《གླུ་སྐད་སྐྱ་བོ》ཞེས་པའི་བརྩམས་སྒྲུང་དེབ་བཀླགས་པ།

       <<གླིང་སྒྲུང>>དང<<ཆུ་ངོགས་གཏམ་རྒྱུད>>ལྟ་བུ་དག་ལ་གོ་བ་ལོན་ཙམ་གྱི་མིས་བལྟས་ན་གོ་རྒྱུ་ཅི་ཡང་མེད་ལ།<<གཟུགས་འགྱུར་ཟིན་ཐོ>>དང<<མེས་པོ>>ལྟ་བུ་དག་ལ་གོ་བ་ལོན་ཙམ་གྱི་མིས་བལྟས་ན་ནི་རབ་རིབ་ཙམ་གྱི་གོ་བ་ལས་མི་བསྐྱེད་པ།གཞན་ལྟ་ཀློག་གི་རིག་པ་ཀློང་དུ་བརྡོལ་ཟིན་པ་ཞིག་གིས་བལྟས་ན་བསམ་ཚུལ་ཇི་འདྲ་སྐྱེ་མིན་བདག་གིས་མི་ཤེས་པ་ནི<<གླུ་སྐད་སྐྱ་བོ>>ཡིན་ངེས།མི་ལོ་མང་བོར་སྒྲུང་གཏམ་བཀླགས་པའི་གོ་རིམ་ཁྲོད་ནས།ངས་སྒྲུང་གཏམ་གང་ཞིག་བཀླག་ཀྱང་ཐོག་མར་སྒྲུང་གཏམ་དེའི་ནང་གི་མི་སྣ་དང་དུས་ཚོད།ཁོར་ཡུག་དང་བྱུང་རིམ།སྐད་ཆ་དང་བརྗོད་དོན་སོགས་ལ་གཙོ་ཆེར་མཉམ་པར་བཞག་པ་ཡིན།དེ་བས་ཀྱང་རྙོག་འཛིང་རང་བཞིན་གྱི་སྒྲུང་གཏམ་ལ་ང་ལྷག་ཏུ་དགའ།སྒྲུང་གཏམ་ཞེས་པ་འདིས་མིའི་རིའི་རིགས་ཀྱི་རྩོམ་རིག་གི་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པ་དེ་བཞིན་དུ།བདག་གི་དཔེ་ཀློག་གི་བྱ་བའི་ཁྲོད་དུའང་གོ་གནས་ཆེ་ཙམ་བཟུང་ཡོད།བདག་གིས་སྐྱབས་ཆེན་གྱི<<གླུ་སྐད་སྐྱ་བོ>>ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་འདི་བཀླགས་ཚར་དུས།ཐོག་མའི་ཚོར་སྣང་ནི་བརྩམས་ཆོས་འདི་དག་ལ“སྒྲུང”གི་རྣམ་པ་དེ་ཙམ་མི་ལྡན་པ་དེ་རེད།དེ་མི་འདུག་ཟེར་དོན་ཡང་།<<ཀླུ་འབུམ་མི་རྒོད>>དང<<ལྷ་སའི་འགྲུལ་བའི་ཧར་སད>><<དགྲ་ཤ་ལེན་པ>>སོགས་ལྟ་བུའི་བརྗོད་བྱ་རྡོག་རྡོག་ཅིག་ཕ་རོལ་བོར་འཆད་དུ་མེད་པས་ཡིན།ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་འཕེལ་རྒྱས་ཤིག་ཏུ་རྩིས་ཆོག་ཀྱང་སྲིད།ང་རང་རང་ཉིད་ཀྱིས་བལྟས་ཟིན་པའི་དཔེ་ཆའི་ནང་དོན་གྲོགས་པོ་དག་ལ་ངོ་སྤྲོད་དམ་བརྒྱུད་སྒྲོག་བྱེད་པར་ཧ་ཅང་དགའ།ཡིན་ཡང་ད་ཐེངས་བདག་གིས་དཔེ་ཆ་འདི་བཀླགས་ཚར་དུས།<<ལྷིང་འཇགས་ཀྱི་རྩྭ་ཐང>>འཆད་པ་ཇི་བཞིན་སུ་ཞིག་ལ་གང་ཞིག་ཤར་ཤར་དུ་བརྗོད་ཐུབ་མ་སོང་།ངས་དེའི་ནང་གི<<གླུ་སྐད་སྐྱ་བོ>><<ཚེ་རིང་དོན་གྲུབ>><<ཚངས་མགུར་དང་ཤོག་དངུལ>><<གྲྭ་ལྡོམ>>><<ཉིན་འགའི་རྗེས་སུ>><<ལོ་དེའི་དཔྱིད་ཀ>>སོགས་ནི་བདག་ཆེས་དགའ་ཞིང་སེམས་ནས་ཡང་དང་བསྐྱར་དུ་བཀླགས་ཀྱང་ད་དུང་ཅི་ཞིག་གི་ཕག་ན་གང་ཞིག་ཡིབས་འདུག་པ་དེ་མཐོང་མ་ཐུབ་པའི་ཚོར་སྣང་ཡོད་གི་ཞེས་གྲོགས་པོ་ཚོར་ཡང་བཤད་པ་ཡིན།སློབ་གསོའི་གོ་རྟོགས་ཞན་ཅིང་སློབ་གསོར་གཙིགས་ཆེན་མི་བྱེད་པའི་བོད་ཁུལ་དུ་སྐྱེས་པའི་མི་ཞིག་ལ་མཚོན་ནས་བཤད་ན།ཚེ་རིང་དོན་གྲུབ་ཅེས་པའི་མི་སྣ་གཙོ་བོའི་བྱ་སྤྱོད་ལ་ཧ་ལས་རྒྱུ་ཅི་ཡང་མེད།རྒྱུ་མཚན་ནི་ཚེ་རིང་དོན་གྲུབ་ཀྱི་བྱ་སྤྱོད་དེས་ང་ཚོའི་ཁྱིམ་བདག་ཕལ་ཆེར་གྱི་ཚབ་མཚོན་ནུས་ཤིང་།དེ་ལྟ་བུའི་ཁོར་ཡུག་ད་བཟོད་ང་ཚོ་སྐྱེས་པས་ཡིན།ཚེ་རིང་དོན་གྲུབ་གཟའ་མི་གང་བོ་ལྷ་སར་འགྲོ་བའི་དུས་ཚོད་དེ་ཏག་ཏག་སློབ་སྐབས་སུ་ཁེལ་འདུག་པའི་གནད་དེ་གང་ལ་ཐུག་ཡོད།གཏམ་རྒྱུད་ཀྱི་མཇུག་བསྡུ་སྐབས་ཚེ་རིང་དོན་གྲུབ་ཀྱིས“ཞགས་པ་ཁྱེར་ཤོག”ཟེར་དགོས་དོན་ལ་བསམ་བློ་གཏོང་དུས།རྩོམ་པ་བོས་ཞགས་པ་དེ་རི་བོ་སྡོམ་བྱེད་དུ་དགོས་པར་ཡིད་བརྙན་གྱི་ལམ་ནས་བདག་ལ་སྟོན་གྱིན་འདུག་མོད།ངས་གནས་ཚུལ་དེ་དང་ལེན་བྱེད་ཐབས་མ་བྱུང་།རྒྱུ་མཚན་ནི།དེ་ལྟ་བུའི་ཁོར་ཡུག་ནས་ཕམ་ཁ་ཉོ་མཁན་དེ་ཕལ་ཆེར“གཡོ་འོག”ཏུ་ཚད་པའི་བྱིས་པ་དེ་ཡིན་པས་ན།“ཞགས་པ”དེ་སྒོ་ཕྱུགས་གང་ཉིད་ཕྱུགས་ཁྱུ་ནས་བཟུང་སྟེ།སྦྲ་སྒོར་བཤའ་སྤྱད་དུ་བཀོལ་ན་དེ་ལས་ཀྱང་འོས་ཤིང་འཚམས་པ་མ་རེད་དམ།
    གཞན།ཚེ་རིང་དོན་འགྲུབ་ཀྱི་འགྲོ་རོགས་གྲོག་མ་དེའི་སྐོར་ལ་ཅིས་ཀྱང་བསམ་བློ་གཏོང་དགོས་ཏེ།ཚེ་རིང་དོན་འགྲུབ་དོན་ལ་ངོས་ཟིན་ལྟ་བུའི་བྲེལ་ཤ་སློང་མཁན་ནི་གྲོག་མ་དེ་ཡིན་པས་སོ།།འོ་ན་གྲོག་མ་དེ<<གཟུགས་འགྱུར་ཟིན་ཐོ>>འི་ནང་གི་སྦུར་ནག་དེ་ལྟ་བུ་ཞིག་རེད་དམ།ཡང་ན<<ཧྭ་པ་གསོས་པའི་ཟིན་ཟིན་ཐོ>>འི་ནང་གི་ཧྭ་པ་དེ་ལྟ་བུ་ཞིག་གམ།ཡང་ན་གྲོག་མའི་རྣམ་པ་ཅན་གྱི་མི་ཞིག་རེད་དམ།རྩོམ་པ་བོས་ཚེ་རིང་དོན་འགྲུབ་ཀྱི་གདོད་མིའ་གཤིས་ཀ་དེ་ང་ཚོར་སྟོན་ཆེད་སྤྲུལ་བ་འབྱེད་དུ་བཅུག་པ་ཞིག་རེད།ཡང་ན།དོན་ངོ་མར་ང་ཚོའི་དེ་འདྲའི་གྲོག་མའི་རིགས་དེ་ཡོད་དམ་མེད།དགོས་སམ་མི་དགོས།ངོ་གདོང་ཙམ་གྱི་གོ་བ་ལས་མ་ལོན་པ་ཡིན་ན།དེས་ནི་ཀློག་པ་བོར་མ་ཟད་རྩོམ་པ་བོའི་སེམས་ལའང་རྨ་ཁ་འཇོག་སྲིད་པ་ཡིན་པས།ང་ཚོས་ཞུན་བརྡར་དཔྱིས་ཕྱིན་པ་ཞིག་བྱེད་རྒྱུ་ནི་རང་དང་རྩོམ་པ་བོ་ཐུན་མོང་ལ་གཟུང་འོས་པའི་བརྩི་བཀུར་གྱི་རྣམ་འགྱུར་ཡིན།སྒྲུང་གཏམ་འདི་ལས་ང་ཚོས་ཁོང་གི་ཡིད་རྣམ་བློས་བསླངས་བྱེད་སྟངས་དེ་གཞན་དང་མི་མཚུངས་པ་ཞིག་ཡིན་པ་ཤེས་འོངས།གལ་ཏེ་སྒྲུང་གཏམ་པ་ཚང་མའི་མཚོན་བྱ་མཚོན་ཚུལ་དེ་སྣ་གཅིག་ཅན་དུ་གྱུར་སོང་བ་ཡིན་ན།དེས་བསྐྱེད་པའི་བརྩམས་ཆོས་ལའང་བྲོ་གཅིག་མ་གཏོགས་མེད་དེ།ཡང་ན་ཀ་ར་བྲོ་བ་གཅིག་དང་ཡང་ན་ཚྭ་ཁུ་བྲོ་བ་གཅིག་ལས་མིའི་ཤེས་འདོད་དང་འཚམས་པའི“ཞལ་ཟས་རོ་བརྒྱ”དེ་ནམ་ཡང་འབྱུང་ཐབས་མེད་པ་ཡིན།འདིས་ནི་རྩོམ་པ་བོས་ཁོས་མནོ་བསམ་གཏོང་ཕྱོགས་དེ་བོད་ཀྱི་རྩོམ་པ་བོ་བྱིངས་དང་མི་འདྲ་ཞེས་པ་བཤད་པ་དེ་བྱུང་རྒྱལ་དུ་ལབ་དབྱུང་བ་མ་ཡིན་པར་བརྩམས་ཆོས་ཀྱི་སྟེང་ནས་བདེན་དཔང་བྱས་པ་ཡིན།“ཕུན་ནོར་ལ་སྲོག་ཁྲིམས་བཅད་འདུག་ཟེར་བ་ཨེ་གོ ཁོས་ཁྲིམས་དང་འགལ་བའི་ལས་ཀ་ཅི་ཞིག་བྱས་སམ།ཁོས་དགོངས་ཞུའི་ཡི་གེ་ཞིག་གི་རྗེས་སུ“གུས་འདུད་དང་བཅས”ཞེས་པའི་ཡིག་འབྲུ་བཞི་བོ་འབྲི་རྒྱུ་བརྗེད་པ་རེད།”གོང་གི་ཁ་བརྡ་འདི་ནི་རྒས་མོ་གཉིས་ཀྱི་ཁ་བརྡ་སྟེ།<<གླུ་སྐད་སྐྱ་བོ>>ཞེས་པའི་སྒྲུང་གཏམ་དེའི་ཚིག་དུམ་ཞིག་རེད།སྤྱིར་ན་རྩོམ་པ་བོས་སྒྲུང་གཏམ་འདིར་ལས་ངན་མ་ཞིག་གི་ལས་དབང་གཙོ་ཆེར་བརྗོད་ཀྱིན་པ་འདྲ་མོད།ང་ནི་གོང་གི་ཚིག་དུམ་འདིས་དྲངས་སོང་།བདག་གི་བསམ་ཚུལ་ལ་སྐྱབས་ཆེན་གྱི་སྒྲུང་མང་ཆེ་བར་རྩེད་མཚར་གྱི་རང་བཞིན(幽默感)ཅུང་ཤུགས་ཆེ་བར་འདོད།དང་ཐོག་ངས་ཚིག་དུམ་འདི་ཀློག་དུས་སེམས་གཏིང་ནས་དགོད་རྒྱུ་ཞིག་བྱུང་མོད།ཞིབ་ཏུ་བསམ་བློ་བཏང་ན་སྐྱོ་བ་ཞིག་ལས་གང་ཡང་མེད།ཁོར་ཡུག་གིའམ་ཡང་ན་གནོན་ཤུགས་རིགས་ཤིག་ལས་ཡིག་འབྲུ་འགའ་ཡིས་ཀྱང་ང་ཚོ་སྡུག་ལ་སྦྱར་མྱོང་བ་མིན་ནམ།སྔོན་ཆད་ཞང་སྟོན་བསྟན་པ་རྒྱ་མཚོསཁོང་ཡིན་པ་འདྲ།“ཁོས་བརྩམས་པ་ལས་ངས་བསྒྱུར་བ་ལེགས”ཞེས་བཤད་པ་ཙམ་གྱིས་ཁོང་ཚེ་བཙོན་བྱས་སོང་བ་མིན་ནམ།འདི་ནི་མི་རིགས་ཙམ་དུ་སྐད་དང་ཡི་གེའི་ཡ་ང་བའི་ལས་དབང་ཡིན་པ་རེད།སྔོན་ཆད་ཅིག་ལ་དཔྱད་གཏམ་ཞིག་གིས“བོད་ཀྱི་དུང་བརྗོད་སྒྲུང་གཏམ་ཕལ་ཆེར་མི་སྣ་ཕོ་ཡིས་མི་སྣ་མོ་ཡི་དོན་དུ་གང་དང་ཅི་ཞིག་བྱས་དང་བྱེད་བཞིན་པ་བརྗོད་ཀྱིན་ཡོད་པ་མ་གཏོགས་འདི་ལྟར་མོ་ཡིས་ཕོའི་དོན་དུ་འབད་བརྩོན་ཅི་ཞིག་བྱས་པ་བར་ཇོད་པ་ཤིན་ཏུ་ཉུང་།འདི་ནི་ཁྱད་ཆོས་ཤིག་རེད།”ཅེས་བརྗོད་མྱོང་།གལ་ཏེ་བཤད་པ་དེ་བདེན་དུ་ཟིན་ན་ཁྱད་ཆོས་དེ་འདི་ལ་ཡང་ཚང་ཡོད།གཞན།མཇུག་ཏུ་འདང་རྒྱག་ས་ཞིག་ལུས་ཡོད་པ་ནི་མི་སྣ་གཙོ་བོ་པདྨ་ཤི་སོང་བའི་རྗེས་སུ་མི་རྣམས་ཀྱིས་ཐོས་པའི་གླུ་སྐད་སྐྱ་བོ་དེ་སུས་བླངས་པ་དེ་རེད།སྒྲུང་གཏམ་མང་ཆེ་བའི་མཇུག་དེ་རྟོགས་དཀའ་བའི་རྣམ་པར་འདུག་སྟེ།དཔེར་ན།<<ཚངས་མགུར་དང་ཤོག་དངུལ>>ཞེས་པའི་མཇུག་གི“སྦྲེའི་ནང་དུ་སྐྲ་ལོ་དུང་ལྟར་དཀར་བའི་བགྲེས་མོ་ཞིག་གིས་མིང་ལ་དབྱངས་མོ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་བྲང་ཁར་དམ་པོར་སྦྱར་འདུག”ཅེས་པ་ལྟ་བུ་རེད།འདི་ཅིའི་ཕྱིར་རྟོགས་དཀའ་བ་རེད་ཟེར་ན།འདིའི་སྐབས་ཀྱི་དབྱངས་མོ་དང་བགྲེས་མོ་གཉིས་གོང་དུ་བཤད་པའི་མི་སྣ་དེ་གཉིས་ཨེ་རེད་ཅེས་འདྲི་ངེས།
     སྒྲུང་གཏམ་ནི་འཚོ་བའི་མངར་བཅུད་ཡིན་པར་འདོད་པས་ན།ང་རང་ཧ་ཅང་མི་དགའ་བ་ནི་རིག་བྱེད་གཏམ་རྒྱུད་ལྟ་བུའི་སྒྲུང་གཏམ་དག་ཡིན།དེའི་ཕྱིར<<ཚངས་མགུར་དང་ཤོག་དངུལ>>ཞེས་པའི་སྒྲུང་གཏམ་འདི་ཀློག་དུས།ང་རང་དངོན་གནས་དཀའ་ལས་ལ་གཏད་སོང་།སྒྲུང་གཏམ་འདི་གྲོགས་པོ་ཞིག་དང་མཉམ་ཀློག་བྱས་པ་ཡིན་ལ།གྲོགས་པོས་བཏོན་པའི་གློ་བུར་བའི་དྲི་བ་རེ་རེས་ནི་ང་རང་ཅི་བྱ་གཏོལ་བྲལ་དུ་བཏང་སོང་།གྲོགས་པོས“དབྱངས་མོ་མ་གཞི་ནས་འོན་ལྐུགས་ཤིག་ཡིན་པ་མིན་ནམ།”ཟེར།ངས“འོན་ལྐུགས་ཡིན་མིན་གང་ལྟར་ཀྱང་རྩོམ་པ་བོས་སྐབས་འདིར་མི་སྣ་ཟླ་བའམ་ཡང་ན་དེ་འབྲེལ་གྱི་ཚངས་མགུར་ལ་ཐུན་མིན་གྱི་བསྟོད་པ་ཞིག་རྒྱག་གིན་པ་འདྲ།”ཞེས་བཤད།གྲོགས་པོས“འོ་ན<<ཚངས་མགུར>>གྱི་རྩོམ་པ་བོ་ཚངས་དབྱངས་རྒྱ་མཚོ་མ་རེད་དམ།”ཟེར།ངས“དེ་བདེན་ཀྱང<<ཚངས་མགུར>>གྱི་བོད་ཀྱི་འཚོ་དང་སེམས་ཁམས་མཚོན་པའི་ཁྱབ་ཁོངས།བོད་མི་རེ་རེའི་ནང་སེམས་ལ་འབྲེལ་བའི་ཁ་ཐག་དེ་བོད་ཀྱི་བརྩམས་ཆོས་གང་ཆེ་དག་ལས་ཀྱང་གཟེངས་སུ་འཕགས་ཡོད་པ་མིན་ནམ།”ཞེས་བཤད།ད་དུང“དེ་འཕྲལ་བུ་མོས་ཞེས་པ་ནས་དཔར་སྐྲུན་བྱས་པ་ཡིན་ནམ་ཟེར།”ཞེས་པ་དང་།“<<ཚངས་མགུར>>ཞེས་པ་དེ་ཞེས་པ་ནས་ཚིག་ཐག་བཅད།”ཅེས་དང་།“ང་ནི་དབྱིན་ཇིའི་ཞེས་པ་ནས་ནུས་ཤུགས་ཡོད་རྒུ་འདོན་གྱིན་ཡོད།”ལྟ་བུར་ལྷག་ཏུ་བདག་གིས་བཤད་པའི་རྩེད་མཚར་གྱི་རང་བཞིན་ཤུགས་ཆེ་བ་མ་རེད་དམ།གྲོགས་པོས“དབྱངས་མོར་ནད་གསོ་བྱས་རྗེས་བཤད་ཤེས་པའི་སྐད་ཆ་ཐོག་མ་བོ་དབྱིན་ཏེ་ཨན་གྱི་སྐད་ཆ་ཡིན་པའི་རྒྱུ་ཚན་ཅི་རེད།”ཟེར།ངས“འཇིག་རྟེན་དུ་ང་ཚོ་ལྟར་བསམ་བློ་ནར་མ་སོན་པའམ།ང་ཚོའི་ཇི་བཞིན་ཐབས་ཆག་གིས་འཚོ་བ།ད་དུང་ང་ཚོ་ལྟར་འཕྲུལ་ཆས་དུས་རབས་ཀྱིས་བསྐྱུར་བའི་མི་རིགས་ཤིག་འཚོལ་དགོས་ན།དབྱིན་ཏེ་ཨན་མི་རིགས་ལས་གང་འཚོལ།”ཞེས་ཡིན་མདོག་གིས་ལབ།སྒྱུ་རྩལ་གྱི་ཡང་སྙིང་དེ་སུས་ཀྱང་ཤེས་མི་ཆོག་པ་ཞིག་ཡིན་མི་སྲིད་ལ།སྒྱུ་རྩལ་གང་ཞིག་ཤི་གསང་རོ་གསང་གི་བྱེད་པའི་དགོས་པ་ཡང་མི་འདུགའོ་ན།ང་ཚོས་ཅིའི་ཕྱིར་སྒྱུ་རྩལ་གྱི་བསླུ་བྲིད་མྱངས་དགོས་པ་རེད་དམ།སླ་མོ་ཞིག་དཀའ་མོར་བཏང་ནས་བཤད་ན་ཨ་མཚར་དུ་འཛིན་མཁན་མང་བ་བདེན་དུ་ཟིན་ཀྱང་།ང་ཚོར་ནི་དཀའ་མོ་ཞིག་སླ་མོར་བཏང་ནས་འཆད་མཁན་ཞིག་ཇི་འདྲའི་མཁོ་ཨང་།གལ་ཏེ་ཅི་ཞིག་ལ་སྒྱུ་རྩལ་ཟེར་ཞེས་དྲི་བ་གདོན་པའི་དབང་དུ་བཏང་ན།སུ་ལའང་ཁ་ཚང་ཞིག་གཏན་ནས་བཤད་རྒྱུ་མེད་པའམ།བཤད་ཀྱང་གང་ཟག་རེ་རེའི་ཁམས་དང་མོས་པར་མི་མཐུན་པ་ཡིན་ཏེ།སྒྱུ་རྩལ་ནི་ཀྭ་བ་བུམ་པ་ཇི་བཞིན་མཚན་ཉིད་རྡོག་རྡོག་ཅིག་གིས་འཐུས་པར་བྱས་ཆོག་པ་ཞིག་མ་ཡིན་པའི་ཕྱིར་རོ།།སྒྱུ་རྩལ་ནི་སེམས་དང་ཁ་ཐག་ཆེས་ཉེ་བ་དེ་ཡིན་པས་ན།བློ་ལ་འབབ་ཅིང་སེམས་ལ་འཕྲོད་པའི་དངོས་ཆོས་དེར་ད་བཟོད་སྒྱུ་རྩལ་གྱི་ཆ་ཞིག་ཡོད་པ་འོས་མེད་ཀྱི་རིགས་པས་ཁས་ལེན་དགོས་པ་ཡིན།གལ་ཏེ་དངོས་ཡོད་ཀྱི་རིན་ཐང་སྟེ་མི་སེམས་ལ་བསུབ་མེད་ཀྱི་རྗེས་ཤུལ་འཇོག་པའི་བྱེད་ནུས་མི་འཛོམས་ཚེ།དེ་ལ་ནི་སྒྱུ་རྩལ་དུ་ཇི་འདྲར་གདགས་ཀྱང་ངལ་བ་ལས་མེད་པ་ཡིན།འདི་ལྟ་བུའི་རང་ཉིད་ཀྱི་སྒྱུ་རྩལ་མྱོང་བྱེད་ཀྱི་མིག་ཟུང་དེ་ཁྱེར་ནས་ད་གདོད་སྒྲུང་གཏམ་འདིར་ཞུགས་པ་ཡིན་པས།ངས་ནི་རང་གི་བློ་ཁ་དང་འཚམས་པའི་རེས་གསལ་རེས་མོག་གི་སྒྱུ་རྩལ་དེ་ཀུན་རྟོག་གི་བག་ཆགས་ལ་ཡོངས་སུ་བསྒོས་པ་ཡིན།དུས་རྒྱུན་དུ་གྲོགས་པོ་ཚོའི་བརྩམས་ཆོས་ལ་ནུབ་ཕྱོགས་པའི་ཤན་ཤུགས་ཡོད་ཚུལ་མང་བོ་ཞིག་ལབ་མཁན་ཧ་ཅང་མང་།དེའི་རིགས་ཀྱིས་ནི་དོན་ངོ་མར་རང་གི་བློ་གྲོས་ལ་མཐོང་ཆུང་བྱས་པ་རང་ཡིན་ཏེ།དེ་ནི་རང་གི་བསམ་བློ་གཏོང་སྟངས་མ་མཐུན་པ་རྒྱུ་མཚན་དུ་བྱས་པ་རང་ཡིན།ང་ཚོས་འདི་ལྟར་བསམ་ཆོག་སྟེ།གལ་ཏེ་བརྩམས་ཆོས་གང་དེའི་ཤ་དང་རུས་པ་བོད་ཡིན་ཚེ།ནུབ་ཕྱོགས་པའི་ལྭ་བ་ཅི་ཙམ་གྱོན་ཀྱང་བོད་རང་ལས་གཞན་གང་ཡང་མིན་ཏེ།ཚུལ་དེ་ནི<<ལོ་དེའི་དཔྱིད་ཀ>>ཞེས་པའི་སྒྲུང་གཏམ་འདིས་གསལ་བཤད་བྱས་ཡོད་པ་མིན་ནམ།དེའི་ནང་གི་མི་སྣ་གཙོ་བོ་དང་དེས་སྤུན་མཆེད་ལ་བཅངས་པའི་འདང་བརྩེ་ལྷད་མེད་པ་དེ་དང་།བོད་ཀྱི་འཚོ་བ་ལ་ཆ་རྒྱུས་མེད་པའི་མིས་མྱོང་ཐབས་མེད་པའི་འཚོ་བ་རྣལ་མ་དེ་མཚོན་པར་བྱས་པ་སོགས་ནི་ནུབ་ཕྱོགས་པའི་རྗེས་འབྲངས་པ་ཙམ་དུ་མ་ཟད་འཕོངས་ཚོས་ལྡག་པར་བྱས་ཀྱང་ལོན་ཐབས་མེད་པའི་སྟོང་དཀྲུགས་འོ་མའི་མར་ལོ་མ་རེད་དམ།སྒྲུང་གཏམ་དེ་ནི་བདག་ལ་མཚོན་ན་ཅི་ཙམ་བཀླགས་ཀྱང་སུན་རྒྱུ་མེད་པའི་རིགས་དེ་ཡིན་ཞིང་།དེའི་གནད་ཀྱང་མི་སྣ་གཙོ་བོ་དང་ནོར་རྫི་མའི་ཁ་བརྡ།ཁ་བརྡའི་ཟུར་ལས་བསྟན་པའི་ཆེ་ཚུགས་དོར་བའི་མི་གཤིས།མི་གཤིས་དེ་དང་འབྲེལ་བའི་ངན་ངོན་གྱི་འཚོ་བ་དེ་ལ་ཐུག་ཡོད།སྤྱིར་ན་ཆེས་སེམས་སྡུག་བྱེད་ནི་མཐའ་མཇུག་གི་བོའུ་སྐད་དེ་ཡིན་ནའང་།དེ་ལས་ང་ཚོའི་མག་མོག་གི་དྲན་པར་ཅིས་ཀྱང་དགོས་པའི་གསལ་གདབ་རེ་གནང་གི་འདུག་ན།དེ་ཡང་སྐྱོ་བ་ལས་རྙེད་པའི་དགའ་འོས་པའི་དོན་ཞིག་མ་རེད་དམ།<<གྲྭ་ལྡོམ>>ཞེས་པ་ལས་བདག་གིས<<གྲྭ་ལྡོམ་དང་གཞན་དག>>ཅེས་པའི་སྙན་ངག་གི་ས་བོན་རྙེད་པ་ཡིན་ལ།སྒྲུང་གཏམ་འདིས་བྱིན་པའི་བློ་བསྐྱེད་ནི་སྙན་ངག་དེའི་ཐོག་མཐའ་བར་གསུམ་ལ་གོས་ལ་སྣུམ་དང་ཏིལ་ལ་ཏིལ་མར་གྱི་ཚུལ་གྱི་སིམ་འདུག་པས་ན།དེ་ལས་བདག་གི་ཚོར་བ་བཙལ་ཆོག་གོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《གླུ་སྐད་སྐྱ་བོ》ཞེས་པའི་བརྩམས་སྒྲུང་དེབ་བཀླགས་པ།

2011-03-20 མེ་དཔུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།