ང་ཚོའི་རྩོམ་རིག་གི་མི་འདང་ས་གང་ན་ཡོད།

      དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་མེས་རྒྱལ་གྱི་ས་གནས་སོ་སོ་དང་འདྲ་བར་བོད་ཀྱི་རྩོམ་རིག་ལའང་གསོན་ཤུགས་གསར་པ་རྒྱས་བྱུང་། སྒྲུང་གཏམ། སྙན་ངག ལྷུག་རྩོམ།དཔྱད་མོལ་སོགས་གང་ལ་བལྟས་ནའང་བོད་རང་གི་ཁྱད་ཆོས་ལྡན་པའི་དོན་བཟང་ཞིག་ཡིན་པ་སྨོས་མ་དགོས།ཡིན་ནའང་།ང་ཚོའི་གསར་རྩོམ་གྱི་ཁྱབ་ཁོངས་སུ་སྐྱོན་ཆ་མེད་པའང་གཏན་ནས་མིན་ཏེ།ངས་བལྟས་ན་ང་ཚོའི་རྩོམ་རིག་ལ་མི་འདང་ས་ད་དུང་ཧ་ཅང་མང་མོད།གཙོ་བོ་ཕྱོགས་གསུམ་གྱི་ཐད་ལ་མཉམ་འཇོག་བྱེད་དགོས་སྙམ།        
       དང་པོ།སྐད་ཆའི་སྒྱུ་རྩལ་གྱི་དཀའ་ངལ། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཁོ་ནར་གཏོགས་པས་སྐད་ས་ནི་རྩོམ་རིག་གི་གྲུབ་ཆ་དང་པོ་དེ་ཡིན།སྐད་ཆའི་ཞུན་བརྡར་དང་སྐད་ཆའི་བཀོལ་སྤྱོད་ནི་རྩོམ་ཡིག་གི་ལེགས་ཉེས་ལ་ཐད་ཀར་འབྲེལ་བ་ཡོད་དེ།རྩོམ་རིག་གིས་སྐད་ཆ་མ་བཤད་ན་མི་ཆོག་ལ།བཤད་ནའང་བཤད་ཤེས་དགོས།ཀོར་ཁི་ཡིས“རྩོམ་རིག་གསར་རྩོམ་གྱི་མན་ངག་ནི་ཐོག་མར་སྐད་ཆ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན་ཏེ། སྐད་ཆ་ནི་བརྩམས་ཆོས་མཐའ་དག་དང་ཁྱད་པར་དུ་རྩོམ་རིག་གི་བརྩམས་ཆོས་འགྲུབ་བྱེད་ཀྱི་རྒྱུ་ཆ་ཡིན་པའི་ཕྱིར་རོ”ཞེས་གསུངས་པ་ལྟར་སྐད་ཆ་ལ་ཞིབ་འཇུག་དང་འདོར་ལེན་བྱེད་རྒྱུ་ནི་རྩོམ་པ་པོ་ཞིག་ངོས་ནས་བཤད་ན་རྩོམ་མཁན་དུ་འགྱུར་བའི་ཆ་རྐྱེན་དང་པོ་ཡིན།དེ་ཡང་སྐད་ཆ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུ་དེ་ཡིག་ཐོག་ཁོ་ན་མིན་པར་རྒྱ་ཆེའི་མང་ཚོགས་ཀྱི་ངག་ཐོག་ན་ཡོད། རྒྱ་ཆེའི་མང་ཚོགས་ནི་སྐད་ཆའི་བང་མཛོད་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ལྷག་པར་དུ་རྩོམ་དང་སྙན་ངག་ཕུན་སུམ་ཚོགས་པ་ཞིག་འབྲི་བ་ལ་རང་གི་ལུང་བའི་སྐད་དེ་ལ་གཏིང་ནས་གོམས་འདྲིས་མཐིལ་ཕྱིན་པ་ཞིག་མིན་ན། ཚིག་དོན་དང་སྒྲ་དོན་སྦྱོར་ཚུལ་སྙན་པོ་དང་ཟབ་པོ་ཡོང་རྒྱུ་ཁག་པོ་རེད་འདུག”ཅེས་གསུངས་པའང་མཁས་པ་ཆེན་པོའི་ལེགས་བཤད་དེ་ང་ཚོས་མང་ཚོགས་ཀྱི་ས་ནས་སྐད་ཆ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པར་མ་ཟད།གསོག་འཇོག་དང་འདོར་ལེན་བྱེད་པ་ལས་རྩོམ་རིག་གསར་རྩོམ་བྱེད་སྐབས་དུག་སྡོམ་ས་“གཡུལ་ཁ་རྡུང་རྡུང”དང་སྤྱང་ཀི་ལ་“ཨ་མ”ལྟ་བུའི་གྲོང་ཚིག་ཉི་ཚེ་བ་རྣམས་ལག་ལ་ཅི་ཡོང་ལྟར་གཏན་ནས་འབྲི་མི་འོས་ཏེ།དེའི་རྒྱུ་མཚན་ནི་ང་ཚོའི་རྩོམ་རིག་གི་ཞབས་འདེགས་ཞུ་ཡུལ་ནི་མི་རིགས་ཧྲིལ་བོ་ཞིག་ཡིན་པའི་རྐྱེན་གྱིས་རེད།དེར་མ་ཟད།ང་ཚོའི་སྐད་ཆ་ལ་ཉུང་བསྡུས་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཡང་ཡོད་དགོས་ཏེ། དཔེར་ན། “རྨ་གཞུང་ན་རྩྭ་ཆུ་འཛོམས”ཟེར་དགོས་པར“རྨ་གཞུང་ན་རྩྭ་མང་། ཆུ་མང”ལྟ་བུའི་བོད་སྐད་ཀྱི་ཁྱད་ཆོས་དང་མི་མཐུན་པའི་ཚིག་ཚོགས་རྣམས་སྤངས་ཏེ།ངེས་པར་དུ་ཉིང་བསྡུས་དང་ཞིབ་ཚགས་ཀྱི་ལམ་དུ་འགྲོ་ཅི་ཐུབ་བྱེད་དགོས།དེར་མ་ཟད།སྐད་ཆའི་སྒྱུ་རྩལ་རང་བཞིན་ལའང་དོ་སྣང་བྱེད་དགོས་ཏེ།དཔེར་ན། “ང་ཚོ་མལ་དུ་ཉལ་ནས་ཅུང་མ་འགོར་བར་ར་ལོའི་ཤི་རྒན་ངོ་ཚ་མེད་པ་ཞིག་ངའི་རུམ་ལ་སླེབས་པར་མ་ཟད་བརྩི་བཀུར་མེད་པའི་སྒོ་ནས་ངའི་མཆན་ཁུང་ནང་ལ་སོ་ཞིག་བཏབ་བྱུང་”ཞེས་པ་ལྟ་བུའི་རྩེད་མཚར་གྱི་ཉམས་དང་ལྡན་པའི་སྐད་ཆ་བཀོལ་སྤྱོད་བྱས་ཚེ་ད་གཟོད་ང་ཚོ་སྐད་ཆའི་དཀའ་ངལ་ལས་ཐར་བར་མ་ཟད། ང་ཚོའི་རྩོམ་རིག་གི་སྐད་ཆ་དེ་སྔར་ལས་ཕུན་སུམ་ཚོགས་པའི་རེ་བ་ཡོད།
     གཉིས་པ། འཚོ་བ་ངོ་མ་མཚོན་མེད་པའི་སྟེང་ན་ཡོད།
      སྐུ་ཞབས་ཧྥུན་ཡུས་ཀྲུའུ་ཡིས་“སྒྱུ་རྩལ་གྱི་དཔེ་གཞི་གང་ཞིག་ཡིན་ཡང་གནམ་ནས་ལྷུང་བ་ཞིག་མིན་པར། འཚོ་བའི་ས་ཞིང་གཤིན་པོ་ལས་སྐྱེས་ཤིང་། འཚོ་བའི་རང་གཟུགས་ངེས་ཅན་ལ་གཞི་བཅའ་དགོསཔ་རེད”ཅེས་གསུངས་པ་ལྟར།རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་།དེས་སླར་ཡང་སྤྱི་ཚོགས་ཞིག་ཡིན་ཡང་ཆེས་ཐོག་མའི་བླང་བྱ་ནི་སྤྱི་ཚོགས་འཚོ་ཁ་འབྲལ་མི་རུང་བ་དེ་རེད།དེའི་ཚུལ་ལ་སྐུ་ཞབས་ལུའུ་ཞུན་གྱིས“སྐྱེས་ཐོབ་ཀྱི་ཤེས་རབ་ཅན་རྣམས་ཀྱིས་སྒྲོ་འདོགས་ཇི་འདྲ་བྱས་ཀྱང་མཐར་གཏུགས་ན་རྟོག་བཟོ་ཁོནས་མི་ཆོག་སྟེ།ལྷ་འདྲེའི་འདྲ་གཟུགས་འདི་དེ་མིན་གྱི་བདེན་དཔང་བྱེད་ས་མེད་པས།རྟ་ལྗང་མཁའ་སྤྱོད་ལྟ་བུའི་འཆར་སྣང་ལྟར་བྲིས་ཆོག་མོད།འོན་ཀྱང་ཁོ་ཚོས་བྲིས་པའི་སྤྱན་གསུམ་ཅན་དང་སྐེ་རིང་ཅན་དག་ཀྱང་རྒྱུན་ལྡན་གྱི་མིའི་ལུས་སྟེང་དུ་སྤྱན་གཅིག་བསྣན་པ་དང་སྐེ་ཇེ་རིང་ཅན་དག་ཀྱང་རྒྱུན་ལྡན་གྱི་མིའི་ལུས་སྟེང་དུ་སྤྱན་གཅིག་བསྣན་པ་དང་སྐེ་ཇེ་རིང་དདུ་བཏང་བ་ཙམ་མོ”ཞེས་གསུངས་པ་ལྟར་སྒྱུ་རྩལ་རྩོམ་རིག་ལ་སྒྲོ་འདོགས་ཇི་འདྲ་ཞིག་བྱས་ཀྱང་དེའི་རྨང་གཞི་ནི་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་ཞིང་དངོས་ཡོད་ཀྱི་འཚོ་བ་ཞིག་མངོན་པར་མཚོན་གང་ཐུབ་བྱས་པ་དེ་ཡིན།ཡིན་ནའང་མིག་སྔའི་ང་ཚོའི་བོད་ཀྱི་རྩོམ་སྟེགས་ནས་བལྟས་ན་རང་ཉིད་ཀྱི་རྩོམ་རིག་གིས་མི་རིགས་རང་གི་དངོས་ཡོད་འཚོ་བ་མཚོན་པ་མི་འདང་བའི་སྣང་ཚུལ་བྱུང་ཡོད་དེ།དཔེར་ན།རྩོམ་པ་པོ་སྐོར་ཞིག་ནི་གྲོང་ཁྱེར་གྱི་འཚོ་བ་དང་སློང་གླིང་གི་བརྩེ་་དུང་སོགས་ལ་མགོ་འཁོར་ཏེ་མི་རིགས་རང་གི་དངོས་ཡོད་ཀྱི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་འཚོ་བར་བར་ཐག་ཅུང་རིང་བ་ལྟ་བུ་རེད།ང་ཚོའི་མང་པོ་བཤད་མི་དགོས་ཏེ།1986ལོའི་སྦྲང་ཆར་དེབ་གཉིས་པའི་སྟེང་གི་《ཨང་བཅུ་དགུ་པ》དང་1987ལོའི་《སྦྲང་ཆར》དེབ་བཞི་པའི་སྟེང་གི《སྐྲག》སོགས་ཀྱིས་མཚོན་པའི་བརྩམས་ཆོས་སྐོར་ཞིག་ལ་མི་རིགས་རང་གི་མཛེས་དཔྱོད་ཀྱི་ལྟ་བ་ཕར་ཞོག བོད་ཀྱི་ཡོངས་ཁྱབ་ཀྱི་འཚོ་བ་ཞིག་ཀྱང་མི་མཚོན་དོ།། དེ་བཞིན་དུ་བརྩམས་ཆོས་ཀྱི་བརྗོད་བྱ་ཡིན་ནའང་འདྲ། རྗོད་བྱེད་ཡིན་ནའང་འདྲ།མི་རིགས་རང་གི་འཚོ་བ་མཚོན་མེད་པའམ་ཡང་ན་དངོས་ཡོད་ཀྱི་འཚོ་བ་མི་མཚོན་པའི་གནས་ཚུལ་ཡོད་དེ། དཔེར་ན། 1987ལོའི“སྦྲང་ཆར”དེབ་གསུམ་པའི་སྟེང་གི་སྒྲུང་ཐུང་《གྲུབ་ཐོབ་རྟ་ནག་ཅན》ཞེས་པའི་ནང་དུ་འདི་ལྟར་བྲིས་འདུག་སྟེ། “‘སྐབས་དེར་དོན་འགྲུབ་ཀྱིས་རྟ་ཕོ་རག་རའི་ཡོབ་ཅུང་བསྒུལ་བས་བྱ་འཕུར་བ་ལྟར་ཡུལ་ལ་སླེབས། ཁྱིམ་ཚང་གང་བོའི་གདོང་འཛུམ་གྱི་ལེར་སོང་ནས་དོན་འགྲུབ་ལ་བསུ་བ་བྱས་ཤིང་བུ་མོ་སྐྱིད་ལོས་རྟ་ཁ་བཟུང་བ་དང་མཉམ་དུ་སེམས་ལ་སྨྲ་མི་ཤེས་པའི་སྤྲོ་བ་སྐྱེས་ཏེ’‘དཀའ་ལས་ཨེ་མྱངས་ཐལ’མ་མྱངས་ཐལ། མ་མྱངས་ཐལ’ཞི་ལུ་བདེ་ལེགས་ཀྱིས་བྱིས་པ་རུམ་ནས་བླངས་ཏེ་དོན་འགྲུབ་ལ་བྱིན་ཚེ་དེས་རུམ་དུ་བཅུག་ཏེ་འོ་བྱེད་བཞིན་འདུག”‘ཧ་ཧ་ཧ། ཁྱོད་ཕ་བུ་གཉིས་དོ་དགོང་རྟ་ཐོག་ཏུ་ཉལ་རྒྱུ་ཡིན་ནམ’དེ་ནི་དར་རྒྱས་ཀྱི་སྐད་རེད”ལྟ་བུའི་དོན་དངོས་དང་མི་མཐུན་པ་ཞིག་བྲིས་འདུག  ཚང་མས་ཤེས་གསལ་ལྟར།དོན་འགྲུབ་ཀྱིས་རྟ་ཞོན་ནས་ཡུལ་ལ་ཐོན་ཚེ།ངེས་པར་དུ་རྟ་ཐོག་ནས་འབབ་དགོས་མོད།མ་བབས་པར་ཞི་ལུ་བདེ་ལེགས་ཀྱི་རུམ་ནས་བྱིས་པ་བླངས་ཏེ་རུམ་ལ་བཅུག་རྗེས་རྟ་ཐོག་ནས་འབབ་རྒྱུ་ཡིན་པ་སོགས་ནི་དངོས་ཡོད་ཀྱི་འཚོ་བ་ལས་རིང་དུ་གོལ་བའོ།། 
      གསུམ་པ། མི་རིགས་ལ་འགན་ཁུར་མེད་པའི་སྟེང་ན་ཡོད།
     ང་ཚོའི་རྩོམ་རིག་ལ་ད་དུང་གནད་དོན་ཞིག་ཡོད་པ་ནི་རང་གི་མི་རིགས་ལ་འགན་ཁུར་མེད་པ་དེ་རེད། བོད་ཡིག་གིས་ཐད་ཀར་བྲིས་པའི་རྩོམ་ཡིག་ཚང་མས་མི་རིགས་ལ་འགན་ཁུར་དགོས་ཞེས་བཤད་པ་མིན་མོད། འོན་ཀྱང་ཚང་མས་འགན་མ་ཁུར་ན་དེ་ནི་ང་ཚོ་ལོག་ལམ་དུ་ཕྱིན་པའི་སྣང་ཚུལ་ལས་མ་འདུས།རྩོམ་རིག་གི་མི་རིགས་འགན་ཁུར་དེ་གཙོ་བོ་མི་རིགས་རིག་གནས་ཀྱི་གནད་དོན་བཤད་པ་དང་ཡང་དག་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་སྟེང་ན་ཡོད།རྩོམ་རིག་གི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་དེས་སླར་ཡང་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་དགོས་པའི་ཆ་ནས་རྩོམ་རིག་གི་མི་རིགས་འགན་ཁུར་ཡང་གསལ་བོར་བསྟན་པ་རེད།དེ་བས་རང་གི་རྩོམ་རིག་གིས་རང་གི་མི་རིགས་ལ་འགན་ཁུར་མིན་དེ་ནི་མི་རིགས་རང་གི་མ་འོངས་པའི་ལས་སྐལ་ལ་སེམས་ཁུར་བྱེད་མིན་ལ་ཐུག་ཡོད་པས།མི་རིགས་ལ་ཤ་ཚ་བའི་རྩོམ་པ་པོ་ཞི་ཡིན་ན་ཐོག་མར་གནད་དོན་འདིར་བསམ་བློ་གཏོང་དགོས་ཏེ།སྐུ་ཞབས་ལུའུ་ཞུན་གྱིས་ཀྱང་དང་ཐོག་གསོ་རིག་གི་མི་རིགས་སྐྱོབ་འདོད་མོད།མཇུག་མཐར་བསམ་བློར་འགྱུར་ལྡོག་བྱུང་སྟེ།ཐད་ཀར་དུ་རྩོམ་རིག་ལ་འཇུས་པ་ལའང་རྒྱུ་མཚན་ཞིག་མེད་པ་གཏན་ནས་མིན་ཏེ།ཁོང་གིས་རྩོམ་རིག་ཁོ་ནས་ད་གཟོད་ཐག་གཅོད་བྱེད་ཐུབ་པའི་མི་རིགས་ཀྱི་འགན་ཁུར་རང་བཞིན་ཤེས་རྟོགས་བྱུང་བས་ཡིན།མི་རིགས་ཤིག་ཉམས་རྒུད་དུ་གྱུར་ནས《ངུ》བའི་དུས་སུ།མི་རིགས་དེའི་རྩོམ་རིག་གིས་ད་དུང་འགྱུར་ཁུགས་ལྷང་ལྷང་གི་སྤྲོ་གླུ་བླངས་ཏེ་བསྡད་ན་ཇི་འདྲ་ཞིག་ཡིན།སྔོན་ཆད་སྙན་པའི་གྲགས་པ་འབར་བའི་མན་ཇུའི་སྐད་ཡིག་གི་ཉམས་རྒུད་དེ།རང་གི་མི་རིགས་ཀྱིས་རང་གི་རིག་གནས་དང་སྒྱུ་རྩལ་ཡལ་བར་དོར་བས་ལན་པ་ཡིན་ནམ།ད་ལྟ་མ་ང་ཚོའི་མིག་སྔར་ཡང་རང་གི་མི་རིགས་ཀྱིས་རང་གི་རིག་གནས་སློབ་གསོར་དོ་སྣང་མི་བྱེད་པ་དང་།རང་གི་རྩོམ་རིག་དང་སྒྱུ་རྩལ་གྱིས་མི་རིགས་རང་གི་འགན་འཁྲི་དང་ལེན་མི་བྱེད་པའི་སྣང་ཚུལ་ཞིག་མངོན་འདུགགནད་དོན་འདི་ནི་གཞན་ཞིག་མ་ཡིན་པར་མི་རིགས་རང་ལ་རག་ལས་ཤིང་། ལྷག་པར་དུ་མི་རིགས་འདིའི་རྩོམ་པ་པོ་རྣམས་ལ་ཐད་ཀར་འབྲེལ་བ་ཡོད་དེ། ཁོ་ཚོའི་བརྩམས་ཆོས་ཀྱི་མི་རིགས་ཀྱི་འགན་ཁུར་དེ་དང་ལེན་མ་བྱས་པའམ།ཡང་ན་དང་ལེན་བྱས་པ་མ་འདང་བ་རེད།དེའི་རྒྱུ་མཚན་གྱིས་ང་ཚོའི་འཚོ་བ་དང་རྩོམ་རིག་ལ་བར་ཐག་བྱུང་བ་དང་།ང་ཚོའི་རྩོམ་རིག་ལ་ཆེས་སྤྱིར་བཏང་གི་སྣང་བརྙན་ཙམ་ལས་མི་རིགས་ཀྱི་གནད་དོན་གསེད་བཀྲོལ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཕྱོགས་སྟོན་གྱི་ནུས་པ་ཞིག་དང་སྒུལ་ཤུགས་ཤིག་མེད་སོང་བ་རེད།དེང་ཕྱིན་ང་ཚོའི་རྩོམ་རིག་དེ་ཚད་ཇི་འདྲ་ཞིག་གི་སྟེང་ན་ཡོད་པར་འདོད་པས་ཤེས་ནས་སྨྲ་བའི་བློ་ལྡན་དག་གིས་དགོངས་འཆར་ལྷུག་སྩོལ་གནང་རྒྱུ་མཁྱེན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོའི་རྩོམ་རིག་གི་མི་འདང་ས་གང་ན་ཡོད།

2010-11-05 ཁྱུང་ཐར་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།