སྙན་ངག་གསར་བ་ཞེས་པའི་མིང་གི་འཇུག་ཡུལ་དང་དེའི་དགག་སྒྲུབ།

རང་མོས་སྙན་ངག་གི་རྩོམ་སྟངས་གསར་བ་འདི་བོད་དུ་དར་བ་ནས་བཟུང༌།   སྙན་ངག་གསར་བ་ཞེས་པའི་མིང་གི་འཇུག་ཡུལ་ཐད་ནས་གོ་བརྡ་ཞིག་འཛོལ་ཏེ།སྐོར་ཞིག་གིས་སྙན་ངག་གསར་བ་ཡིན་ན་རང་མོས་སྙན་ངག་ཡིན་དགོས་པར་དགོངས་ཤིང༌།མིང་དེའི་འཇུག་ཡུལ་གཙོ་བོར་རང་མོས་སྙན་ངག་བྱས་ཡོད།  དངོས་དཔང་དེ་ནི་ང་ཚོས་ལོ་རབས་བརྒྱད་ཅུའི་དུས་འགོརལང་ཚོའི་རྦབ་ཆུབརྩམས་རྗེས་བྱུང་བའི་སྙན་ངག་གི་གྲུབ་མཐའ་གསར་བ་དང་དེའི་འཕེལ་རྒྱས་ཀྱི་ཚ་རླབས་ལ་བལྟོས་པས་ཀྱང་ཤེས་ཐུབ་པ་ཞིག་རེད། ང་ཚོས་བལྟས་ན།  དེ་ནི་རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་རེད། གང་ཡིན་ཞེ་ན།  དེའི་སྔ་རོལ་དུ་དར་ཁྱབ་བྱུང་བའི་སྙན་ངག་གི་འབྲི་སྟངས་ནི།སྲོལ་རྒྱུན་ཚིགས་བཅད་མ་ཡིན་ཞིང་ནང་དོན་ཆོས་ལུགས་དང་འབྲེལ་བའི་བསྟོད་རྩོམ་སོགས་གཙོ་བྱས་པའི་སྟབས་ཀྱིས།བལྟོས་བཅོས་ཀྱི་སྒོ་ནས་གསར་བའི་རང་བཞིན་དང་ཁྱད་ཆོས་དེ་མངོན་པར་འཕགས་ཕྱིར།འདིར་རང་མོས་སྙན་ངག་དེ་བལྟོས་བཅོས་ཀྱིས་སྙན་ངག་གསར་བ་ཡིན་མིན་ཐད་ནས་དགོས་མེད་ཀྱི་རྩོད་པ་རྒྱག་མི་དགོས་འདོད།ཡིན་ནའང༌།སྙན་ངག་གསར་བའི་མིང་གི་འཇུག་ཡུལ་གྱི་ཆ་ནས་གསལ་ཁ་ཞིག་ཕྱེས་ན།རང་མོས་སྙན་ངག་ལ་སྙན་ངག་གསར་བའི་མིང་གིས་འབོད་དོན་ནི་བལྟོས་བཅོས་ཤིག་ཡིན་ཏེ། སྐབས་དེར་སྙན་ངག་གསར་བ་ནི་རང་མོས་སྙན་ངག་ཁོ་ནར་ངོས་བཟུང་ཆོག་སྟེ།  དེ་ལས་སྙན་ངག་གི་འབྲི་སྟངས་གསར་བ་གཞན་དར་མེད་པས་སོ།  ཡང༌།  ཕྱིར་འདང་རེ་བརྒྱབ་ན།  སྙན་ངག་གསར་བ་ཡིན་ན་རང་མོས་ཡིན་དགོས་པའི་གཏན་ཚིགས་མེད་ལ།རང་མོས་སྙན་ངག་ཡིན་ཕྱིན་གསར་བ་ཡིན་པའི་ཁྱབ་པའང་སུས་ཀྱང་འཇོག་ཐབས་མེད།འདིའི་ཐད་ནས་བལྟས་ཚེ།ང་ཚོ་སྙན་ངག་གསར་བའི་འཇུག་ཡུལ་དངོས་ལ་གོ་འཛོལ་ཐེབས་ཏེ།ཕྱོགས་གཅིག་ནས་སྙན་ངག་གསར་བ་འདོན་སྤེལ་དང་གསར་གཏོད་བྱེད་པའི་བློ་མིག་བསྡོངས་ཤིང༌།བོད་ཀྱི་རྩོམ་རིག་གསར་བའི་ལོ་རྒྱུས་ཀྱི་འཕེལ་ལམ་ལ་འགལ་རྐྱེན་གྱི་བཀག་ཅིག་ཐེབས་ཡོད་པར་འདོད།ཀུན་གྱིས་ཤེས་གསལ་ལྟར།ཐ་སྙད་འདི་གཉིས་ནི་ཐོག་མར་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་ནང་དུ་དར་ཞིང༌།  དེ་ནི་སྐུ་ཞབས་དོན་གྲུབ་རྒྱལ་གྱིལང་ཚོའི་རྦབ་ཆུདང་འབྲེལ་བ་དམ་པོ་ཡོད་པས།    སྙན་ངག་གསར་བའི་འབྲི་སྟངས་འདིའི་ཡོལ་བ་ཡོངས་སུ་ཕྱེས་པ་ནི།    ང་ཚོར་མཚོན་ན།རིག་གནས་ལོ་རྒྱུས་ཀྱི་དུས་མཚམས་གསར་བ་ཞིག་གི་དབྱེ་མཚམས་ཡིན་པ་མ་ཟད།བོད་ཀྱི་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཐོན་རྫས་གསར་བ་ཞིག་ཀྱང་ཡིན་པས།ཕྱི་རབས་ན་གཞོན་མང་བོ་ཞིག་གིས་དགའ་དད་གུས་གསུམ་གྱིས་གདེང་འཇོག་གནང་བཞིན་ཡོད་པ་མ་ཟད།ནམ་རྒྱུན་སྐུ་ཞབས་ཁོང་གི་གསར་གཏོད་ཀྱི་སྤོབས་པ་དང་རིགས་ཞེན་གྱི་སྙིང་སྟོབས་ལའང་སློབ་སྦྱོང་དང་ཡི་རང་བྱེད་བཞིན་ཡོད་པ་རེད།  

ཕྱི་རབས་ན་གཞོན་མང་པོ་ཞིག་གིསལང་ཚོའི་རྦབ་ཆུཡིས་བོད་ཀྱི་སྙན་ངག་གསར་བའི་ཤོག་ལྷེ་དང་པོ་བྲིས་པ་རེད་ཅེས་ཀྱང་བསྒྲགས་མྱོང་ལ།   ཞར་དུ་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱས་དེའང་ཀྱོག་མཚམས་གསར་བ་ཞིག་ལ་སླེབས་མགོ་ཚུགས་ཤིང༌།དེའི་སྔོན་རྩོམ་རིག་གིས་མིའི་རིགས་ཀྱི་འཚོ་བའི་དཀའ་གནད་དང་ཁ་གཏད་པའི་ལས་ཀ་ཞིག་བྱེད་ཐུབ་མེད་པའི་རྒྱུ་རྐྱེན་ལ་དམིགས་ཏེ།བོད་ཀྱི་ན་གཞོན་མང་བོ་ཞིག་གིས་དངོས་ཡོད་སྤྱི་ཚོགས་དང་ཁ་གཏོད་དགོས་པའི་གླེང་བྱ་བཏོན་པ་མ་ཟད།གླེང་བྱ་དེ་མཐུན་གྱི་རྩོམ་རིག་ཀྱང་གསར་རྩོམ་བྱས་ལ།དུས་དེ་ནས་བཟུང་སྙན་ངག་གི་གྲུབ་མཐའ་ཡང་ཕྱོགས་གཉིས་སུ་གྱེས་པར་འདོད།ཡིན་ནའང༌།སྙན་ངག་གསར་བ་འདིའི་རྣམ་པ་བོད་དུ་དར་བ་ནས་བཟུང༌།བོད་ཀྱི་ན་གཞོན་ཕྱི་རབས་རྣམས་ཀྱི་བཞེད་དགོངས་ལ།སྙན་ངག་གསར་བ་ནི་རང་མོས་སྙན་ངག་ཁོ་ན་ལ་འཇུག་པས།སྙན་ངག་གསར་བ་ཡིན་ན་རང་མོས་སྙན་ངག་དང་རང་མོས་སྙན་ངག་ཡིན་ན་སྙན་ངག་གསར་བ་ཡིན་པའི་ལྟ་སྟངས་ཤིག་ཆགས་ཏེ།ད་ལྟ་ལྟ་སྟངས་འདི་ལས་ཐོད་བརྒལ་བྱུང་མེད་པར་རྗེས་འཛིན་དང་ལད་ཟློས་ཀྱི་རྗེས་སུ་འཁུམས་ཡོད་པར་འདོད།འདི་ནི་བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་དམིགས་གཏད་དེ་སྨྲས་ན། ཧ་ཅང་སྐྱོན་མཚང་དང་བཀག་རྐྱེན་ཆེན་པོ་ཞིག་ཡིན་པ་རེད།  གང་ཡིན་ཟེར་ན།  སྙན་ངག་གསར་བ་ཞེས་པ་ནི་ཐོག་མར་སྲོལ་རྒྱུན་དང་སྔར་ཡོད་ཀྱི་འབྲི་སྟངས་ལ་བལྟོས་ཏེ་སྨྲས་ཤིང་ཚུར་སྣང་བྱུང་བ་ཞིག་ཡིན་པས།  དེ་ལྟར་བལྟས་ན།  ལང་ཚོས་རྦབ་ཆུལ་སྙན་ངག་གསར་བ་ཞེས་པའི་དོན་དེ་རྣམ་པ་དང་ནང་དོན་གཉིས་ཀྱི་སྒོ་ནས་འཇོག་པ་རེད། འོན་ཀྱང༌། དེའང་བལྟོས་བཅོས་ཀྱི་སྒོ་ནས་བཤད་པ་ཞིག་ཡིན་ཏེ།དང་པོ་དུས་ཀྱི་ཆ་ནས་བལྟས་ཚེ།ང་ཚོས་སྲོལ་རྒྱུན་གྱི་འབྲི་སྟངས་དེ་རྒྱུན་འཛིན་བྱས་ནས་ཡུན་རིང་ཞིག་འགོར་ཟིན་པ་དང༌།འདི་ནི་དུས་རབས་གསར་བའི་ནང་དུ་བྱུང་ཞིང་འཁྲིད་སྟོན་གྱི་ནུས་པ་མངོན་ཡོད།  དེའི་འཕྲོར་རྣམ་པའི་ཆ་ནས་བལྟས་ན། ལང་ཚོས་རྦབ་ཆུའིསྒྱུ་རྩལ་གྱི་འདྲེན་བཀོལ་དང་ཚིག་གི་གཅོད་མཚམས་སོགས་གང་ཐད་ནས་སྲོལ་རྒྱུན་ཚིགས་བཅད་མའི་འབྲི་སྟངས་དང་ལྡོག་ཟླའི་ཁྱད་ཆོས་ཡོད།  ཡང་ནང་དོན་གྱི་ཆ་ནས་བཤད་ན།  ལང་ཚོས་རྦབ་ཆུཡིས་དུས་རབས་གསར་བའི་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་ལ་ཁ་གཏད་ཅིང༌།དེའང་སྲོལ་རྒྱུན་གྱི་ཆོས་ལུགས་བརྗོད་བྱ་གཙོ་བོར་བྱེད་པ་དང་རྦད་དེ་གསར་བ་ཞིག་རེད།དེ་བཞིན་རྣམ་པ་དང་ནང་དོན་གཉིས་འདུས་ཀྱི་ཆ་ནས་སྨྲས་ན།ཁོའི་གསར་བའི་རང་བཞིན་དེ་ཐུན་མིན་སྲོལ་རྒྱུན་འབྲི་སྟངས་དང་ལྟག་སྤྲོད་ཀྱི་ཚུལ་གྱིས་མངོན་ཡོད།ཡང༌།སྙན་ངག་འདིའི་འཆད་ཉན་དང་དར་སྤེལ།རོལ་མྱོང་དང་ཀློག་འདོན་བྱེད་པ་གང་ཐད་ནས་སྲོལ་རྒྱུན་ཚིགས་བཅད་མ་ལས་སྟབས་བདེ་དང་བརྗོད་བདེ།སེམས་ཁམས་ཀྱི་རྒྱུན་འགྲོས།དུས་རབས་ཀྱི་འཕྲོད་སྦྱོར་སོགས་དང་ཧ་ཅང་ཐག་ཉེ་བས།ང་ཚོས་དེའི་དགེ་མཚན་མ་གླེང་ཡང་སྔོན་ཆད་ཀྱི་སྙན་ངག་འབྲི་སྟངས་དང་ལྡོག་སྟེ་གསར་བ་ཞིག་ཡིན་པ།  ལོ་རྒྱུས་ལ་རྒྱུས་ལོན་ཐུབ་པའི་མི་རྣམས་ཀྱིས་ཤེས་སྲིད་པ་ཞིག་རེད། འོན་ཀྱང༌། དེའི་རྗེས་སུ་བྱུང་བའི་རང་མོས་སྙན་ངག་ཡིན་ཚད་པོ་སྙན་ངག་གསར་བ་ཡིན་ཞིང༌།ཚིགས་བཅད་དང་འབྲི་སྟངས་གཞན་སྤྱད་པའི་སྙན་ངག་མཐའ་དག་རྙིང་བ་ཡིན་པར་འདོད་པ་ནི།སྙན་ངག་གསར་བའི་འཕེལ་ལམ་གྱི་ཆ་ནས་འགལ་རྐྱེན་གྱི་བཀག་དང་གསར་གཏོད་ཀྱི་མིག་བརྡོལ་བ་ཞིག་ཡིན་པས།ང་ཚོས་སྙན་ངག་གསར་བ་ཞིག་འདོན་སྤྲོད་མི་ནུས་པའི་རྒྱུ་མཚན་ཡང་གལ་ཆེན་ཞིག་རེད།དེ་ཡང་ཡིན་ཏེ།མིང་གི་འཇུག་ཡུལ་གྱིས་ཡུལ་གྱིས་གནས་ཚུལ་ཞིག་གཏན་ལ་ཕབ་པ་ཡིན་པས།དེ་ལྟར་ན།འཇུག་ཡུལ་གྱི་ཁྱབ་ཁོངས་ཁོ་ནའི་སྟེང་ནས་བྱ་དངོས་ཀྱི་ངོ་བོ་དང་རྣམ་པ་ལ་དང་དོད་བྱེད་པས། ངོས་འཛིན་གྱི་ཁྱབ་ཁུངས་དེ་རྒྱུན་འཛིན་དང་དར་སྤེལ་གྱི་གོ་རིམ་ཁྲོད།  སྙན་ངག་གི་རྩོམ་སྟངས་གཞན་རིགས་ལ་མཐོང་ཆུང་དང་དམའ་འབེབ་བྱེད་སྲིད་པ་ཞིག་རེད། ད་ལྟ་བསམ་ན།  མཐོང་ཆུང་དེར་བཟང་ངན་གྱི་ཕྱོགས་གཉིས་ཡོད་དེ།བཟང་ཕྱོགས་ནས་བཤད་ན།དེས་རང་མོས་སྙན་ངག་གི་འཕེལ་ལམ་དེ་དྲང་ཕྱོགས་ཀྱི་ལམ་ཁ་གསར་བ་ཞིག་ལ་འཁྲིད་ཅིང༌།ངན་ཕྱོགས་ནས་བལྟས་ཚེ།རྣམ་པ་གཅིག་ཁོ་ན་མཁྲེགས་བཟུང་བྱས་དྲགས་པས།སྙན་ངག་གི་རྣམ་པ་གཞན་ཞིག་གསར་གཏོད་བྱེད་པའི་འགག་སྒོ་དམ་པོར་སྲུང་ཡོད།མི་རིགས་རིག་གནས་འཕེལ་རྒྱས་དང་སྣ་མང་རིག་གནས་མཉམ་སྤྱོད།ལྷག་པར་ཏུ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཁེ་ཕན་དང་ལྟ་བ་ལ་བརྩི་སྲུང་བྱས་ཚེ།སྙན་ངག་གསར་བ་ཞེས་པའི་གོ་དོན་དང་དེའི་འཇུག་ཡུལ་གྱི་ཆ་ནས།སྒྲ་དོག་འཇུག་གི་ཁྱབ་ཁུངས་ཤིག་ལས་བརྒལ་དགོས་པའི་ཆོས་ཉིད་དང་བསླབ་བྱ་ཚུར་སྣང་བྱས་ཡོད།བདག་གིས་བལྟས་ན།སྙན་ངག་གསར་བ་ཞེས་པ་དེ་ནི་རྣམ་པ་དང་ནང་དོན་སོགས་ཕྱོགས་མང་པོ་ཞིག་ནས་མཚོན་དགོས་པས།  རང་མོས་སྙན་ངག་ཡིན་ན་སྙན་ངག་གསར་བ་ཡིན་པས་ངེས་པ་དང༌།  ཚིགས་བཅད་སྙན་ངག་ཡིན་ན་རྙིང་བ་ཡིན་པས་ཁྱབ་པ་སུས་ཀྱང་ཁས་ལེན་མི་ཐུབ་སྙམ།  ལྷག་པར་ཏུ།  སྙན་ངག་གསར་བ་ཞེས་པའི་མིང་གི་འཇུག་ཡུལ་ལ་སྒྲ་ཡངས་དོག་ཀྱི་ཁྱབ་ཁོངས་གཉིས་སུ་བགོས་ཏེ་སྨྲས་ན།  ང་ཚོས་ལྟ་སྟངས་འདི་ནི་སྒྲ་དོག་འཇུག་གི་གོ་དོན་དང་འཇུག་ཡུལ་ཡིན་ལ།སྒྲ་ཡངས་འཇུག་གི་ཁྱབ་ཁོངས་ལྟར་ན།  ཚིགས་བཅད་དང་རང་མོས། གཞན་ང་ཚོས་རེ་ཞིང་སྒུག་པའི་རྣམ་པ་གསར་བ་གང་དག་ཀྱང་འདུ་བས།  ང་ཚོས་དེ་སྔོན་ཐ་སྙད་འདི་ལ་སྒྲ་ཡངས་དོག་གི་ཁྱད་པར་མ་ཕྱེས་པར་བལྟོས་མེད་ཀྱི་སྒོ་ནས་འཁྲུལ་ཤེས་སྤྱད་ཡོད་པར་འདོད་ཅིང༌།དེ་ལྟར་ན།འདི་ནི་ང་ཚོས་སྙན་ངག་གསར་བའི་རྣམ་བཞག་གཞན་ཞིག་གསར་གཏོད་མི་ནུས་པའི་འགལ་རྐྱེན་གྱི་བཀག་ཆེན་པོ་ཞིག་མ་རེད་དམ།འཛམ་གླིང་གི་རྩོམ་རིག་གསར་བའི་ལོ་རྒྱུས་ཀྱི་སྟེགས་བུར་བསྐྱོད་ནའང༌། དངོས་དཔང་དེ་ཤུར་སེ་འཆར་ཏེ།འདིར་ཀློག་མཁན་ཁྱེད་ཀྱིས་དཀའ་ཁག་ལ་མི་འཛེམ་པར།  ང་དང་མཉམ་ཏུ་ལྟ་སྐོར་ཐུང་ངུ་ཞིག་གི་ངལ་བ་བགྱིས་ཚེ།རང་མོས་སྙན་ངག་གི་ཆུ་མགོ་ཐོག་མར་བརྡོལ་ས་ནི་ཨ་མེ་རི་ཁ་ཡིན་ཞིང༌།   ལོ་རྒྱུས་སྟེང༌། ཨ་མེ་རི་ཁའི་དམངས་གཙོ་རིང་ལུགས་ཀྱི་སྙན་ངག་པ་གྲགས་ཅན།  ཧོས་ཐེན་མེན་ཟེར་བ་དེས་གསར་གཏོད་མཛད་པར་གྲགས།   ཁོང་གིས་མཛད་པའིརྩྭ་ཡི་འདབ་མཞེས་པའི་སྙན་དེབ་ནི་རང་མོས་སྙན་ངག་གི་འཐུས་ཚབ་བརྩམས་ཆོས་ཡིན་ཞིང༌།དེ་ལ་ཨ་མེ་རི་ཁའི་རྩོམ་རིག་ལོ་རྒྱུས་སྟེང་དུས་རབས་གསར་འབྱེད་ཀྱི་ལོ་རྒྱུས་དོན་སྙིང་ཡོད་པར་བཤད།  རྒྱ་ནག་པོའི་ཡུལ་ལ་མཚོན་ན།  ལྔ་བཞིའི་ལས་འགུལ་གྱི་མེ་ཤུགས་གསར་དུ་སྡུད་པའི་ཤེས་ལྡན་པ་སྐོར་ཞིག་གིས་དམངས་དང་ཉེ་བའི་སྐད་ཆ་སྟེ། ཁ་སྐད་ཀྱི་ལམ་ནས་རྩོམ་འབྲི་བའི་སྣེ་ཁྲིད་ཅིང༌།  སྙན་ངག་སྨྲ་བ་ཀོ་མོ་རོ་ཡིལྷ་མོཞེས་པའི་སྙན་རྩོམ་གྱིས་རང་མོས་སྙན་ངག་གི་ཤོག་ལྷེ་གསར་བའི་ཡོལ་བ་ཕྱེས་ཞིང༌།དེ་ནི་རང་མོས་སྙན་ངག་གི་འཐུས་ཚབ་བརྩམས་ཆོས་ཀྱང་ཡིན་པར་གྲགས།འོ་ན།བདག་གིས་དེ་དང་ལྷན་དུ་ཀློག་མཁན་ཁྱེད་ལ་མཚམས་སྦྱོར་བར་འདོད་པ་ནི།འདི་དག་ནི་ཤེས་རྨོངས་དང་མུན་ནག་སྤྱི་ཚོགས་ཀྱི་ལྷག་འཕྲོ་ལུས་པའི་ཞིང་བྲན་ལམ་ལུགས་དང༌།བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཉེས་མཚང་དང་སྐབས་དེའི་རྩོམ་རིག་གི་ཕྱི་གོས་དང་འཆིང་རྒྱ་ལས་ཐར་ཐབས་ཀྱི་ལག་ཆ་གཙོ་བོར་གྱུར་བས།དེར་རང་མོས་སྙན་ངག་དང་སྙན་ངག་གསར་བའི་ཅོད་པཎ་གྱི་གཟེངས་སྐྱེས་རང་ཤུགས་ཀྱིས་རྒྱས་ཡོད།ཡིན་ནའང༌།དེ་ནི་སྲོལ་རྒྱུན་ལ་བལྟོས་འཇོག་གི་སྒོ་ནས་བཏགས་པ་དང་སྒྲ་དོག་འཇུག་གི་ཁྱབ་ཁུངས་ནས་སྨྲས་པ་ཞིག་ལས།བལྟོས་མེད་ཀྱི་སྒོ་ནས་སྙན་ངག་གསར་བ་དང་སྙན་ངག་གསར་བ་ཡིན་ན་རང་མོས་ཡིན་དགོས་པའི་ཁྱབ་པ་ལོ་རྒྱུས་སྟེང་བཞག་མེད་པའི་ཁར།ཁོ་བ་ཚོའི་སྙན་ངག་གསར་བའི་ལོ་རྒྱུས་སྟེང།  ཕྱི་བལྟོས་ཀྱིས་སྲོལ་རྒྱུན་གྱི་འབྲི་སྟངས་ཚིགས་བཅད་མ་ཡོད་ལ་རང་མོས་ཀྱང་ཡོད། གཞན་པའི་འབྲི་སྟངས་ཀྱང་མང་པོ་དར་ཡོད།དེ་བཞིན་རང་མོས་དང་སྲོལ་རྒྱུན་ཡིན་ཚད་པོ་གསར་བ་ཡིན་པའི་ཁྱབ་པའང་འགོད་བཞིན་མེད།རྒྱ་དཀར་པོའི་རྩོམ་རིག་གསར་བའི་ལོ་རྒྱུས་ལ་བལྟས་ནའང༌།དེ་འདྲ་ཞིག་ཡིན་ངེས་ཏེ།ཁོ་བ་ཚོས་འབོད་བཞིན་པའི་དེང་རབས་སྙན་ངག་པ།ནོའུ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་དུ་གྲགས་པའི་སྙན་ངག་པ་གྲགས་ཅན།ཐེ་གོར་གྱིས་ཀྱང་རང་མོས་སྙན་ངག་དང་སྤེལ་མའི་འབྲི་སྟངས་སྤྱད་དེ་གསར་རྩོམ་མཛད་པ་དེས།ལྔ་བཞིའི་ལུས་འགུལ་སྐབས་སུ།རྒྱའི་སྙན་ངག་པ་གྲགས་ཅན་ཞུ་ཀྲི་མའོ་དང་ཀོ་མོ་རོ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པར་བཤད།ད་ལྟ་སྐོར་ཞིག་གིས་གསར་རྙིང་གཉིས་ཀྱི་ཁྱད་པར་ནི་ཚིགས་སུ་བཅད་མིན་གྱིས་བཞེད་ཅིང༌།ཚིགས་བཅད་ནི་རྙིང་བ་དང་རང་མོས་ནི་གསར་བར་ངོས་འཛིན་བྱེད་ཞོར།དེ་ལས་གཞན་པའི་འབྲི་སྟངས་གསར་བ་ཞིག་རྙེད་པ་དང་རྔོ་ཐོགས་བཞིན་མེད།ཁ་ཅིག་གིས་ཚིགས་བཅད་སྙན་ངག་ཡིན་ན་ཆོས་ལུགས་པའི་སྙན་ངག་ཡིན་པ་ལས་འཇིག་རྟེན་པའི་སྙན་ངག་མིན་ལ།འཇིག་རྟེན་པའི་སྙན་ངག་ཅིག་འབྲི་བ་ལ་རང་མོས་སྙན་ངག་ལས་རྔོ་མི་ཐོགས་ཚུལ་སྨྲ་བཞིན་ཡོད།དེ་བརྟེན་ཁོ་བོའི་བསམ་པར།ཐོག་མར་ཅི་ལྟ་བུ་ཞིག་ལ་སྙན་ངག་གསར་བ་དང་རང་མོས་སྙན་ངག་ཟེར་ཞིང༌།  དེ་གཉིས་ཀྱི་ཁྱད་པར་ཅུང་ཟད་གསལ་བོར་ཤེས་ཚེ།   རང་བཞིན་གྱིས་རྩོད་གཞི་དེ་དག་ཞི་ནས་རང་རེའི་རྩོམ་རིག་གསར་བའི་ལམ་བུ་དེ་འཐུས་སྒོ་ཚང་བའི་ཕྱོགས་སུ་འཕེལ་བར་སྙམ་ཏེ།རྩོམ་ཐུང་འདི་འདྲ་ཞིག་བྲིས་པ་ཡིན།མདོར་ན་ལྟ་སྟངས་འདིའི་སྙན་ངག་གསར་བའི་མིང་གི་འཇུག་ཡུལ་དངོས་ལ་གོ་འཛོལ་ཏེ།སྙན་ངག་གསར་བའི་རྣམ་པ་དང་ནང་དོན་གསར་བ་ཞིག་འདོན་སྤྲོད་བྱེད་ཐུབ་བཞིན་མེད།  ང་ཚོས་ལོ་ངོ་སུམ་ཅུའི་རིང་གིརགས་བརྗོད་ཀྱིས་ལང་ཚོའི་རྦབ་ཆུ་སྤེལ་ནས་ལོ་འཁོར་སུམ་ཅུ་ལོན་ལ་ཉེ་བས།  འདིར་བརྗོད་བདེ་དབང་གིས་སྨྲས  བོད་པའི་སྙན་ངག་དང་དེའི་འཕེལ་རྒྱས་ཀྱི་གནས་བབ་ལ་རྐང་བཙུགས་ཏེ་འདང་རྒྱབ་ན།ཕྱི་བལྟས་ཀྱིས་ཐ་སྙད་ཙམ་པོ་འདིས་ཀྱང་ལྟ་སྟངས་ཀྱི་འཇུག་ཡུལ་ཐད་ནས་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ།སྙན་ངག་གསར་བའི་འཕེལ་རྒྱས་ཀྱི་དབྱེ་མཚམས་དང་མདུན་ལམ་ལ་འགལ་རྐྱེན་གྱི་བཀག་དུ་མ་ཞིག་བཟོ་བཞིན་ཡོད།རྩོམ་རིག་ལ་འཇུག་མཁན་རྣམས་ཀྱིས་རང་མོས་སྙན་ངག་དང་སྙན་ངག་གསར་བ་གཉིས་ཀྱི་ཁྱད་པར་འབྱེད་ཤེས་དགོས་ལ།རང་མོས་སྙན་ངག་ཅེས་པ་འདིས་གཙོ་བོ་ལུས་ཀྱི་ཆ་ནས་སྲོལ་རྒྱུན་དང་མི་འདྲ་བའི་ཁྱད་ཆོས་བཟུང་ཡོད་པར་བཤད་བཞིན་ཡོད་ལ།དེ་ནི་རྩོམ་སྟེགས་སྟེང་མང་པོ་ཞིག་གིས་བཤད་ཡོད་པས།དེ་ཀུན་ལ་ཞིབ་དཔྱད་ནན་མོ་གཏོང་དགོས། དེ་བཞིན་གསར་དར་ཚིགས་བཅད་སྙན་ངག་སྐོར་ཞིག་གིས་ཀྱང་སྲོལ་རྒྱུན་དང་མི་འདྲ་བའི་ལུས་དང་རྒྱན།  བརྗོད་བྱ་སོགས་ཀྱི་ཐད་ནས་གསར་བའི་རང་བཞིན་ཆེས་ཆེར་མཚོན་བཞིན་ཡོད་པས།སྙན་ངག་གསར་བ་ཞེས་པ་ནི་སྲོལ་རྒྱུན་སྙན་ངག་གི་བརྗོད་བྱ་དང་ལུས་ཀྱི་ཆ་ཡོངས་ལ་བལྟས་ཏེ་མི་འདྲ་བའི་ཁྱད་ཆོས་ཀྱི་སྟེང་ནས་ངེས་བཟུང་བྱས་ན་འགྲིག་པར་སེམས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གསར་བ་ཞེས་པའི་མིང་གི་འཇུག་ཡུལ་དང་དེའི་དགག་སྒྲུབ།

2010-05-10 དུད་སྒྲེང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།