གཟི་འོད་ཆེམ་ཆེམ་འཕྲོ་བའི་ནོར་བུའི་དོ་ཤལ་ཞིག

                                                               ______<<ཤ་དང་རུས་པའི་བརྩེ་དུང>>ཞེས་པའི་སྒྲུང་གཏམ་བཀླགས་རྗེས་ཀྱི་བསམཚུལ།      
      བོད་ཡིག་པར་གཞིའི་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>1984ལོར་དུས་དེབ་གཉིས་པའི་ཐོག་ཏུ་བློ་མཐུན་རང་གྲོལ་གྱིས་བརྩམས་པའི་<<ཤ་རུས་པའི་བརྩེ་དུང་>>ཞེས་པའི་སྒྲུང་གཏམ་དེ་ནི་བོད་ཀྱི་རྩོམ་སྣའི་དགའ་ཚལ་གྱི་ཁྲོད་ན་སྣ་ཚོགས་པའི་མེ་ཏོག་གི་ས་བོན་རྣམས་ཆུ་རླུང་འཛོམས་པའི་གཤིན་སར་རྩ་བ་ཚུགས་ཤིང་།དཔྱིད་ཀྱི་དྲོད་རླུང་ལྡང་བ་དང་མྱུ་གུ་འབུས་ལ་རང་རང་ཡུལ་འདབ་རྐྱོང་ལ་བྲེལ་བའི་ཡིད་འོང་སྐྱེད་མོས་ཚལ་ན་སྡུག་གུར་བཞད་པའི་མེ་ཏོག་དམར་པོ་ཞིག་དང་འདྲ་བར་ཀློག་པ་པོའི་ཡིད་དབང་ཅིག་ཅར་འཕྲོག་ནུས་པའི་རྩོམ་ཡིག་ཅིག་རེད།

སྒྲུང་གཏམ་འདིའི་ནང་དུ་རྩོམ་པ་པོས་བཀོད་འབྲི་བྱས་པའི་མི་སྣ་དབང་ལྡན་དང་དབང་ལྡན་གྱི་ཕ་མ་གཉིས་པོའི་གཟུགས་བརྙན་དེ་ཤོག་ངོས་ནས་ང་ཚོའི་མདུན་དུ་ཁྲ་ལམ་མེར་གསལ་བར་མ་ཟད།ཕ་མ་གཉིས་བར་གྱི་བཟའ་ཚོའི་བརྩེ་དུང་དང་།ཕ་མ་བུ་ཕྲུག་བར་གྱི་བརྩེ་དུང་བཀོད་པ་བརྒྱུད་ནས་ང་ཚོའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འདུ་ཤེས་དང་།འཚོ་བའི་ཁྱད་ཆོས།བཟའ་ཚོའི་བརྩེ་དུང་།བསམ་པའི་འཁྱེར་ཕྱོགས།ཕ་བུའི་བར་གྱི་འདུ་ཤེས་འཛིན་སྟངས་སོགས་ནི་མི་བཟོས་ཀྱི་མར་དྲི་ཟེར་བ་སྐྱུར་དྲི་འཚུབས་འཚུབས་དེ་གྲས་མིན་པར་རང་བཞིན་གྱི་མར་དྲི་དང་རྩམ་དྲི་ཡིན་པ་དེ་ཚོས་ང་ཚོའི་སྣ་རྩར་མངར་བསིལ་རྒྱས་དགོས་པ་ཞིག་བཟོས་འདུག དེ་ནི་ང་ཚོའི་གཞོན་ནུ་རྩོམ་པ་པོ་དེས་འཚོ་བའི་ལག་བསྟར་དངོས་ཀྱི་ནང་ཡུན་རིང་གི་ལྟ་ཞིབ་དང་ཉམས་ལེན་ཞིབ་ཕྲ་བྱས་ཏེ་བླང་དོར་གྱི་གནས་ཚུལ་བཞིན་འཇུག་པའི་འབྲས་བུ་ཞིག་ཡིན་པ་སྨོས་ཅི་དགོས།ལྷག་པར་དུ་རྩོམ་པ་པོས་རང་རིགས་སྔོན་བྱོན་མཁས་དབང་དུ་མའི་ཚད་མཐོའི་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་རྩོམ་འབྲིའི་ཁྱད་ཆོས་ལ་སློབ་སྦྱོང་བྱས་པ་ཙམ་དུ་མ་ཟད།ཚིགས་བཅད་དང་བཅད་ལྷུག་སྤེལ་མ་ཟེར་བའི་འབྲི་སྟངས་རྙིང་བའི་འཆིང་རྒྱ་ཁོ་ནའི་ནང་དུ་མགོ་བོ་འཁོར་ནས་མི་འདུག་པར་སྔོན་ཐོན་མི་རིགས་གཞན་གྱི་རྩོམ་རྒྱག་ལུགས་དང་། མི་སྣ་མཚོན་ཚུལ།བསམ་བློ་མཚོན་ཚུལ།མིའི་ཁ་རི་ངོ་གདོང་འགོད་ཚུལ་སོགས་ལ་སློབ་སྦྱོང་བྱས་ཁར་དེའི་ལེགས་ཆ་རྣམས་བསྡུས་ཏེ་རང་ཉིད་ཀྱི་རྩོམ་འབྲིའི་ལག་ལེན་དངོས་ཀྱི་ནང་དུ་ལག་བསྟར་བྱས་པར་གསོན་ཉམས་ལྡན་པའི་ནུས་པ་ཐོན་པའི་དངོས་དོན་ཞིག་ཡིན་པ་དེར་རང་ཚོས་དགའ་ཚོར་ཆེན་པོས་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ལ་རྩོམ་འབྲིའི་ལས་ལ་འཇུག་པར་སྤྲོ་བའི་བློ་མཐུན་ཚོས་སློབ་སྦྱོང་གནང་འོས་པ་ཞིག་ཀྱང་རེད་སེམས།          

དེའང་སྒྲུང་གཏམ་དེའི་ནང་དུ་རྩོམ་པ་པོས་དང་པོ་དེ་འདྲ་དང་།མཐར་མ་འདི་ལྟར་བྱས་པ་རེད་ཅེས་སྒྲུང་གཏམ་བཤད་པ་ཙམ་ལས་རང་ཉིད་སྒྲུང་དེ་དང་འབྲེལ་བ་མེད་ཀྱི་སྒྲུང་གཏམ་ཞིག་ཏུ་བརྩི་བའི་གོམས་སྲོལ་གྱི་འབྲི་སྟངས་ལས་བརྒལ་ཏེ་རྩོམ་པ་པོ་རང་ཉིད་སྒྲུང་གཏམ་ནང་གི་མི་སྣཀླུ་ཕྱུག གི་གཟུགས་སུ་བཀོད་ནས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དབང་ལྡན་དང་དང་པོ་སྟེས་དབང་གིས་ཐུག་འཕྲད་བྱུང་བ་ནས་བར་དུ་ལམ་གྲོགས་སུ་གྱུར་ཚུལ།མཐར་དབང་ལྡན་གྱིས་རང་ཉིད་གྱོལ་བོ་སྟོད་སྒུར་བ་ཞིག་ཏུ་གྱུར་དོན་གང་ཡིན་གྱི་དོན་རྩ་ཕུགས་རྐྱེན་རྣམས་ཇི་མ་ཇི་བཞིན་ཀླུ་ཕྱུག་དང་ཁ་བརྡ་གླེང་མོ་བྱེད་པའི་ནང་ནས་ང་ཚོར་བསྟན་ཡོད།དེའི་ཐོག་ནས་ཤང་ཤང་ཆུ་མོའི་གླུ་དབྱངས་བཞིན་ཉན་པར་སྤྲོ་ལ་རང་བཞིན་དུས་བཞིའི་འགྱུར་བ་ལྟར་བཅོས་མའི་གཡའ་ཡིས་མ་གོས་པར་གནས་ཚུལ་དེ་ཚོ་ནི་འཚོ་བ་དངོས་ཀྱི་ནང་དུ་འབྱུང་སྲིད་པ་དང་མིག་མཐོང་ལག་ཟིན་དུ་ཡོད་བཞིན་པ་རང་རེད་སྙམ་པའི་འཆར་སྣང་ཞིག་ང་ཚོའི་སེམས་སུ་འགོག་མེད་དུ་འཆར་ཐུབ་པར་མ་ཟད།ཀླུ་ཕྱུག་གིས་དབང་ལྡན་གྱི་ལོ་རྒྱུས་ཉན་བཞིན་དུ་སེམས་སུ་ཤར་བའི་དགའ་སྐྱོ་ཁྲོ་སྒེག་གི་རྣམ་པ་ཅི་རིགས་ཀྱི་ཐོག་ནས་ང་ཚོས་དབང་ལྡན་ལ་ཆ་རྒྱུས་ལོན་རྒྱུ་གཏིང་ཇེ་ཟབ་ཏུ་འགྲོ་གི་འདུག དཔེར་ན།དང་ཐོག་ཀླུ་ཕྱུག་གིས་མཛེ་ནད་ཅན་གྱི་མི་ཞིག་མིན་ནམ་སྙམ་ནས་སྐྲག་སྣང་བྱེད་པའི་མི་སྟོད་སྒུར་གྱོལ་བོ་དེ་ཡང་སྙིང་མཛེ་ནད་ཅན་ཞིག་ཡིན་ནམ་མིན་སྙམ་སྟེ་ཀློག་པ་པོ་ཚོ་ཐེ་ཚོམ་གྱི་དྲ་བར་བཅུག་རྗེས་ཀླུ་ཕྱུག་གིས་མི་དེར་ཞིབ་ལྟ་བྱེད་སྐབས་ཁོང་གི་སྨིན་མ་ནི་གནག་ཅིང་སྟུག་ལ་སྨིན་དཀྱུས་ཤིན་ཏུ་རིང་པོ་དེ་རྒོད་ཀྱི་གཤོག་པ་བརྐྱངས་པ་ལྟ་བུ་ཡོད་ཅིང་།སྨིན་མའི་གཤམ་གྱི་མིག་གཉིས་ལ་ཅུང་ཟད་རྒས་པའི་ཉམས་ཤིག་ཡོད་ནའང་མིག་གི་དབང་པོ་རྣོ་ཞིང་སྐྱེ་སྟོབས་ཀྱི་འོད་མ་ཡལ་བར་ནག་རིག་རིག་བྱེད་པ་དེ་ནི་ཁོའི་གདོང་གི་གཉེར་མ་ཤར་ཤུར་དུ་ཆགས་པ་དེ་དང་མཐུན་ས་ཡེ་ནས་མེད།དབང་པོ་སྐྱོན་ཅན་རྒད་པོ་ཞིག་ལ་གྲུང་ཤ་དོད་ཅིང་རྣམ་རིག་བཀྲ་བའི་མིག་དེ་ལྟ་བུ་ཞིག་ཡོད་ཟེར་ན་སུ་ཞིག་གི་རྣ་བར་འགྲོའམ། འདིར་རྩོམ་པ་པོས་ཁོ་མཛེ་ནད་ཅན་ཞིག་མ་རེད་ཅེས་ཐད་ཀར་བཤད་མེད་ཀྱང་གཟུགས་བརྙན་གསོན་རྗེ་དེའི་ཐོག་ནས་ང་ཚོའི་ཐེ་ཚོམ་གྱི་དཔུང་ཐག་དུམ་བུར་བཅད་པར་མ་ཟད།ང་ཚོར་ཁོང་གི་དབང་པོ་སྐྱོན་ཅན་གྱི་མི་ཞིག་ཡིན་རུང་བབས་ཆགས་ལ་བློ་རིག་བཀྲ་བ་དང་།སེམས་རྒྱུད་དྲང་ལ་གཡོ་ཟོལ་མེད་པ།སྐྱིད་སྡུག་གི་བྱང་གོམས་ཧ་ཅང་ཆེན་པོ་ཡོད་པའི་མི་ཞིག་རེད་སྙམ་པའི་འཆར་སྣང་ཞིག་རང་ཤུགས་སུ་ཡོང་གི་འདུག

དེ་བཞིན་རྩོམ་པ་པོས་གནས་ཚུལ་ཆུང་རྩག་བཀོད་འབྲི་བྱས་པ་བརྒྱུད་ནས་རྩིག་ལྡེབས་ཀྱི་རི་མོའི་གཟུགས་བརྙན་དག་ཤོག་ངོས་ལས་གསོན་པོར་ཕྱུང་སྟེ་ང་ཚོའི་མདུན་དུ་བསྟན་ཅིང་།འཚོ་བའི་ཉམས་འགྱུར་གྱིས་ཕྱུག་པའི་བཀོད་འབྲི་དེ་ནི་ཅི་འདྲའི་ངོ་མཚར་ཆེ་བ་ཞིག་རེད་ཨང་།དཔེར་ན།སྒྲུང་གཏམ་ནང་དུ་དབང་ལྡན་ཆུང་དུས་འཚུབ་པོ་བྱེད་ཚུལ་འདི་ལྟར་གླེང་ཡོད་དེསྦལ་བའི་གཤང་ལམ་དུ་རྩི་ཏོ་བཙུགས་ཏེ་ཕུ་བརྒྱབ་རྗེས་ཕ་བོང་ཐོག་ཏུ་བཞག་སྟ་རེའི་ལྟག་པས་བསྣུན་ན་དེ་གས་པའི་སྒྲ་ནི་མེ་མདའི་སྐད་ལས་ཀྱང་ཆེ་བ་དང་། ……འདོགས་ཁྱི་བཙན་པོ་ཚོ་ལ་ཁབ་ཆུང་ཆུང་མང་པོ་བཅུག་པའི་སྤངས་སྒོང་བྱིན་ནས་ཟ་རུ་བཅུག་པ་དང་ཉིན་གཅིག་གཉིས་ཙམ་ལ་ལྟོ་མི་ཟ་བར་ཤི་རུ་བཅུག་པ།ང་ཚོ་ལ་གཤེ་གཤེ་དང་སྡིགས་མོ་བྱས་མྱོང་བའི་ཁྱིམ་ཚང་གི་དུ་ཁུང་ནང་དུ་རྡོ་སྤུངས་བརྒྱབ་པ……ཞེས་ཞིབ་ཕྲའི་བཀོད་འབྲི་བྱས་པ་དེ་རྣམས་ཀློག་གིན་ཀློག་གིན་ང་ཚོའི་མིག་མདུན་དུ་རང་གི་བུ་ཕྲུག་གམ་གྲོང་བའི་བུ་ཕྲུག་སྤྱོད་རྩུབ་ཅན་དེ་ཚོའི་དགོད་བྲོ་བའི་བཞིན་ངོ་ཁྲ་ལམ་མེར་འཆར་བ་དང་།རང་ཉིད་ཆུང་དུས་བརྩམས་མྱོང་བའི་རྩུབ་སྤྱོད་དང་དགོད་བྲོ་བའི་ལས་ངན་དེ་དང་དེ་འདྲ་བ་དག་དྲན་པའི་ཡོང་བའི་ངོས་ནས་ལྷགས་ཏེ་ཡིད་ངོར་འཆར་སྐབས་ཁོང་འཛུམ་དགོད་བཞིན་དུ་མགོ་བོ་གཡུག་གཡུག་བྱེད་དགོས་པ་ཞིག་ཡོང་གི་མི་འདུག་གམ།རྩོམ་པ་པོས་གནས་ཚུལ་ཆུང་རྩག་དེ་དང་དེ་འདྲ་བ་ཇི་བཞིན་བཀོད་འབྲི་བྱས་པ་བརྒྱུད་ནས་དབང་ལྡན་གསོན་པོ་ང་ཚོའི་མདུན་དུ་བསླངས་པ་དང་སྦྲགས་ང་ཚོས་དབང་ལྡན་ནི་ང་ཚོའི་ཁྲོད་དུ་ཡོད་པ་དང་།ང་ཚོར་རྒྱུས་མངའ་ཡོད་པ།ང་ཚོས་བསམ་ཤེས་བྱེད་ཐུབ་པའི་མི་ཞིག་ལ་བརྩིས་ནས་ཁོང་གི་བདེ་སྡུག་ལ་སེམས་ཁུར་བྱས་ཏེ་སྙིང་རྗེ་དང་དགའ་སྣང་གི་བསམ་པ་རང་ཤུགས་སུ་སྐྱེ།སྤྱིར་ན་ཆུང་དུས་འཚུབ་པོ་བྱེད་པ་དང་།ཕ་མའི་ཁ་བརྡ་བསླབ་བྱར་བསམ་ཤེས་མ་ཐུབ་པར་གཏམ་ལན་རྡོ་དང་ཚིག་ལན་མཆིལ་ཞགས་འཕངས་པསོགས་ནི་བྱིས་པ་ཐུན་མོང་གི་ཁྱད་ཆོས་ཤིག་རེད་ལ།ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་དང་གསོ་སྐྱོང་བྱས་ཏེ་རང་གི་བུ་ཕྲུག་དེ་གཞན་དང་མི་འདྲ་བའི་ཡག་པོ་ཞིག་བྱུང་ན་ཅི་མི་རུང་སྙམ་པའི་རེ་བ་བཅངས་ཏེ་རང་གི་བུ་ཕྲུག་ལ་ཁོག་པའི་སྙིང་དང་གདོང་གི་མིག་འབྲས་བཞིན་གཅེས་པར་འཛིན་པ་སོགས་ནི་ང་ཚོས་རྒྱུན་ལྡན་འཚོ་བའི་ནང་མཐོང་དཀོན་པ་ཞིག་ཀྱང་མ་ཡིན་ཞིང་།ཆུང་དུས་ཕ་མའི་བཀའ་ལ་ཉན་འཇོག་མེད་པརཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོགབྱས་ཏེ་བསམ་མེད་ཀྱི་ལས་ཀ་འདི་དང་དེ་བརྩམས་པར་བསམ་ཡུལ་འདས་པའི་མཇུག་འབྲས་ངན་པ་དེ་འདྲ་དང་འདི་འདྲ་བྱུང་སྐབས་ཞིག་ནས་འགྱོད་པ་རྟས་མི་ཟིན་པ་སྐྱེས་ཏེ་ཁྲག་གི་མིག་ཆུ་བཏང་ནའང་འཕྱིས་དྲགས་པ་ལས་བྱ་རྒྱུ་སོར་གང་མེད་པའི་གནས་སུ་གྱར་ནས་མི་ཚེ་གང་ལ་གནོང་འགྱོད་དང་ཕངས་སེམས་ཁོ་ནའི་ནང་དུ་འཚོ་བ་སྐྱེལ་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་ནི་མི་ཚོས་རྒྱུན་ལྡན་གྱི་འཚོ་བའི་ནང་རིག་དཀའ་བ་ཞིག་མིན་སྟབས་དོ་སྣང་དེ་ཙམ་མི་བྱེད་པར་སྣང་མེད་བསྐྱུར་བའི་བརྗོད་བྱ་དེ་རིགས་ལ་རྩོམ་པ་པོས་དོ་སྣང་ཆེན་པོ་བྱས་ཏེ་བརྩམ་གཞིར་བཞག་པ་དེ་ནས་རྩོམ་པ་པོའི་བློ་རིག་རྟོགས་ཐུབ། གཞན་ཡང་དེ་དག་ལ་བླང་དོར་མེད་པར་ཇི་མ་ཇི་བཞིན་དུ་སྒྲུང་གཏམ་དུ་བཀོད་ན་མི་སེམས་ལ་གཡོ་འགུལ་གཏོང་ཐུབ་པའི་སྒྱུ་རྩལ་གྱི་ནུས་པ་ཐོན་ག་ལ་ཐུབ།འདིར་རྩོམ་པ་པོས་འཚོ་བ་དངོས་ཀྱི་གནས་ཚུལ་དེ་ཚོ་གཞི་འཛིན་ས་བྱས་ཤིང་།དེ་དག་ལ་བསྲེགས་བཅད་བརྡར་གསུམ་བྱས་ནས་དེའི་ཉིང་ཀུ་དག་བསྡུས་ཐོགསྒྱུ་རྩལ་གྱི་གཟུགས་བརྙན་ལ་བརྟེན་ནས་རི་མོའི་ལམ་དུ་བཀོད་པ་ཡིན་ལ།སྣང་ཚུལ་དེ་ནི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་ཞིག་ཡིན་ལ་ལ་འཚོ་བ་དངོས་ལས་ཀྱང་མཐོ་བའི་སྒྱུ་རྩལ་གྱི་རྣམ་པ་དེའི་ཐོག་ནས་མི་ཚོའི་སེམས་པ་ལང་ལོང་གཡོ་བའི་མི་ལ་སློབ་གསོ་གཏིང་ཟབ་ཐེབས་ཐུབ་པའི་སྒྱུ་རྩལ་གྱི་ནུས་པ་ཆེས་ཆེར་ཐོན་ཡོད།དཔེར་ན།སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་གྲས་ཡིན་པའི་དབང་ལྡན་གྱི་ཕས་ཨ་མ་འདས་རྗེས་ཕ་མ་གཉིས་ཀའི་གོ་ཆོད་པ་གནང་སྟེ་བུ་ལ་བྱམས་བརྩེའི་གསོ་སྐྱོང་དང་བརྩེ་དུང་གཏིང་ཟབ་བཅངས་པའི་གནས་ཚུལ་ཞིབ་ཕྲ་དེ་ཚོ་རི་མོའི་ལམ་དུ་བཀོད་ནས་རྣམ་རིག་བཀྲ་ལ་ཐུགས་གཤིས་བཟང་བ་དང་།ཁོག་རྒྱ་ཆེ་ལ་ཡ་རབས་ཚུལ་དང་ལྡན་པའི་ཕའི་གཟུགས་བརྙན་དག་ང་ཚོའི་མདུན་དུ་གསོན་པོར་ལྷགས་པར་མ་ཟད།སྒྲུང་གཏམ་ཀློག་བཞིན་ཀློག་བཞིན་ང་ཚོས་རྒྱུན་དུ་ངོ་ཤེས་ཤེས་དང་མཐོང་མྱོང་མྱོང་གིཇོ་ལྷག་པ་ལགསདང་ཕ་དོན་གྲུབ་ལགསསོགས་ཀྱི་གཟུགས་བརྙན་ང་ཚོའི་ཡིད་ངོར་དབང་མེད་དུ་ཤར་ནས་ཁོང་སྡུག་དང་འཕྲད་སྐབས་ང་ཚོའི་སེམས་པའང་རང་བཞིན་གྱིས་སྡུག་བསྔལ་གྱི་ཁུང་བུར་ཚུད་པ་དང་།ཁོང་སྐྱིད་དང་འཕྲད་སྐབས་ང་ཚོའང་དབང་མེད་དུ་བཞིན་འཛུམ་འཛུམ་དང་མགོ་བོ་ལྕོག་ལྕོག་བྱེད་དགོས་པ་སོགས་རང་ཤུགས་ཀྱིས་མི་དེར་སེམས་ཁུར་དང་།གདུང་སེམས་མཉམ་སྐྱེ་བྱེད་ཐུབ་པ་དེ་ནི་དངོས་འབྲེལ་སྒྱུ་རྩལ་གྱི་ནུས་པ་ཁོ་ན་ལས་གཞན་ཅི།དཔེར་ན།དབང་ལྡན་ཆུང་དུས་རྩེད་མོར་མགོ་འཁོར་ཏེ་ས་རུབ་ན་མ་གཏོགས་ཁྱིམ་དུ་ལོག་རྒྱུ་མ་དྲན་པ་དང་།ཁྱིམ་གྱི་སྒོ་རྩར་སླེབས་སྐབས་ཉེས་རྡུང་ཕོག་དོགས་ཀྱིས་སྙོམ་ཆུང་ངང་ཁྱིམ་གྱི་སྒོ་རྩར་ལངས་སྡོད་སྐབསཨ་ཕས་ཐོག་མར་ངོ་ནག་འདུས་ཏེ་ང་ལ་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་།ངའི་བྱེད་སྟངས་དང་བཟོ་ལྟ་དེ་མཐོང་འཕྲལ་དེ་མུར་འཛུམ་ཞིག་ལངས་ནས‘བུ་དབང་ལྡན།ད་ཡར་ཤོག དགོང་ཇ་ཐུས།གྲོད་པ་ལྟོགས་མ་བྱུང་ངམ། ’ཞེས་འདྲི་བཞིན་མྱུར་དུ་ཇ་བསྐོལ་ཏེ་ཕ་བུ་གཉིས་དགོང་ཇ་བཏུངས།བུ་ལོ་དྲུག་ལ་སླེབས་དུས་ཕས་བུ་ལ་རང་གི་ལྷ་རིས་འབྲི་བའི་ལག་རྩལ་བསླབས་པར་མ་ཟད།ལོ་ན་ཕྲ་བུའི་གཤིས་ཀར་བསྟུན་མཁས་བྱས་ཏེ་བུས་བྲིས་པའི་རི་མོ་རང་ག་བ་དེ་ཚོར་ཕསགང་མི་ཚད་ཅིག་རེད་ཅེས་བསྟོད་ར་གཏོར་བ་དང་།ལྷ་བཟོ་བ་དཔེ་མེད་ཅིག་ཆགས་རྒྱུ་རེདཅེས་སྐུལ་མ་ཡང་ཡང་གནང་བ་དེ་ཚོའི་ཐོག་ནས་ཕས་བུ་ལ་བཅངས་པའི་བརྩེ་དུང་མངོན་ཐུབ་ལ་དངོས་འབྲེལ་ཕྲུ་གུར་ཤ་ཚ་བྱེད་ཤེས་མཁན་གྱི་ཕ་དེ་ལྟ་བུ་ཞིག་ཡོད་སྟབས་རྗེས་སོར་དབང་ལྡན་ལྷ་འབྲི་བ་མཁས་ཅན་ཞིག་ཏུ་གྱུར་ནསབྲིས་སྐུ་འགའ་ཞིག་ནི་ཕས་བྲིས་པ་ལས་ཀྱང་ལེགས་པ་བྱུང་འདུགཅེས་ལྷ་བཟོ་བ་མཁས་ཅན་གཞན་དག་གི་བསྟོད་བསྔགས་ཐོབ་པ་དེ་ཚོར་བསམ་ཤེས་བྱེད་དཀའ་བ་ཞིག་ཀྱང་མ་ཡིན།དེ་བཞིན་ཕས་ཨ་མ་འདས་པོར་བཅངས་པའི་བརྩེ་དུང་གི་ཐོག་ནས་དབང་ལྡན་གྱི་ཕ་ནི་གཞུང་རྒྱུད་དྲང་ཞིང་གཤིས་ཀ་འཇམ་པ་དང་།ཡ་རབས་ཚུལ་དང་ལྡན་པའི་མི་ཁོག་རྒྱ་ཅན་ཞིག་ཡིན་པ་མངོན་ཐུབ་པ་ཙམ་དུ་མ་ཟད་ཕས་བུ་ལ་རྟག་ཏུ་ཨ་མ་བཟང་ཚུལ་དང་།ཁོང་གཉིས་བཟའ་ཚང་བསྒྲིགས་ཚུལ་གཤིས་སྤྱོད་མཐུན་ཚུལ་གྱི་གཏམ་མང་པོ་བཤད་པའི་དངོས་དོན་དེ་ཚོས་ཁོང་ཕ་མ་བཟའ་ཚོ་གཉིས་ཀྱི་བར་དུ་སེམས་མཐུན་འོ་ཆུ་འདྲེས་པ་ལྟ་བུའི་ལྷད་མེད་ཀྱི་བརྩེ་དུང་ཡོད་པ་མངོན་ཐུབ།ཨ་མར་འདས་པོ་འཚོ་བཞུགས་སྐབས་ཀྱི་གཟུགས་བརྙན་ཡང་ང་ཚོར་གསལ་བོ་བསྟན་ཡོད་པ་སྟེ།ཁོང་ནི་སྐྱེས་འབྲས་ལེགས་ཤིང་གདོང་ལ་ནམ་ཡང་འཛུམ་གྱིས་ཁེངས་ཏེ་ཕ་དང་མཉམ་དུ་ངལ་རྩོལ་བྱེད་པ་དང་།བརྩེ་བ་ཆེན་པོས་ངའི་ཨ་ཕའི་མིང་ནས་འབོད་དེ་‘ཁྱེད་བཞེས་དང་། ཁྱེད་གཞུགས་དང་། ངས་བྱས་ཆོག’ཅེས་ངག་འཇམ་ལ་གདངས་དམའ་མོའི་སྒོ་ནས་དེ་ལྟར་སྨྲ་བ། མཚན་མོའི་དུས་སུ་ཨ་ཕས་བཞུ་མར་འོག་ཏུ་རི་མོ་འབྲི་སྐབས་ཚོན་སྣ་སྡེབ་རོགས་དང་པིར་སྨྱུག་འཁྲུད་རོགས་བྱས་ཏེ‘ཨ་ཙི།ཅི་འདྲའི་ངོ་མཚར་ཆེ་བ་ལ་ཨང་།ཕྱག་རྩལ་ཁྱད་དུ་འཕགས་པ་ཞིག་རེད’ཅེས་ཕ་ལ་བསྟོད་བསྔགས་བྱེད་པ།ཨ་ཕ་ཐང་ཆད་པའི་ཚེ་ན་འོ་ཇ་དཀར་ཡོལ་གང་ཁྱེར་འོངས་ནས་མདུན་ཅོག་གྲུ་བཞི་མ་སུག་ཐུང་དེའི་ཐོག་ཏུ་བཞག་སྟེ་དུང་བའི་མིག་ལ་བརྩེ་བའི་མདངས་ཤར་ཞིང་།ལག་གཉིས་བརྐྱངས་ནས་ཨ་ཕའི་སྐེ་ལ་འཐམ་འཁྱུད་བྱེད་པ་སོགས……ཞེས་སོ།]འདིར་རྩོམ་པ་པོས་ཁོང་བཟའ་ཚོ་གཉིས་ཀྱི་བར་དུ་བརྩེ་དུང་ཟབ་མོ་ཡོད་ཚུལ་བཤད་པ་ཙམ་མ་ཟད།ཨ་མའི་སྤྱན་གྱི་གཟི་མདངས་དང་།ཐུགས་ཀྱི་དགའ་སྣང་། བཞིན་གྱི་འཛུམ་མདངས། ལུས་ཀྱི་བདེ་བབཅས་ཀྱི་ཐོག་ནས་བཟའ་ཚོའི་བར་གྱི་ལྷག་མེད་རྣམ་པར་དག་པའི་བརྩེ་དུང་དག་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་གློག་བརྙན་གྱི་པར་གཞི་ལྟར་གསོན་ཉམས་ལྡན་པའི་སྒོ་ནས་ཀློག་པ་པོའི་མིག་ངོར་བཤམས་པ་དེས་བོད་རིགས་བཟའ་ཚོའི་བར་གྱི་བརྩེ་དུང་དང་།ལྷག་པར་དུ་ཡ་རབས་ཚུལ་དང་མཐུན་པའི་བོད་རིགས་བུད་མེད་ཅིག་རང་གི་ཟླ་བོར་གུས་ཞབས་དང་།ཟླ་བོའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཚུལ་བཅས་མངོན་སུམ་གཟུགས་གྲུབ་ཀྱི་སྒོ་ནས་ལྷུག་པོར་གླེང་བ་དེ་ནི་ཅི་འདྲའི་འཚོ་བའི་ཉམས་འགྱུར་གྱིས་ཕྱུག་པ་ཞིག་རེད་ཨང་།ད་དུང་རྩོམ་པ་པོས་བུ་སྐྱེས་ཀྱི་སྐྱེད་མ་བྱམས་སེམས་ཅནདེ་ས་བུ་ཕྲུག་ལ་བརྩེ་དུང་བཅངས་ཚུལ་འདི་ལྟར་བཀོད་འབྲི་བྱས་ཡོད་དེངའི་གཅེན་མོ་གྲོངས་པའི་ཚེ་ན་ཁོང་གི་བཞིན་རས་ལ་སྡུག་བསྔལ་གྱི་རྣམ་འགྱུར་ཤར་བ་དང་ཤ་ཞེན་གྱིས་མ་བཟོད་པར་བཤུམས་བཤུམས་ཏེ་སྤྱན་གཉིས་སྐྲངས་པའི་ཚུལ་ལམ།དེའི་ཕྱི་ལོ་བུ་ཞིག་སྐྱེས་པའི་ཚེ་ན་ཁོང་གི་བཞིན་རབས་ལ་དགའ་བའི་འཛུམ་མདངས་རྒྱས་པ།བྲང་གི་ནུ་འབུར་དེ་ཕྱག་གཡས་པའི་སོར་མོས་བཟུང་ནས་ངའི་ཁ་ནང་ལ་འཇོག་པ།ང་ནུ་ཞོས་འགྲངས་ནས་ཚིག་འབྲུ་མི་གསལ་བའི་སྐད་སྣ་ཚོགས་སྒྲོག་པ་ཐོས་དུས་དགའ་སྣང་གནོན་མི་ཐུབ་པར་ངའི་རློན་ཤ་ཆགས་པའི་འགྲམ་པ་ལ་སྐྱེད་མའི་ཞལ་རས་སྦྱོར་བཞེས་སོ།།ཁ་ངོ་སྐྱེས་འབྲས་མཚར་བ་ཙམ་དུ་མ་ཟད།སེམས་བཟང་བྱམས་སེམས་ཅན་གྱི་བུད་མེད་དེ་ལྟ་བུ་ཞིག་ལ་ཕས་བརྩེ་དུང་ཟབ་མོ་བཅངས་ཏེ་བཟའ་ཟླ་འདས་ཁརཁྱོད་ད་དུང་ལོ་ཆུང་ཆུང་རེད།ངའི་ཕྱོགས་ལ་བསམ་བློ་དེ་འདྲ་གཏོང་མི་དགོས།རང་གི་བློ་ལ་འབབ་པ་འདྲ་བྱུང་ན་འདུག་རོགས་ཤིག་ཚོལཞེས་ཁ་ཆེམས་བཞག་ཡོད་ནའང་ཨ་ཕས་ད་བར་དུ་བུད་མེད་གཅིག་གི་ངོ་ལ་མ་བལྟས་པར་མི་རྐྱང་རྟ་རྐྱང་གི་འཚོ་བ་བསྐྱལ་ནས་བསྡད་པར་བསམ་ཤེས་བྱེད་དཀའ་བ་ཞིག་མིན་ལ་ཁོང་གིས་བརྗེད་པར་དཀའ་ལ་ནམ་ཡང་སེམས་གཏིང་ནས་བསྐྱུར་ཐབས་བྲལ་བའི་བརྩེ་དུང་དེ་དག་རང་གི་སོར་མོའི་རྩེར་བསྡུས་ཏེ་བཟའ་ཟླ་འདས་པོའི་གཟུགས་བརྙན་དག་ཐང་ཀའི་སྟེང་གི་ལྷ་མོའི་གཟུགས་བརྙན་དུ་བཀོད་ནས་རྟག་ཏུ་ཐང་ཀ་དེ་པང་དུ་ཉར་ནསཡུན་རིང་ཞིབ་ལྟ་བྱེད་པ་དང་། སྐབས་རེར་ཨ་ཕའི་གདོང་ལ་འཛུམ་ཞིག་ལངས་ནས་ཐང་ཀ་དེ་སྙིང་ཁར་སྦྱར་ནས་མིག་མཐར་མཆི་མ་འཁོར་ཞིང་།མཚམས་མཚམས་ལ་ཐང་ཀ་དེར་བལྟས་ཏེ་ཧ་ལས་པ།”“ལྷ་མོ་དེའི་གདོང་ལ་སེམས་སྐྱོ་བའི་རྣམ་འགྱུར་དང་སུ་ཞིག་ལ་ཞེན་ཆགས་པའི་མིག་མདངས་ཤར་འདུགདེ་ཚོ་ནི་སྐྱིད་གངས་དཀར་ཆུ་མོ་མཉམ་འཐུང་དང་། སྡུག་ཀོ་མོག་གི་རྫ་ཆུ་མཉམ་འཐུང་བྱེད་མཁན་རང་རིགས་བཟའ་ཚོའི་རྣམ་ཐར་གྲངས་ལས་འདས་པའི་ནང་གི་དཔེ་མཚོན་ཙམ་ཞིག་རེད་ལ།གནས་ཚུལ་དེ་དག་གི་ཐོག་ནས་དབང་ལྡན་གྱི་ཕ་ནི་ཅི་འདྲའི་སེམས་རྒྱུད་དྲང་ལ་ཡ་རབས་པ། ཅི་འདྲའི་ཁྲེལ་ཡོད་ལ་རྣམ་པར་དག་པའི་མི་ཞིག་ཡིན་པ་ང་ཚོས་དེ་བས་གསལ་ཤེས་ཡོང་གི་འདུག དེ་ལྟའི་སྒྱུ་རྩལ་གྱི་གཟུགས་བརྙན་ནི་འཚོ་བ་དངོས་ལ་ཆ་རྒྱུས་ཡོད་པ་ཙམ་དུ་མ་ཟད།ཚད་མཐོའི་སུག་བྲིས་ཀྱི་ནུས་པ་ལྡན་པའི་རྩོམ་པ་པོའི་པིར་རྩལ་ཁོ་ན་ལས་གཞན་དུ་མིན།

ད་དུང་སྒྲུང་གཏམ་དེའི་ནང་དུ་རྩོམ་པ་པོས་བོད་ཀྱི་སྒྲུང་གཏམ་གཞན་དང་མི་འདྲ་བར་མི་སྣའི་བསམ་ཚུལ་འབྲི་གོད་དང་རྩོམ་པ་པོས་གཏམ་གླེང་བྱེད་པ་གཉིས་ཟུང་སྦྲེལ་བྱས་པར་སྒྱུ་རྩལ་གྱི་ནུས་པ་གང་ལེགས་ཐོན་ཡོད།དཔེར་ན།དབང་ལྡན་ཆུང་དུས་གྲོགས་དང་འགྲོགས་ཏེ་ལོ་གསུམ་ལ་གསང་སྟབས་ཀྱིས་ཡུལ་གྱར་ཏེ་མཐར་ཚུལ་ལོག་ཡོང་སྐབས་ཕ་རྒན་ཚེ་ལས་འདས་པར་འགྱོད་པ་ཇི་ལྟར་སྐྱེས་ཚུལ་དང་།ཕ་མ་ཇི་ལྟར་དྲན་ཚུལ།བརྩེ་དུང་བཅངས་ཚུལ་སོགས་ཞིབ་ཅིང་ཕྲ་བའི་འབྲི་འགོད་དང་རྩོམ་པ་པོ་རང་ཉིད་ཀྱི་གཏམ་གླེང་བཀོད་པ་དེ་དག་ནི་གཏན་ཚིགས་རིག་པ་དང་མཐུན་ལ་བརྩམས་བྱའི་མི་སྣའི་བསམ་ཚུལ་དངོས་དང་མཐུན་ཞིང་།གསོན་ཉམས་ལྡན་པ་དང་།གཏམ་དོན་མཚུངས་པ།གོ་དོན་ཟབ་པ།སེམས་སུ་ཟུག་པ་བཅས་ཡོད་སྟབས་སྒྲུང་གཏམ་ནང་གི་མི་སྣའི་སེམས་ནི་མེ་ལོང་དྭངས་མའི་ནང་གི་གཟུགས་བརྙན་ཇི་བཞིན་ཀློག་པ་པོར་ཁྲ་ལམ་མེར་བསྟན་ཡོད།དེ་བཞིན་སྒྲུང་གཏམ་དེ་མགོ་བཙུགས་པ་ནས་མཇུག་རྔ་མ་བརཐང་ཀདེས་མུ་ཏིག་གི་ཕྲེང་ཐག་ཞིག་དང་འདྲ་བར་སྒྲུང་གཏམ་ཆ་ཚང་ཕྲེང་ཐག་དེ་ལ་རྒྱུས་ནས་རྣམ་པར་བཀྲ་བའི་རིན་ཆེན་དོ་ཤལ་ཞིག་ཀློག་པ་པོའི་མིག་ལམ་དུ་བཤམས་ཡོད།ཐོག་མར་སྒྲུང་གཏམ་མགོ་བཙུགས་པ་དང་རྩོམ་པ་པོསརྨི་ལམ་དུ་གྲོགས་པོ་བརྩེ་དུང་ཅན་ཞིག་རྨིས་པ་ད་ང།ཁོའི་ལུས་ལ་གཟབ་མཆོར་སྤྲས་ཤིང་།ལག་ཏུ་ཐང་ཀ་ཞིག་བཟུང་འདུགཅེས་ཐང་ཀ་དེ་གླེང་ནས་ང་ཚོས་མི་དེའི་ལག་ཏུ་ཐང་ཀ་འཛིན་དོན་གང་ཡིན་ནམ།ཐང་ཀ་དེ་དང་མི་དེའི་བར་ལ་འབྲེལ་བ་གང་ཡོད་དམ་སྙམ་སྟེ་སེམས་སུ་དོགས་གཞི་ཞིག་བསླངས་པ་དང་སྦྲགས་གང་བྱས་གང་ཡིན་ཤེས་འདོད་ཀྱི་བློ་ཞིག་རང་བཞིན་དུ་ཤར་ནས་ཡིད་ཀྱི་དབང་པོ་དབང་མེད་དུ་དེའི་ཕྱོགས་སུ་བཀུག་པ་དང་།བར་དུ་ཐང་ཀའི་སྟེང་དུ་ལྷ་མོའི་གཟུགས་བརྙན་ཇི་ལྟ་བུ་ཞིག་བཀོད་ཡོད་པ་དང་།ཕ་མས་ཐང་ཀ་དེ་ལ་དགའ་བ་དང་དེ་ལ་བརྩེ་དུང་ཟབ་མོ་བཅངས་ཚུལ་གྱི་ཐོག་ནས་ཀློག་པ་པོར་ཐང་ཀའི་སྟེང་གི་ལྷ་མོ་དེ་ཡང་སྙིང་སུ་ཡིན་ནམ་སྙམ་པའི་དོགས་འཆར་བསླངས་པ།མཐར་ཐང་ཀའི་ཐོག་གི་ལྷ་མོ་དེ་ནི་ཨ་མ་འདས་པོའི་གཟུགས་བརྙན་ཡིན་ལ་ཀློག་པ་པོས་གསལ་ཤེས་ཐུབ་པའི་མུ་ལ་དབང་ལྡན་དང་།དབང་ལྡན་གྱི་ཕ་མ་གཉིས་པོའི་གཟུགས་བརྙན་ཡང་ཐང་ཀ་དེ་དང་འབྲེལ་ཏེ་ཀློག་པ་པོའི་མིག་ངོར་གསལ་ལེར་འཆར་བར་མ་ཟད།སྒྲུང་གཏམ་ཆ་ཚང་ཡང་ཐང་ཀ་དེ་ལྟེ་བར་བྱས་པའི་དཀྱིལ་འཁོར་ཞིག་དང་འདྲ་བར་ལྟེ་བ་ཐང་ཀ་དེ་ཚད་དུ་བཟུང་ནས་ཕྱིའི་དཀྱིལ་འཁོར་གྱི་སྒོར་མོ་ཆ་ཚང་ངང་གིས་ལེགས་གྲུབ་བྱུང་ཡོད།མདོར་ན་བརྗོད་བྱ་དོན་སྙིང་ཟབ་ཅིང་ཀློག་པ་པོའི་ཡིད་དབང་འགུགས་ཐུབ་པ་དང་།རྗོད་བྱེད་ཚིག་གི་སྨྲ་བ་དག་ཅིང་གོ་བདེ་ལ་སྙན་འཇེབས་ལྡན་པ།འཚོ་བའི་ཉམས་འགྱུར་གྱིས་ཕྱུག་པ་བཅས་ནི་བརྩམས་སྒྲུང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས་དེ་ནི་བོད་ཀྱི་རྩོམ་སྣའི་དགའ་ཚལ་ཁྲོད་ཀྱི་ཚད་མཐོའི་སྒྱུ་རྩལ་རང་བཞིན་ལྡན་པའི་རྩོམ་ཡིག་ཕུལ་དུ་བྱུང་བ་ཞིག་རེད་ཅེས་ཁོ་མོས་རྨོངས་པའི་འོལ་ཚོད་ཀྱིས་དཔྱད་གཏམ་ཞུ་ཁུལ་བྱས་པ་དེའང་སོ་ཕག་འཕངས་ནས་གཡུ་མོ་འགུག་ཆེད་དུ་ཐལ་ལོ།།   

                                    (༡༩༨༤ལོའི<བོད་ཀྱི་རྩོམ་རིག་སྒྱུ་རྩལ>དེབ་དྲུག་པ་ལས་བདམས།)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟི་འོད་ཆེམ་ཆེམ་འཕྲོ་བའི་ནོར་བུའི་དོ་ཤལ་ཞིག

2009-05-01 ཆོས་འཛོམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།