མི་རབས་བཞི་བའི་སྙན་ངག་གི་ལྟ་སྤྱོད་ལ་བཏོན་པའི་བསམ་འཆར།

   ཉེ་ལམ་ངེད་ཅག་ནུབ་བྱང་གི་གསར་བུ་སྐོར་ཅིག་མཉམ་འདུས་ཀྱིས་བོད་ཀྱི་སྙན་ངག་གི་སྐོར་ལ་གླེང་མོལ་མང་བོ་བྱས་མཐར་མི་རབས་བཞི་བའི་སྙན་ངག་པ་དག་གི་སྙན་ངག་བརྩམས་ཆོས་ཀྱིས་མི་རབས་འདིའི་རྩོམ་རིག་གི་བློ་སྦྱོང་གི་ངོས་ནས་དང་སྙན་ངག་གི་མཛེས་དཔྱོད་ཀྱི་ངོས་ནས་ཡིད་ཚིམས་མི་ཐུབ་པའི་ཧོལ་རྒྱུགས་ཀྱི་སྣང་ཚུལ་དང་བོད་ཀྱི་སྙན་ངག་པའི་ཕྱི་ཚུལ་རིང་ལུགས་ཀྱི་རུལ་སུངས་ལ་གུ་ཡངས་གཏོང་མི་འདོད་པའི་རྒོལ་བ་དེ་རང་ངོས་ནས་འགོ་བརྩམས་ཏེ་ལྟ་ཚུལ་མཉམ་སྨྲ་ནས་ལྟ་ཚུལ་མཉམ་གནས་བྱུང་བས།མི་རབས་བཞི་བར་མཐའ་གཅིག་ཏུ་གཏོར་དགོས་ཟེར་བ་མ་ཡིན་པར་སྙན་ངག་ལ་ཞིབ་ཏུ་འཇུག་པའི་མི་རབས་གང་དེར་རང་ཚོད་ཀྱི་ལྟ་ཚུལ་དང་རེ་བ་ཞིག་བྱེད་འདོད་ཀྱིས་ཅི་ཞིག་འབྲི་དགོས་བསམ་བྱུང་།སྤྱིར་ན་སྙན་ངག་ཅེས་པའི་བརྡ་དོན་ངེད་ཅག་སུ་ལ་མཚོན་ནའང་གཏན་ཚུགས་རང་བཞིན་གྱི་དཔྱད་འཇོག་ཅིག་བྱེད་ཐུབ་མེད་པས།རྒྱས་ཤིང་ཞིབ་པ་ཞིག་ངེད་ཅག་འཆད་པའི་བློ་མེད་ལ།ཏན་ཏན་གཞན་དག་གིས་ཀྱང་དེ་ལྟར་འདོད་པ་རེད།ཡིན་ཙང་།མི་རབས་བཞི་བ་ཞེས་པའི་སྙན་ངག་གི་མི་རབས་ཀྱི་ཚོགས་པ་འདི་བོད་ཀྱི་སྙན་ངག་གི་གླེང་ཕྱོགས་ཤིག་ཏུ་གྱུར་ཐུབ་ཡོད་མེད་ལ་ང་ཚོ་དངོས་གནས་ཚིགས་པ་ཟ་འོང་ཞེས་མང་བོས་བཤད་པས།མི་རབས་ཞེས་པའི་བར་མཚམས་དབྱེ་བྱེད་ཀྱི་གདགས་གཞི་འདི་ལས་འགོ་བརྩམས་པ་ཡིན་ན་ཤིན་ཏུ་འགྲིག་པ་རེད།དེ་ནི་ད་སྔའི་ཡན་ཆད་ཀྱི་་རིག་གནས་ཀྱི་གསར་བརྗེ་དང་འདུ་ཤེས་ཀྱི་གསར་བརྗེ་སོགས་ལ་ལྟོས་དང་ཧ་གོ་ཡོང་བ་རེད།དེ་བཞིན་དུ་མི་རབས་བཞི་བའི་སྙན་ངག་པ་གི་བརྩམས་ཆོས་ལ་མི་རབས་སྔ་མའི་སྙན་ངག་པ་དག་གི་སྙན་ངག་གི་ཆུ་ཚད་དང་དེའི་སྒྱུ་རྩལ་གྱི་ཐབས་རྩལ་དག་ལ་ངེས་པར་བལྟས་ཏེ་བཤད་དགོས་པ་ཞིག་ཡིན་མོད།ང་ཚོས་ལོས་ཀྱང་ཤེས་པ་ཞིག་ནི་ཁོ་ཚོས་མི་རབས་སྔ་མ་དག་གི་སྙན་ངག་ལ་གྱེས་ཕྱག་དང་འབྲི་ཐབས་གསར་མའི་ལུགས་ཀྱི་སྙན་ངག་གི་ཁམས་ཤིག་ཚོད་ལྟའི་ལམ་ནས་བོད་ཀྱི་སྙན་ངག་གི་གནས་བབས་ལ་གླེང་ཕྱོགས་རེ་བཟོས་ཡོང་ཐུབ་ཡོད་མེད་ལ་ཤིན་ཏུ་བཤད་ཁག་པོ་རེད་ལ།དོན་དམ་སྙན་ངག་གི་ལམ་གཤའ་མའི་ཚུགས་ཐུབ་ལ་གས་ཁ་བཟོས་ལོས་ཡོད་སྙམ་པའི་དོགས་པ་ཅན་མང་པོས་འདི་སྐད་བརྗོད་དེ་རྣ་ལམ་ཡང་ཡང་ཐོན་པ་ཤིན་ཏུ་མང་།དེ་ལྟ་མོད།བོད་ཀྱི་རྩོམ་སྟེགས་ནི་སྙན་ངག་ལྟ་བུའི་ཡི་གེའི་བྲིས་རིས་འབེལ་བོས་བཟུང་བ་ནས་སྒྱུ་རྩལ་བློ་སྦྱོང་རྦད་དེ་མི་ཤེས་མཁན་དག་གིས་སྙན་ངག་ལག་ཆ་བྱས་ཏེ་དཔུང་བསྒྲིགས་ཏེ་ཚོར་བ་རྫུན་མ་དང་ན་ཟུག་བཅོས་མ་དག་བྱེད་བཞིན་དྲ་དེབ་སྟེགས་གསུམ་ནས་སྙན་ངག་པའི་ཚུགས་ཀ་ལྟ་བུ་སྟོན་མདོག་བྱེད་སྐབས།མང་བོས་མི་འཐད་པའི་རྣམ་འགྱུར་འགའ་རེ་གཞུང་ལུགས་དང་བཅས་ཏེ་བཤད་མྱོང་ལ།ལ་ལས་སྒྱུ་རྩལ་གྱི་བློ་སྦྱོང་གྱེར་ནས་བཤད་མྱོང་བས།འདང་བརྒྱབས་ཏེ་བསམ་ན་དངོས་གནས་དེ་འདྲ་རང་རེད།
   འཆད་བྱ་དངོས་ལ་བབས་ན་འདི་ལྟ་སྟེ།བོད་ཀྱི་དེང་རབས་སྙན་ངག་གི་ལམ་ཁར་ཕྱི་མིག་ཅུང་ཙམ་བྱས་ན།ལོ་རབས་བརྒྱད་བཅུའི་ལོ་སྟོད་ལ་བོད་ཀྱི་སྙན་ངག་གི་མགོ་ཚུགས་པ་ནས་ད་ལྟའི་བར་བོད་མི་མང་བོས་སྙན་ངག་གི་རྫོགས་ལྡན་དུས་རབས་ལྟ་བའི་ཕྱི་ཚུལ་བཅོས་མ་ཞིག་ཏན་ཏན་བྱས་མྱོང་བ་རེད་མོད།མཐའ་དཔྱོད་གཞན་ཞིག་གི་ལམ་ནས་བལྟས་ཚེ་སྙན་ངག་གི་མགོ་ཚོས་ནས་ལོ་སུམ་བཅུའི་ལོ་རྒྱུས་མེད་པའི་མི་རིགས་ཤིག་ལ་མཚོན་ན་ཅུང་ཙམ་འཐུས་ཞེས་འགའ་རེས་བཤད་ཡོད་ལ་ང་ཡང་དེ་ལྟར་ཡིན་པས།བོད་ཀྱི་དེང་རབས་སྙན་ངག་ཅེས་ཁ་ལ་ཁྱེར་ནས་གྲངས་སྤུས་གཉིས་ལ་ཞིབ་ཆ་བྱ་དགོས་མ་ཡོད།ཡིན་ཙང་།ང་ཚོས་གསལ་བོར་བརྗོད་ཐུབ་ཐབས་མེད་པའི་འཛམ་གླིང་སྙན་ངག་གི་བྱུང་བ་ཁོ་ནར་བལྟས་ཏེ་བཤད་ཐུབ་པ་ཉག་ཅིག་ནི་དེང་རབས་སྙན་ངག་གི་སྔ་ཕྱིའི་ལུགས་ལས་དེང་རབས་ཕྱི་མའི་སྙན་ངག་གི་ཚ་རླབས་ཏེ་མིའི་རིགས་ཀྱི་གཉུག་གཤིས་གཙང་མའི་ཀློང་ལ་འཐབ་པའི་ཚོར་བ་དངོས་མས་འབྲི་བཞེངས་བྱས་པའི་སྙན་ངག་དག་གི་འཕྲོར་ནས་འོ་སྐོལ་ལ་ཡང་དངོས་ཡོད་ནས་དངོས་བརྒལ་དང།འབྲི་སླ་བ་ནས་དཀའ་བ།སྙན་ངག་གི་ཁམས་དོག་པ་ནས་ཡངས་བར་བརྒལ་བའི་སྙན་ངག་སྨྲ་བ་ལྗང་བུ་ནས་མི་རབས་གསུམ་པའི་སྙན་ངག་པ་སྐོར་ཞིག་དང་ནང་སྒོས་སྐྱབས་ཆེན་བདེ་གྲོལ་ལྟ་བུའི་ཐོད་བརྒལ་ཅན་ལ་མི་རབས་འདིའི་སྙན་ངག་ཅེས་བྱ་བའི་བརྡ་དོན་དེའི་གོ་མ་གོ་མཚམས་སུ་སྙན་ངག་གི་ཚིག་དོན་གཉིས་ཆ་ནས་ཁྱད་ཆོས་ཅན་དང་འབུར་ཐོན་ཅན་འབྲི་ཞོར་འཛམ་གླིང་ཤར་ནུབ་ཁག་གི་སྙན་ངག་གི་གཞུང་ལུགས་ལྟ་བུ་དང་སྙན་ངག་གི་གྲུབ་མཐའ་སྣ་ཚོགས་བོད་ཀྱི་དེང་རབས་སྙན་ངག་ལ་ཅི་ཐུབ་ཀྱིས་གྲུབ་འབྲས་བསྙབས་ནས་ཡོད་མོད།འདི་ལྟར་མི་རབས་བཞི་བ་ཞེས་པར་ངའི་ངོས་ནས་སྙན་ངག་གི་མི་རབས་ཞེས་ཁོ་ཚོས་བསྒྲགས་ཡོད་ནའང་།གསལ་བོ་མཐོང་ཐུབ་མེད་པ་ནི་ཁོ་ཚོ་མི་རབས་སྔ་མ་དག་ལས་བརྒལ་ཐུབ་ཡོད་མེད་དང་།ཟུར་གང་ཞིག་ནས་བརྒལ་ཐུབ་མིན་གྱི་མཚམས་དེ་རེད་པས།ཁོ་ཚོས་བརྩམས་དང་བརྩམ་འགྱུར་གྱི་སྙན་ངག་གི་ངོས་ནས་དེང་རབས་སྙན་ངག་གི་རྟོག་པའི་མཛེས་པ་དང་ཡང་ན་ཐོད་བརྒལ་ཅན་གྱི་ཐབས་རྩལ་གྱི་ནུས་པ་དེ་ཇི་ལྟར་འཆད་པར་ཁོ་ཚོས་འཆད་ཐུབ་མེད་ལ།ང་ཚོས་ཀྱང་གོ་ཐུབ་བྲལ་ཅིང་།ཁོ་ཚོའི་རང་མཚང་རང་སྦས་ཀྱི་སྙན་ངག་གི་ལྟ་སྤྱོད་ལ་བལྟས་ཏེ་རྒྱུ་མཚན་སླ་བོ་ངང་ཞུས་ན།མིག་མཐོང་ལག་ཟིན་གྱི་ཁོ་བ་ཚོའི་སྙན་ངག་གི་བརྩམས་ཆོས་ཀྱིས་མི་རབས་བཞི་བ་ཞེས་པའི་ཚོགས་པ་དེའི་ལངས་ཕྱོགས་ལ་གཅིག་མཐུན་གྱིས་ཅི་ཞིག་བརྗོད་མེད་ལ།ཚོགས་པའི་ཁྱད་ཆོས་རང་བཞིན་གྱི་བརྩམས་ཆོས་ཤིག་ཚོགས་པའི་ངོས་ནས་གཞི་གྲུབ་མེད་པ་གཞན་དག་གིས་ཀྱང་ཅི་ཆ།དྲང་མོར་ལབ་ན་བོད་ཀྱི་དེང་རབས་སྙན་ངག་གི་ངོས་ནས་སམ་མི་རབས་ཤིག་གི་སྙན་ངག་གི་ལངས་ཕྱོགས་གསལ་བོ་མིན་པའི་ངོས་ཐད་ནས་འདི་ལྟར་སྙན་ངག་གི་ཚོགས་པ་ཞེས་ཀི་རིང་འདེབས་པ་ནི་ཕྱི་ཚུལ་རིང་ལུགས་པའི་ངོས་ནས་ཤིན་ཏུ་མི་ལེགས་པ་ཞིག་ཏུ་གྱུར་ཡོད་ལ།མི་རབས་ཞེས་པའི་གདགས་གཞི་འདིའང་ཕྱི་ཚུལ་རིང་ལུགས་ཀྱི་འཚུལ་ཆོས་དང་གསོག་གསོབ་ཀྱི་ཚུགས་ཀ་བཅོས་མ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཁྱོན་ནས་མེད།ཡང་དེང་རབས་རིང་ལུགས་ཀྱི་སྙན་ངག་གི་གཞི་རྩའི་རྣམ་པའམ་མྱོང་བ་ཐད་ཀར་པའི་ངོས་ཐད་ནས་རྦད་དེ་མི་མཐུན་པའི་ཆ་གཅིག་ནི་བྱེ་བྲག་ཅུང་ཙམ་བབས་ཏེ་བཤད་ན་ཤེས་ཐུབ་ལ།སྙན་ངག་གི་རྩོམ་གཤིས་ངོས་ཐད་ནས་གཞིགས་ན་མི་རབས་སྔ་མ་དག་གི་འབོད་སྐུལ་རྐྱང་བ་བྱེད་པའི་ལོ་རབས་བརྒྱད་བཅུ་བའི་སྙན་ངག་དེ་ཚོ་ལས་ངེས་པར་འགོངས་དགོས་ཤིང་ཅུང་ཙམ་ཟུར་དུ་བུད་ཡོད་པ་བདེན་མོད།ན་ཟུག་བརྗོད་པའི་སྙན་ངག་གི་ལོ་རབས་སམ་ལོ་རབས་དགུ་བཅུ་བའི་སྙན་ངག་དག་དང་ཁྱད་མེད་དུ་གནས་ཡོད་པ་མི་རབས་བཞི་བའི་ཚོགས་མི་རེ་འགས་སྙན་ངག་ལ་བལྟས་ན་ཇི་བཞིན་གོ་ཐུབ།གཞན་ཡང་དེང་རབས་ཕྱི་མའི་སྙན་ངག་གི་ལུགས་ལ་ཧུར་བརྩོན་གྱིས་འབྲི་བའི་ལོ་རབས་སྟེ།སྟོང་ལོ་གསར་ཚེས་ཀྱི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལ་བྱོན་མྱོང་བའི་སྙན་ངག་དེ་ཚོ་དང་བསྡུར་ཐུབ་མེད་ཅེས་པ་འདིའང་མི་རབས་བཞི་བའི་ཚོགས་མི་རེ་འགའི་སྙན་ངག་ལ་ཟེར་བ་ཡིན།ད་དུང་མི་རིགས་ཤིག་གི་སྙན་ངག་གི་ཆུ་ཚད་དང་དེའི་སྟོང་ཆར་མི་རབས་བཞི་བ་ཞེས་ཚོགས་པ་ཞིག་གི་སྐད་འབོད་ལས་ཅི་ཞིག་གཞི་གྲུབ་དགོས་ན་དེ་ནི་དེ་ལྟར་སྟོང་བར་ལུས་ཡོད་པ་ང་དང་བཅས་པའི་སྐོར་ཅིག་གིས་ལབ་སྲིད་ལ།མི་རབས་བཞི་བ་དག་གི་ངོས་ཐད་ནས་ཀྱང་གསལ་བོ་ཆགས་ཡོད་ན་རབ་ཏུ་འཕྲོད།གང་ལྟར་རེ་བ་ཆད་པའི་གང་མཚམས་དེར་ཁོ་བ་ཚོ་འགའ་ཞིག་གིས་འདི་ལྟར༼ཁ་ཁུ་སིམ་པོར་བསྡད་ནས་དབེན་པའི་མཛེས་པའམ་བདེ་བའི་མཆོག་ཅིག་བསྒོམས་༽པའི་ལྟ་ཚུལ་བྲོ་བ་ཅན་ཞིག་འཐོན་ཐུབ་པ་འདིའི་རྒྱབ་ན་ཚོགས་མི་རེ་འགས་རྟོག་པའི་ཁྲོད་ཀྱི་མཛེས་པ་དེ་སྙན་ངག་ལམ་ནས་བརྗོད་ཐུབ་པར་ཡིད་ཆེས་རྙེད་བྱུང་བ་ནི་ངའི་རྩོམ་འདིའི་མཇུག་བསྡུ་བྱེད་དུ་གྱུར།
            ༢༠༡༣ལོའི་ཟླ༡༠བའི་ཚེས༡༠ཉིན་ནུབ་བྱང་མི་རིགས་སློབ་ཆེན་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་བཞི་བའི་སྙན་ངག་གི་ལྟ་སྤྱོད་ལ་བཏོན་པའི་བསམ་འཆར།

2013-12-09 ཞོགས་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།