༼ལྷ་ཤིང་གི་སྐྲ་ལོ་ཟགས་པ༽ཞེས་པའི་སྙན་ངག་ལ་ཕྲན་ཙམ་དཔྱད་པ།

རིག་བྱེད་སྐྱབས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-26

    ལྷ་ཤིང་གི་སྐྲ་ལོ་ཟགས་པ།
                            འཇམ་དཔལ་རྡོ་རྗེ།
སྟོན་གྱི་ཤིང་སྡོང
བ་མོའི་ཁུར་གྱིས་དུད་པའི་ལང་ཚོ་འདི་ཅི་འདྲའི་མཛེས་ཨང

བསིལ་རླུང་འཇགས་སོང 
ཁ་བའི་མེ་ལྕེ་འདིས
དགུན་གྱི་སོ་ཕྲེང་ངོམ་གྱིན་འདུག
མ་རེད   སྟོན་གྱི་སྡོང་ལོ་འདིས
ཁུ་བྱུག་རྒྱང་དུ་སྤྱུགས་སོང

དེ་རིང
དཔྱིད་ཀྱི་མེ་ཏོག་རྗེས་སུ་ཁྲིད་པའི་བསྐལ་བའི་མཛེས་སྡུག་ལ་ཅི་འདྲའི་རྒྱང་ཐག་རིང

ཤིང་སྡོང་ཡ    གར་མའི་གཟུགས་ཀྱིས་ཚུར་མ་ཡོང
ཆུ་ཤེལ་ལས་དྭངས་པའི་ང་ཡི་སེམས་པ་ཟླ་བའི་གཟུགས་བརྙན་ལ་ཆགས་ཡོད

དུས་ཚོད་ས་ལ་ཟགས་ནའང
ལྷ་ཤིང་གི་ཚོགས་ཀྱིས་ལྗང་མདོག་གི་རྨི་ལམ་འཁྲུངས་པའི་དུས་ཚིགས་ཤིག་རུམ་ཡོད
                                     ༢༠༠༩  ༩

                    ༼ལྷ་ཤིང་གི་སྐྲ་ལོ་ཟགས་པ༽ཞེས་པའི་སྙན་ངག་ལ་ཕྲན་ཙམ་དཔྱད་པ།
                                                                       ཕྲན་དཔྱད་པ།རིག་བྱེད་སྐྱབས།
    སྙན་ངག་ཅེས་པ་ནི་གཙོ་བོ་རྩོམ་པ་པོས་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་མངོན་པར་བྱེད་པ་སྟེ་ཡིན།དེ་བས་༼ལྷ་ཤིང་གི་སྐྲ་ལོ་ཟགས་པ།༽ཞེས་པའི་སྙན་རྩོམ་འདིའི་མགོ་བརྩམས་མ་ཐག༼སྟོན་གྱི་ཤིང་སྡོང་།བ་མོའི་ཁུར་གྱིས་དུད་པའི་ལང་ཚོ་འདི་ཅི་འདྲའི་མཛེས་ཨང་།༽ཞེས་པས་སྟོན་མཇུག་གི་འབྲས་བུ་སྨིན་པའི་ཤིང་སྡོང་དག་དང་སྐབས་དེའི་བློ་བདེ་བག་ཕེབས་ཀྱི་འཚོ་བ་རོལ་བཞིན་པའི་ཞིང་འབྲོག་དམངས་ཚོགས་ཀྱི་གཟུགས་བརྙན་ཞིག་གཅིག་སྡུད་སྒོས་གསར་བཞེངས་བྱས་ནས།རྩོམ་པ་པོ་ཁོང་གིས་ཡ་ཆུང་སེམས་དང་ཁྲ་ཆུང་མིག་ལམ་དུ་མཛེས་སྡུག་གི་ལང་ཚོ་རྫོགས་པའི་བུ་མོ་མཛེས་མ་ལྟ་བུའི་གཟུགས་བརྙན་ཞིག་གསར་བསྐྲུན་བྱས་ནས་རྩོམ་མགོ་བསླང་ཡོད།འདི་ལྟར་བྱས་ན་ཀློག་པ་པོའི་སེམས་ལ་ཡང་རང་དབང་མེད་པར་རང་གི་དྲན་རྟོག་ལས་བྱུང་བའི་ཞིང་བཀོད་ཅིག་གི་སྣང་བརྙན་ཤར་ཐུབ་པའི་ནུས་པ་ལྡན།དེ་ནས་བྱེ་བྲག་གི་སྟོན་མཇུག་གི་བསིལ་རླུང་འཇགས་ནས་ཁ་བའི་འདབ་མ་བར་སྣང་ན?་འཐོར་བ་དང་སྡོང་བོའི་ལོ་མ་རྣམས་ས་ལ་ལྷུང་བའི་དུས་ཚིགས་དེ་གླེང་དུས།མགོ་ནག་བོད་པ་དགའ་སའི་ལྷ་བྱ་ཁུ་བྱུག་དེ་ཡང་རང་དབང་མེད་པར་གཞན་ཡུལ་འགྲིམས་དགོས་པའི་གཏམ་རྒྱུད།གྲང་རླུང་འུར་འུར་གྱི་ངར་སྐད་དང་ཁ་བ་བུ་ཡུག་གི་དགུན་ཁ་སྟེ་ང་ཚོའི་ཡིད་ངོར་སྣང་བའི་སྲིན་པོ་སྡུག་ཅན་བཞིན་ངར་སྒྲ་དང་མཆེ་བ་གཙིགས་བཞིན་ང་ཚོའི་སྟེང་དུ་མཆོངས་ཡོང་བས་འཇིགས་སྐྲག་གི་ཡིད་གཟུགས་ཞིག་བྲིས་ནས་རྩོམ་པ་པོས་སྟོན་གྱི་དུས་ཚིགས་དེ་འདས་ནས་དགུན་ཁ་སླེབས་བཞིན་པའི་སྣང་བརྙན་དེ་མཚོན་པར་བྱས་ཡོད།སྟོན་མཇུག་གི་དུས་ཚིགས་འདི་ཕར་འདས་ནས་སྡོང་ལོ་འཐོར་བ་དང་ཁ་བ་སོགས་རྩོམ་པ་པོ་དང་ཇ?་ཉེར་ཕྱིན་སྐབས་རྩོམ་པ་པོས་སེམས་ནས་འདོར་མི་འདོད་པའི་སྟོན་མཇུག་གི་དྭངས་གཙང་གི་ཆུ་བོའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བའི་མཛེས་སྡུག་ལ་རོལ་བའི་སེམས་པ་དེ་འགོག་མེད་དུ་སྐྱེས་པ་དང་སང་ལོའི་སྟོན་མཇུག་ལ་རེ་སྒུག་བྱས་ན་དུས་ཚོད་ཡུན་རིང་ཞིག་འགོར་སྲིད་པས་སེམས་ལ་སྐྱོ་བ་སྐྱེས་ཀྱང་།འོན་ཀྱང་དུས་ཚོད་སྐར་ཆ་རེ་རེ་བཞིན་ཕར་འདས་ཀྱང་རྩོམ་པ་པོས་སྡོང་ལོ་ཤིག་ཤིག་བྱེད་པའི་སྟོན་མཇུག་དེ་སེམས་ནས་ཡལ་མི་ཐུབ་པར་རྨི་ལམ་ལྟ་བུར་རོལ་བཞིན་རེ་སྒུག་བྱེད་པའི་སེམས་ཁམས་ཞིག་མཚོན་ཡོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ལྷ་ཤིང་གི་སྐྲ་ལོ་ཟགས་པ༽ཞེས་པའི་སྙན་ངག་ལ་ཕྲན་ཙམ་དཔྱད་པ།

2011-05-26 རིག་བྱེད་སྐྱབས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།