན་འདྲེན་སོགས་ཚན་པ་དང་རིགས་མི་གཅིག་པའི་གར་འཆམ་ཉི་ཤུ་ལྷག་ཙམ་ཡོད་པ་མ་ཟད།དེ་དག་འབག་འཆམ་དང་དམག་འཆམ་རེས་མོས་སུ་སྤེལ་ཏེ་ཟད་མི་ཤེས་པའི་གཟིགས་མོ་ཕུན་སུམ་ཚོགས་པ་ཞིག་སྤྲོ་བཞིན་ཡོད་པ་རེད།དེ་ལ་མོས་གུས་དང་ལྡན་པས་མཇལ་ན་དང་འདོད་ཡིད་ཆེས་ཀྱི་དད་པས་མཆི་མ་འཁྲུག་ཅིང་བ་སྤུ་ཟིང་བར་བྱེད་ལ།དད་པ་མེད་པའི་མི་ཞིག་གིས་བལྟས་ན་ཡང་གར་གྱི་ཉམས་དགུ་ལ་སོགས་པའི་སྒྱུ་རྩལ་གྱི་བཟི་ཁ་བརྟེན་ནས་མི་སེམས་ཀྱི་རྒྱ་མཚོ་དྲག་ཏུ་སྐྱོམ་པར་བྱེད་ནུས་སོ།།ནུས་པ་དེ་དང་དེ་དག་གིས་ལྷ་འབངས་མི་མང་ཁྲི་ཕྲག་མང་པོ་ལྷན་གཅིག་ཏུ་སྡུད་པར་བྱེད་ཅིང་།ཚང་མས་དགའ་གུས་ཡི་རང་བར་བྱེད་དེ།བརྡ་ཁྱབ་དང་སྙན་སྦྱོར་མི་དགོས།ཁྱབ་བསྒྲགས་དང་འུད་སྒྲོག་མི་དགོས་སོ།།

  མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ནས།ད་གཟོད་འདི་དང་འདི་འདྲ་བའི་ཤུལ་བཞག་གི་དངོས་མིན་རིག་གནས་འོད་སྟོང་འབར་བ་ཞིག་བསྐྲུན་པར་བྱེད་ནུས་ལ།སྐྱེས་བུ་ཁྲི་སྟོང་མང་པོའི་བློ་གྲོས་དང་འབད་འབུང་ལ་བརྟེན་པ་ཡིན་ན།འདི་ལྟར་ཤོག་སྒོར་དུང་ཕྱུར་ཡོད་ཀྱང་བསྐྲུན་མི་ནུས་པའི་འཛུགས་སྐྲུན་བཟོ་ཐུབ་པ་རེད་འདུགའདི་ནི་དགོན་པ་དང་ལྷ་སྡེའི་བར་གྱི་དམ་པའི་ཆོས་དང་མཐུན་པའི་མཆོད་སྦྱིན་གསེར་གྱི་ཟམ་པ་ཞིག་ཡིན།འདི་ནི་ཆོས་དང་འཇིག་རྟེན་བར་གྱི་མི་འབྲལ་ལྷན་དུ་འགྲོགས་པའི་འབྲེལ་ཐག་ཅིག་ཡིན་ནོ།།

                        ཞེས་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བའི་ལོ་ཧོར་ཟླ་ལྔ་པའི་ཚེས་པ་བདུན་ཉིན་རི་བོ་ཆེ་དགོན་པའི་གནའ་བོའི་སྒྲུབ་སྡེ་ཨ་ཅོག་དབེན་པའི་རི་བོར་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྟག་ལུང་རི་བོ་ཆེ་དགོན་པའི་དབྱར་མཆོད་གར་འཆམ་ཆེན་མོ།

2021-01-27 གྲོག་མ།(ཆབ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།