སླར་ཡང་བོད་ཀྱི་སྙན་ངག་གསར་བར་འཁྱུག་ཙམ་ལྟ་བ།

   ཕྲན་གྱིས་སྙན་ངག་ནི་ས་ཡོམ་དང་མེ་རི།ཤྭ་འོད་སོགས་སྐྱེ་དངོས་ཀུན་ལ་ཕོག་ཐུག་གཏོང་བྱེད་ཀྱི་ནུས་ཤུགས་འཛད་མཐའ་མེད་པ་དེའི་དཔེ་རུ་དྲངས་ཟིན་ལ།དེ་ནི་མི་སེམས་ཀྱི་འགྱུར་བ་དང་བསྟུན་ནས་རྣམ་པའམ་ངོ་བོ་དུ་མར་གྱེས་ཀྱང་ཆོག་པ་ཞིག་ཅི་ལ་མིན།རང་རེའི་བོད་ལ་མཚོན་ན་མི་རྣམས་ཚ་ཚ་འུར་འུར་གྱིས་སྙན་ངག་གི་ཞིང་སར་ཞུགས་པའི་མཐོ་རླབས་ཞིག་འགོག་མེད་དུ་འཕྱུར་ཞིང་དེས་ཀློག་པ་པོ་རྣམས་ལ་བསམ་པའི་རྒྱགས་ཕྱེ་ཇི་སྙེད་ཅིག་མཁོ་སྤྲོད་བྱེད་བཞིན་འདུག ཁྱོད་ཀྱིས་གཟིགས་དང་།སློབ་འབྲིང་སློབ་མ་དག་གི་དཔེ་ཁུག་ཏུའང་སྔོན་ཆད་ཀྱི་ལུགས་ལས་འདས་པའི་སྦྱངས་རྩོམ་རིག་ཤིག་ཡོད་པ་ནི་སྙན་ངག་མ་ཡིན་ནམ། ཁོ་ཚོས་ནམ་ཡང་གཏིང་ཟབ་པའི་ཐ་སྙད་ཁ་ཤས་(དཔེར་ན་སྡུག་བསྔལ་དང་རྣམ་ཤེས།ལྷ་ཡུལ་སོགས་ལྟ་བུ)ཚེག་ཁྱིམ་གྱིས་སྦྲེལ་བས་དགེ་རྒན་ཡང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་མང་པོར་སྐྱེལ་གྱིན་འདུགདེ་ལྟར་ཡི་གེ་ངོས་ཟིན་རྗེས་ཀྱི་ལས་ཀ་དང་པོ་ནི་སྙན་ངག་འབྲི་རྒྱུ་ངོས་འཛིན་བཞིན་ཡོད་པའི་ཡུལ་གྲུ་འདིར་སློབ་གྲྭ་རེ་ལ་དུས་དེབ་རེ་དང་སྡེ་བ་རེ་ལ “སྙན་ངག་པ”རེ་ཡོད་ཚོད་འདུག ཚུལ་དེ་སྙན་ངག་གི་ཐང་སྟོང་དུ་སྨུག་པ་མཐུག་པོ་ཞིག་འཐིབས་པ་དང་གཉིས་སུ་མ་མཆིས་ལ་དེས་བསྐྱེད་པའི་འབྲས་བུ་ནི་སྙན་ངག་དང་སྙན་ངག་པའི་རིན་ཐང་མངོན་ཐབས་བྲལ་བ་དང་སྙན་ངག་པ་རྣམས་སྙན་ངག་ལ་ཁ་མི་འབྲས་ཐབས་མེད་པ་ཡིན་པ་དེ་རེད། 

                 དང་པོ། ཁོ་ཚོའི་ཤེས་རབ།

  དོན་འགྲུབ་རྒྱལ། ཁོང་གི་སྙིང་སྟོབས་དང་སྤོབསལ་པ་རང་རེའི་ལས་དབང་དང་དམ་དུ་སྦྲེལ་ཡོད་ལ་དེ་ནི་ལོ་རབས་དེས་ཁོང་ལ་གནང་བའི་བགྲོད་ལམ་ཡང་རེད། <<ལང་ཚོའི་རྦབ་ཆུ>>ནི་སྐད་ཡིག་ཉམས་གསོ་དང་ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་འཕྱུར་བ་ཡིན་མོད་ད་ལྟ་དེ་ཉིད་རྐ་ཆུ་ཐུང་ཐུང་ཞིག་ཏུ་གྱུར་འདུག
  ལྗང་བུ།ནང་སེམས་ཀྱི་མྱོང་བ་ཕྲ་རགས་དག་དབྱངས་གསལ་གྱི་ཁོང་དུ་ཐིམ་པར་བྱེད་པའི་ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག ཁོང་གིས་གངས་རི་ཁ་ཤས་ཀྱི་གཏམ་རྒྱུད་བཤད་བཞིན་པ་འདྲ་ལ་དེའི་ཁྲོད་ཀྱི་གཅིག་རང་ཉིད་ལ་ངོས་འཛིན་བཞིན་ཡོད། ཁོང་གི་སྨྱུག་ཁ་བོད་ཡུལ་ནས་འཛམ་གླིང་ལ་བསྒྱུར་པ་མ་ཡིན་པར་འཛམ་གླིང་ནས་བོད་ཡུལ་ལ་བསྒྱུར་པ་ཡིན་པས་མི་མང་པོ་ཞིག་གིས“ལྗང་བུའི་སྙན་ངག་ཧ་གོ་ཐབས་བྲལ”ཟེར།
  འཇུ་སྐལ་བཟང་།  ཁོང་ཆོས་གླུ་ལེན་མཁན་མང་པོ་ཞིག་གི་སེམས་ཁོང་དུ་འཛུལ་ནས་ཕྱིར་ལོག་དུས་སྙན་ངག་པ་ཞིག་ཏུ་གྱུར་འདུག ཁོང་གིས་དགོན་སྡེའི་རིག་གནས་པ་དག་ལ་སྙན་ངག་པ་ཅེས་པ་ནི་སྐྱེ་སེར་ཀུན་གྱི་ཐུན་མོང་གི་ལོངས་སྤྱོད་ཅིག་ཡིན་པ་ར་གསལ་བོར་ངོ་སྤྲད་པ་རེད།
  ཞི་བདེ་ཉི་མ། ནམ་མཁའ་དང་ས་གཞིའི་ཆེད་དུ་གླུ་ལེན་མཁན་ཞིག  སྙན་ངག་ནི“འཕྱུར”དགོས་པར་འདོད་མཁན་ཞིག
  གཅན་མེ་སྟག  འཇིག་རྟེན་གྱི་མི་སྡུག་པའི་ངོས་ལ་ཞིབ་ལྟ་བྱེད་པར་བྲེལ་བའི་མི་འདིས་སྙན་ངག་ལེགས་པོ་གཅིག་གཉིས་ཙམ་ལས་འཁྱོངས་མེད་ནའང་དེ་ནི་ཁོང་གི་རླབས་ཆེ་བའི་གྲུབ་འབྲས་སུ་བརྩི་ཆོག
  གངས་ཞུན། སྙན་ངག་གསར་པའི་ལམ་ནས་འཇིག་རྟེན་གྱི་སྙིང་བོར་དཔྱད་མཁན་ཞིག ཁོང་གིས་མང་ཚོགས་ནི་སྙན་ངག་པའི་མགོན་སྐྱབས་དང་གོ་སླ་བ་ནི་སྙན་ངག་གི་ཁྱད་ཆོས་ཡིན་པར་འདོད།
  ཁྱུང་ཐར་རྒྱལ། སྤང་ལྗོངས་ལ་བརྩེ་ཞེན་ལྷག་ཏུ་ཆེ་བའི་མི་ཞིག ཁོང་གིས་རྫི་གླུ་ལྟ་བུའི་སྙན་ངག་མང་པོ་ཞིག་བྲིས་ཡོད།

               གཉིས་པ། ཚིག་གི་ཝུ་བ།

  ཚིག་གི་ཝུ་བ་བར་མེད་དུ་འཕྱོ་བའི་ངང་ཚུལ་དེའི་རྐྱེན་གྱིས་རང་རེའི་སྙན་ངག་གི་གཙང་བོ་བརྗིད་རྔམ་བྲལ་ཞིང་བཞུར་ཤུགས་མེད་པའི་ངང་ཕྲན་གྱི་བྲང་ཁོག་ཏུ་བཞུར་བྱུང་། སྔོན་ཆད་རྣམ་འབྱོར་པ་དག་གིས་མགུར་གླུ་ལེན་སའི་རི་བྲག་ཆུ་གསུམ་ཡང་སྙན་ངག་གི་ལོངས་སྤྱོད་ཀྱིས་དབུལ་ནས་ཉམ་ཐག་ཏུ་ལུས། ཁོམ་པ་རེ་ཡོད་ན་གང་བྱུང་དུ་ཉོག་བཤད་རེ་རྒྱག་ཅིང་གོ་སྐབས་རེ་ལྡན་ཚེ་དོན་མེད་དུ་སྙན་ངག་རེ་འབྲི་བའི་སྐྱེ་བོ་མང་པོ་ཞིག་ཇ་ཁ་ཆང་ཁ་ནས་མཉམ་འཛོམས་བྱེད་པའི་དུས་ཚོད་བགྲང་གིས་མི་ལོངས་ལ་ཁོ་ཚོའི་གླེང་གཞི་གཙོ་བོ་ཡང་སྙན་ངག་དང་སྙན་ངག་པ་རེད། གླེང་ནས་ཐང་ཆད་པའམ་གླེང་འདོད་མེད་པར་གྱུར་པའི་དུས་སུ་ཁོ་ཚོ་གཞི་རིམ་གྱི་སློབ་གྲྭ་ཁག་དང་གྲོང་རྡལ་གྱི་ལས་ཁུངས་རྣམས་སུ་སྙན་ངག་དང་འབྲེལ་བ་མེད་པའི་ལས་ཀ་ཞིག་བསྒྲུབ་པར་འགྲོ་བཞིན་ཡོད།ཁོ ་ཚོ་ཇི་ལྟར་ཨུ་ཚུགས་ཀྱིས་སྙན་ངག་ལ་འཐམས་རུང་སྙན་ངག་གིས་ཁོ་ཚོར་ཁ་བྲལ་བའི་རེ་བ་འདོན་བཞིན་འདུག རྒྱུ་མཚན་ནི་ཁོ་ཚོས་སྙན་ངག་ལ་བཟུང་བའི་ལྟ་བ་དོག་དྲགས་ལ་སྙན་ངག་ལ་དཔྱོད་པའི་ཤེས་རབ་ཀྱང་ཕྲ་དྲགས།
  ཁོ་ཚོ་ན་རེ།སྙན་ངག་ནི་གཞན་གྱི་མནར་གཅོད་ལ་ངོ་རྒོལ་བྱེད་སྟངས་ཤིག་ཡིན།དེ་ཉིད་རང་ཉིད་ཀྱི་འབོད་སྒྲ་ཡིན་པས་གང་བྱུང་དུ་བྲིས་ཆོག་ལ་ཁྱོད་ཀྱིས་ནམ་ཡང་ཨག་རིང་ཞིག་ཐོས་ཐུབ། ཕྲན་གྱིས་ལན་དུ། ཁྱོད་ཀྱིས་བཅོས་སུ་མེད་པའི་རྟེན་འབྲེལ་གྱི་ཆོས་ཉིད་ཀུན་རིང་གི་དགྲ་ཟླར་བཟུང་ཡོད་དམ།མངོན་སུམ་གྱི་བཀོད་པ་དག་གིས་ཁྱོད་ཉིད་འཁོས་ཆུང་གི་མི་ཞིག་ཏུ་བསྒྱུར་བ་སུ་ཡིས་བསྙོན།
  ཁོ་ཚོ་ན་རེ། ལྷ་མོ་དབྱངས་ཅན་མ། ང་ནི་ཁྱོད་ཀྱི་བུ་ཕྲུག་ངོ་མ་ཡིན།
  ཕྲན་གྱིས་ལན་དུ།ཁྱེད་ལ་ལྷ་ཆེན་ཚངས་པ་བཞིན་ཁོ་མོར་ལོ་ངོ་སྟོང་ལ་སྒུག་པའི་ཁོམ་ལོང་ཡང་ཡོད་དམ།
  ཁོ་ཚོ་ན་རེ།ང་ལ་སྙན་ངག་འབྲི་བྱེད་ཀྱི་ཐ་སྙད་མང་པོ་ཞིག་ཡོད་ན་ཅི་མ་རུང་།
  ཕྲན་གྱིས་ལན་དུ།ང་ཚོར་སྡེབ་སྦྱོར་རིག་པའི་ཞེས་པའི་སྙན་ངག་ལ་མཛེས་ཉམས་བཏོད་བྱེད་ཅིག་ཡོད་པ་བརྗེད་སོང་ངམ།ཐ་སྙད་རེ་རེའི་སྒྲ་གདངས་ཀྱི་དྲག་ཞན་དང་ཕོ་མོའི་རྣམ་དབྱེ།བརྩེ་དུངས་ཀྱི་ཚོན་མདོག་སོགས་ཕན་ཚུན་ལ་སྡེབ་ཐུབ་པ་མིན་ན་ཁྱོད་ཀྱིས་ནམ་ཡང་ཚོས་ཁ་གཅིག་ཁོ་ནར་བརྟེན་ནས་རི་མོ་འབྲི་བཞིན་ཡོད་པ་ཁོ་ཐག་རེད།
  ཁོ་ཚོ་ན་རེ།བདག་གིས་རང་ཉིད་ཀྱི་ཡོད་ཚད་སྙན་ངག་ཏུ་བྲིས་ཚར།སྤུན་ཟླ་དང་གྲོགས་མོ་ཚོར་ཕུལ་བའི་སྙིང་གཏམ་ཡང་སྙན་ངག་ཏུ་བྲིས་ཚར།གངས་རི་དང་དར་ལྕོག་སོགས་ཀྱང་སྙན་ངག་ཏུ་བྲིས་ཚར།ད་ནས་བཟུང་བདག་ལ་འབྲི་རྒྱུ་མི་འདུགཕྲན་གྱིས་ལན་དུ།ཁྱོད་ཀྱིས་བྲིས་པ་ནི་ཕྱི་ཤུན་ཡིན་པ་ལས་རྣམ་ཤེས་མ་རེད།དེ་ནི་ཁྱོད་ཀྱི་སྙན་ངག་ལ་བརྗིད་རྔམ་མེད་པས་སོ།། 

              གསུམ་པ། ང་ཚོའི་ལས་འགན།

  སྙན་ངག་ལེགས་པོ་ཞིག་གིས་སྤྱིར་བཏང་གི་ཀློག་པ་པོ་རྣམས་ལ་སུན་སྣང་དང་ངལ་དུབ་སྟེར་བ་ནི་ཆོས་ཉིད་ཅིག་རེད། རྒྱུ་མཚན་ནི་ཡོད་དེ་དེ་ནི་ཚད་མཐོ་བའི་ཤེས་རབ་ཀྱི་མངོན་སྟངས་ཤིག་ཡིན་པ་ལས།དམངས་གླུ་དང་སྟོན་བཤད།འབེལ་གཏམ།ཁ་ཤགས་ཇི་བཞིན་ཀུན་གྱིས་ལོངས་སྤྱོད་བྱེད་སླ་བ་ཞིག་ག་ལ་ཡིན།དེའི་ཕྱིར་ཕྲན་གྱིས་སྙན་ངག་གསར་རྩོམ་ལ་འཇུག་འདོད་པའི་གྲོགས་པོ་ཚོར་གཤམ་གྱི་རེ་བ་དག་འདོན་རྒྱུ་ཡིན་ལ་འདི་དག་ནི་ང་ཚོའི་ལས་འགན་ཡང་ཡིན་པར་སྙམ། སྙན་ངག་ནི་རང་ཉིད་ཀྱི་བསམ་བློའི་གཏིང་ཟབ་སར་སྦས་པའི་གནས་ལུགས་དང་བརྩེ་དུངས་ཕྱིར་བྱོ་བ་ཡིན་པས། དེས་དངོས་པོའི་འཇིག་རྟེན་གྱི་གཤིས་ལུགས་དང་དེ་དང་འབྲེལ་བའི་ལྟར་སྣང་གི་བཀོད་པ་མང་དག་ཅིག་ལ་བརྩི་་བཀུར་བྱེད་དགོས་པ་མ་ཡིན།
  སྙན་ངག་འཁྲུངས་པ་ནས་ཁྱོད་ཀྱིས་དག་ཞིང་ངམ་དམྱལ་ཁམས་ལྟ་བུའི་ཞིང་ཁམས་ཤིག་གསར་དུ་རྙེད་ཟིན་པས་དུས་ནམ་ཡང་ཀློག་མཁན་ཚོའི་བསྟོད་ཚིག་གི་ཆོ་ལོར་སྒུག་དགོས་དོན་ཅི་ཡོད། ཁྱོད་ལ་མཚོན་ན་ཁེར་རྐྱང་དུ་སྡོད་པ་ནི་གཟི་བརྗིད་ཅིག་དང་རྒྱལ་ཁ་ཞིག་མ་ཡིན་ནམ།
  སྙན་ངག་གི་མཆོད་སྟེགས་མདུན་དུ་པུས་ཚུགས་སུ་སྡོད་པའི་ཁྱོད་ཀྱིས་དགེ་སྡིག་དང་ལེགས་ཉེས། བཟང་ངན་དང་མཆོག་དམན་སོགས་ཚད་ཤིང་མང་པོའི་ཞལ་ཟས་ཙམ་བཤམས་ཏེ་སྙན་ངག་གི་ལྷ་ཆེན་པོའི་དངོས་གྲུབ་ལ་སྒུག་གམ། ཁྱོད་ཀྱིས་དུས་སྔ་མོ་ནས་རང་ཉིད་ལ་དབང་བའི་ཤེས་རབ་ཀྱི་བང་མཛོད་ནི་ཅི་འདྲ་ཞིག་ཡིན་པ་དང་།དེའི་ནང་དུ་ཤེས་རིག་གི་རིན་པོ་ཆེ་ཅི་ཙམ་ཤོང་བའི་ཐད་ལ་བསམ་གཞིག་མ་བཏང་པར་མགོ་འཐོམས་པའི་ངང་སྙན་ངག་འབྲི་བཞིན་ཡོད་ན།ཅུང་མི་འགོར་བར་ཁྱོད་ཀྱིས་འདི་ནི་ཆེས་སྙིང་པོ་མེད་པའི་ཚུལ་འཆོས་ཀྱི་ལས་ཀ་ཞིག་ཡིན་པ་གསལ་བོར་ཚོར་ངེས།ཁྱོད་ཀྱིས་སྔོན་ཆད་བྱོན་མྱོང་བའི་སྙན་ངག་པ་ཆེན་པོ་དག་དང་བགྲོ་གླེང་བྱས་པ་བརྒྱུད་དེ་རང་ཉིད་ཀྱི་བརྩམས་ཆོས་ལ་ཐར་ལམ་སྟེར་རྒྱུ་གལ་ཧ་ཅང་ཆེ།
  མཐའ་འཁོར་གྱི་འཕྲུལ་ཆས་དང་ཤོག་དངུལ་ཇི་ལྟར་འགུལ་རུང་ཁྱོད་ཀྱིས་རང་ལ་སྙན་ངག་གིས་བཟོས་པའི་རྣམ་ཤེས་ཤིག་ཡོད་པ་དྲན་པར་གྱིས། དེ་ལྟར་ན། ཁྱོད་ཉིད་དངོས་དོན་གྱི་སྙན་ངག་པ་ཞིག་ཏུ་འགྱུར་སྲིད་པ་ཅི་ལ་མིན།

རྩོམ་ཁུངས། 《མཚོ་སྔོན་བོད་ཡིག་གསར་འགྱུར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།