སྙན་ངག་པའི་འགན་འཁྲི་དང་སྙན་ངག་པའི་ན་ཟུག

སྙན་ངག་པ་ནི་ཚོར་བ་ཧ་ཅང་སྐྱེན་པའི་འགན་འཁྲི་རིང་ལུགས་པ་ཞིག་དང་ན་ཟུག་རིང་ལུགས་པ་ཞིག་ཡིན་དགོས་ཏེ།འགན་འཁྲི་ཡོད་པའི་རྐྱེན་གྱིས་ན་ཟུག་ཡོད་པ་ཡིན་ལ།ན་ཟུག་ཡོད་པའི་རྐྱེན་གྱིས་འགན་འཁྲིའང་ཡོད་པ་ཡིན།སྙན་ངག་པས་ན་ཟུག་ལས་འགན་འཁྲི་རྙེད་ཅིང་འགན་འཁྲི་ཡིས་ན་ཟུག་བསྐྱེད་པའི་རྐྱེན་གྱིས།སྙན་ངག་ནི་མི་རྣམས་ཀྱི་སེམས་པའི་གཏིང་རུམ་དུ་མེ་བཞིན་མཆེད་དེ་འོད་བཞིན་འཕྲོས་པ་རེད།
           
སྙན་ངག་ནི་བདེན་དོན་གྱི་རང་སྒྲ་དང་དུས་རབས་ཀྱི་གོམ་སྒྲ།ལོ་རྒྱུས་མདུན་སྐྱོད་ཀྱི་གོམ་སྒྲ་ཡིན་དགོས་ན།དེ་ནི་སྙན་ངག་པའི་ན་ཟུག་དང་འགན་འཁྲིས་བསླངས་པའི་སེམས་ཁོང་གི་གླུ་དང་བརྩེ་དུངས་ཀྱི་མེ་ལྕེ།བླ་སྲོག་གི་འོད་སྣང་ཡིན་དགོས།སྙན་ངག་པས་ཐོག་མར་སྤྱི་ཚོགས་དངོས་དང་འཚོ་བ་དངོས་ལས་རྣམ་པའི་བརྩེ་དུངས་ཀྱི་རྒྱུད་དཀྲོལ་ནས་དྲང་བདེན་གྱི་སྐད་ཆ་འཆད་དགོས་ཏེ།“གལ་སྲིད་རྩོམ་པ་པོའི་སེམས་ཁོང་ནས་བརྡོལ་བའི་བརྩམས་ཆོས་ཤིག་མིན་ཚེ། དེ་འདྲའི་སྒྱུ་རྩལ་གསར་རྩོམ་ལ་ཚེ་སྲོག་ཡེ་ནས་ལྡན་ཐབས་མེད” (མེ་ལི)ཅེས་གསུངས་པ་ལྟར། བརྩེ་དུངས་ནི་ན་ཟུག་ཅིག་ཡིན་ལ། ན་ཟུག་དེ་འགན་འཁྲི་ཞིག་ཡིན་འོས། དེ་བས་ན་སྙན་ངག་པ་ངེས་པར་སྤྱི་ཚོགས་དངོས་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་འདྲ་མིན་སྣ་ཚོགས་རང་སེམས་སུ་བསགས་ཤིང་བསྡུས་ཏེ་བརྩེ་དུངས་དང་ན་ཟུག་གིས་བསྙལ་ན།ད་གཟོད་མི་སེམས་བཟི་ཞིང་མྱོས་པར་བྱེད་པའི་སྙན་ངག་ཕྲིས་ཤིང་།དེ་ནས་སྙན་ངག་པས་མི་དམངས་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས་ཏེ།སྙན་ངག་པས་རང་ཉིད་ཀྱི་ཁོར་ཡུག་ཆུང་ངུ་ཞིག་ནས་ནད་མེད་འཁུན་སྒྲ་འབྱིན་པ་དང་།ཚོར་སྣང་མཚར་བོ་ཙམ།ཚིག་སྦྱོར་བདེ་མོ་ཙམ་ལ་ཤི་འཐམ་རོ་འཐམ་མི་བྱེད་པར།མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ་མི་དམངས་ཀྱི་བདེ་སྡུག་ཡིད་དུ་བརྣག་དགོས་ལ།བདེན་དོན་གྱི་རང་སྒྲ་སྒྲོག་དགོས།ལྷག་པར་ང་ཚོ་བོད་ཀྱི་སྙན་ངག་པ་ཞིག་ལ་མཚོན་ན། དུས་རབས་ཀྱི་བླང་བྱ་དང་འབོད་སྐུལ་གྱི་མདུན་དུ།རང་མི་རིགས་ཀྱི་ཆག་འཇིག་དར་རྒུད་དང་བདེ་སྡུག་དགའ་སྐྱོ་ཡོད་ཚད་རང་ཉིད་ཀྱི་ན་ཟུག་དང་རང་ཉིད་ཀྱི་འགན་འཁྲི་ལྡོག་མེད་དུ་བརྩིས་ནས།མི་རིགས་ཀྱི་སྙིང་སྟོབས་དང་བླ་སྲོག་ལ་འབོད་སྐུལ་གཏོང་དགོས།གཞན་ཡང་གལ་འགངས་ཆེ་བ་ཞིག་ནི།བྲིས་པའི་སྙན་ངག་གི་རྣམ་པར་མཛེས་ཚོར་ཡོད་དགོས་ལ།བརྗོད་པའི་བརྩེ་དུངས་ལ་མཛེས་དཔྱོད་ཀྱི་རིན་ཐང་དང་།མཚོན་པའི་བསམ་བློ་ལ་མཛེས་པའི་ཟིལ་ཤུགས་ཡོད་དགོས་ཏེ།མཛེས་པ་ནི་སྙན་ངག་གི་ངོ་བོ་དང་བླ་སྲོག་ཡིན་ལ།མཛེས་པ་ནི་སྙན་ངག་དང་བསམ་བློ། འཆར་རྟོག་དང་བསམ་གཞིག སྤྲོ་སྣང་དང་ན་ཟུག་བཅས་ལས་གྲུབ་པ་ཞིག་ཀྱང་ཡིན་པས། ང་ཚོས་མཛེས་པའི་ཚོར་སྣང་དེ་འཚོལ་སྙེག་བྱ་དགོས་ལ།རྣམ་མའི་བརྩེ་སེམས་སམ་ན་ཟུག་ནི་དེ་བས་ཀྱང་འཚོལ་སྙེག་བྱེད་དགོས།སྤྱིར་རྣམ་པ་ནི་ཕྱི་གོས་དང་བརྗོད་སྙིང་ནི་རྣམ་ཤེས་ཡིན་པས།སྙན་ངག་ལ་རྣམ་ཤེས་མེད་མི་རུང་།སྙན་ངག་ལ་རྣམ་ཤེས་མེད་ཚེ་མཛེས་དཔྱོད་ཀྱི་ནུས་པ་ཐོན་མི་ཐུབ་པ་ཡིན།དེ་བས་རྣམ་པ་དང་བརྗོད་སྙིང་ལེགས་སྡེབ་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ།སྙན་ངག་གི་རྣམ་ཤེས་ནི་སྙན་ངག་གི་རང་གཤིས་ཡིན་པའང་བཤད་མི་དགོས་མོད།འགན་འཁྲི་དང་ན་ཟུག(བརྩེ་སེམས)ནི་སྙན་ངག་གི་རང་གཤིས་ལ་སྟོབས་ཤུགས་སྐྱེད་བྱེད་ཅིག་ཡིན་པས།དེ་ནི་མཛེས་དཔྱོད་ཀྱི་ཡང་སྙིང་དུ་འཇོག་འོས།དེ་ལྟར་དོན་དངོས་ཡོད་ཚད་སྒྱུ་རྩལ་གྱི་དོན་དངོས་སུ་བསྒྱུར་པ་དང་།དོན་དངོས་ཀྱི་སྣང་བརྙན་དེ་སྒྱུ་རྩལ་གྱི་སྣང་བརྙན་དུ་བསྒྱུར་པར་འབད་འབུངས་བྱེད་དགོས།

སྙན་ངག་པ་ཞིག་ཡིན་པའི་ཆ་དང་སྒྱུ་རྩལ་གྱི་མདུན་གྲལ་ཟིན་པའི་སྙན་ངག་གི་གསར་རྩོམ་པ་ཞིག སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བའི་སྙན་ངག་པ་ཞིག་ཡིན་པའི་ཆ་ནས། འདུ་ཤེས་རིགས་གཉིས་ཆགས་པར་བྱ་དགོས་ཏེ།གཅིག་ནི་རང་བཤེར་གྱི་འདུ་ཤེས་ཡོད་དགོས་ལ།ཅིག་ཤོས་ནི་རང་རྟོགས་ཀྱི་འདུ་ཤེས་ཡོདདགོས།ཡིན་ན་འང་།འགན་འཁྲི་དང་ན་ཟུག་དེ་ཁ་གཡང་ཁོ་ན་ཙམ་ཞིག་མིན་པར་རང་རྟོགས་ཤིག་ཡིན་དགོས་པ་དང་།ངང་ཉིད་དུ་བྱུང་བ་ཞིག་ལས་བཙན་འཇོག་བྱེད་པ་ཞིག་ཀྱང་མིན།སྙན་ངག་པའི་འགན་འཁྲི་དང་ན་ཟུག་དེ་སྒྱུ་རྩལ་གྱི་རེ་སྙེག་རྣམ་མ་ཞིག་ཡིན་པས།དེ་ཕྲག་ལ་བཙན་འཇོག་བྱས་ན་སྙན་ངག་གི་རང་གཤིས་དང་སྒྱུ་རྩལ་གྱི་སྣང་བརྙན་ལ་གནོད་སྲིད།

སྙན་ངག་ནི་སྙན་ངག་པའི་བླ་སྲོག་གི་གཏིང་རུམ་དུ་འཚེར་བའི་འོད་སྣང་རྣམ་དག་དེ་དང་།སྙིང་སྟོབས་ཀྱི་ཉིང་བཅུད་ཅིག་ཡིན་པས།སྙན་ངག་པའི་འགན་འཁྲི་ནི་སྙིང་སྟོབས་གསར་སློང་གི་འགན་འཁྲི་དང་།མིའི་རིགས་དང་མི་རིགས་ཀྱི་ལས་དབང་ཁ་ཕྱོགས་བཟང་སྒྱུར་གྱི་འགན་འཁྲི། སྔོན་ཐོན་དུས་རབས་ལ་འཁྲིད་པའི་འགན་འཁྲི། ཐ་སྙད་གསར་སྐྲུན་གྱི་འགན་འཁྲི། ཕ་སྐད་དག་གཙང་སྲུང་བའི་འགན་འཁྲི།སྙན་ངག་དར་རྒྱས་སུ་གཏོང་བའི་འཁན་འཁྲི་བཅས་ཡིན་ལ།དེ་དག་ནི་སྙན་ངག་པའི་ཆེས་ན་ཟུག་ཆེ་བའི་རྨ་ཁ་ཞིག་ཏུ་རང་ཤུགས་ཤུ་འགྲུབ་དགོས་ཤིང་།གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ནས་མངོན་སུམ་དུ་མཚོན་པར་དགོས་པ་ཞིག་ཡིན་པར་འདོད་དོ།།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་འགན་འཁྲི་དང་སྙན་ངག་པའི་ན་ཟུག

2009-02-23 འབྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།