༼ལོ་སར། མར་མེ་ལམ་ལམ༽ཞེས་པའི་སྙན་ངག་གི་ཀློག་འགྲེལ།

     ལོ་སར།    མར་མེ་ལམ་ལམ།
                                    བྱ་གཞུང་དབྱངས་བྷ།

མར་མེ་མཚན་ཐུབ་དག་གི་རྐོང་བུའི་དབུས་སུ
ལོ་ཕྱི་ནང་གཅིག       ཚག་ཚག་འབར་གྱི་འདུག
ལོ་སར       མུན་པས་འཁྲིད་དེ
ལྐོག་ལྐོག་སུད་སུད་ཀྱིས་བཅར་ཡོང

མར་ཁུ་མེ་རུ་འབར་སོང་ངམ       སྡོང་བུ་ཐལ་བར་གྱུར་སོང་ངམ
མཚན་ཐུབ་ཀྱི་མར་མེ་དག་གིས     མུན་ཁྲོད་དུ
འོད་སྣང་ཕྲན་ཙམ་ཕྲན་ཙམ་བཞག་སྟེ་ཡལ་གྱི་འདུག

ཉི་མ་ལམ་སང་འཆར་སྲིད
དེ་དུས       ངས་འོད་ཀྱི་ཕྱུ་བ་གྱོན་ནས་ཁྱེད་ལ་ལོ་སར་རྟེན་འབྲེལ་ཞུ་བར་བཅར་ཆོག
                                     བོད་ཆུ་འབྲུག་ལོའི་ལོ་སར་ཚེས་གཅིག་ཉིན་རང་ཤག་གད་པ་མཐོངས་ཡངས་སུ།
 
ཀློག་འགྲེལ།/  རོང་བོ།  སྒོ་རབ་རྒྱས།
མ་བརྟག་མ་དཔྱད་པའི་སྣང་ངོར་ལོ་སར་ནི་དུས་སྟོན་དག་ལས་ཆེས་བཟང་ཤོས་དང་ཀུན་གྱིས་ཆེས་དགའ་སའི་ཡུལ་དུ་བྱེད་ལ། དེ་ཉིད་ཚེས་ལ་ཉེ་སྐབས་སུ་རང་ཅག་བོད་མི་རྣམས་ཀྱིས་འབྱོར་བ་ལྡན་མིན་ལ་མི་བལྟ་བར་ལོ་གཅིག་གི་ལོ་སར་གྱི་དགའ་སྟོན་བཤམས་ཆེད་ཡོང་འབབ་བམ་གསོག་དངུལ་ཡོད་ཚད་བཀོལ་ཏེ་ཤུལ་ཏུ་ཅི་ཡང་མ་ལུས་ཀྱང་ཕངས་མེད་དུ་དྲན་དགོས་པའི་དུས་ཤིག་ཡིན། ཡིན་ནའང་། ཤེས་ལྡན་པའི་གཟིགས་ལམ་དུ་ཡོངས་གྲགས་ཀྱི་དེ་འདྲའི་གལ་ཆེན་ཞིག་མིན་ཏེ། ལོ་སར་དང་ཉེ་སར་བཅར་ཐེངས་རེ་རེ་ནི་འཆི་བདག་སར་གོམ་པ་སྤོ་ཐེངས་གཅིག་གམ་འཆི་བ་ལ་ལོ་གཅིག་གི་ཐག་ཉེར་དུད་པ་ཙམ་ལས་ཅི་ཡང་མ་ཡིན་ལ། “ལོ་གཅིག་གི་ཕྱི་ནང་”གི་ཁུགས་སོ་རེ་རེ་ནས་དགའ་སྐྱོ་གཉིས་ལས་གང་ཞིག་བྱུང་ཡོད་མེད་ལ་ཕྱིར་རྟོག་བྱ་རྒྱུའི་སེམས་ཁྲལ་ཡོད་པའང་སྨོས་ཅི་དགོས། རེད་དེ།མི་ཚེ་ཞིག་གི་བརྒྱུད་རིམ་ལ་ཕྱི་མིག་ལྟ་དུས་ཀྱི་རྩོམ་པ་པོས་ཡིད་ཁམས་ནི་ཐེག་དཀའ་བའི་ན་ཟུག་ལྕི་མོ་ཞིག་གི་ཕར་ངོགས་ན། ཤེས་རབ་ཀྱི་གློ་གྲི་འཕྱར་ཏེ་སྣང་ལ་མ་ངེས་པའི་ཚུལ་དུ་ཚུར་ལ་བཅར་ཞིང་རྒོལ་བའི་ལོ་སར་གྱིས་སྐྱེལ་བའི་ཚོར་འདུ་དང་། མི་རིགས་རིག་གནས་ཀྱི་ལོ་ཟླའི་གོད་ཆག་ཁྲོད་འཕྱུར་བའི་ནད་ཡམས་ཆེན་པོའི་ལྟེ་བར་འཛུལ་བའི་ཡིད་ཀྱི་འདུ་བྱེད་དག་རྨང་ནས་སྤྲུག་པར་འབད་མོད། རེ་བའི་གོམ་ཁ་འཁྱོལ་ཞིང་རྨི་ལམ་དང་ཨུ་ཚུགས་ཀྱི་མཁར་རྫོང་བཙན་གྱིས་སྲུང་བའི་མང་ཚོགས་ལ་མཚོན་ན་དེ་ནི་ཇི་འདྲའི་གོ་ལྡོག་པ་ཞིག་ཡིན་སོང་ཨང་། འདི་ལྟར་བྱ་གཞུང་དབྱངས་བྷའི་སྙན་ངག་ལ་མྱོང་རོལ་བྱེད་དུས་ཁོང་གི་སྙན་ངག་དག་ནི་བཀླགས་མ་ཐག་ཏུ་སེམས་ལ་སིམ་པ་སྟེར་ཞིང་ཡང་ནས་བསྐྱར་དུ་ཀློག་དུས་བསམ་གཞིགས་རེ་རེའི་རུམ་ཁོང་དུ་སུས་ཀྱང་གླེང་མ་མྱོང་བའི་གསང་བའི་གསང་བ་ཞིག་སྦྲུམ་ནས་ཡོད་ལ།གསང་བ་མཚོན་པའི་ཡིད་བརྙན་ནམ་རྟོག་བརྙན་ཆེན་པོའི་རྒྱབ་ལྗོངས་ན་འོ་སྐོལ་གྱིས་མཐོང་ཡང་དྲན་པས་བཏང་བའི་སྨུག་སྒྱུ་དང་ཆར་ཞོད་ནི་སྙན་ངག་པའི་ཚོར་རླབས་ལྟར་འཕྱུར་གྱིན་ཡོད། དེའི་ཕྱིར། རྩོམ་པ་པོས་ལོ་སར་ཞེས་པའི་ཀུན་གྱིས་དགའ་མོས་བྱེད་ཅིང་དོན་གྱིས་སེམས་ཁྲལ་གྱིས་ལྕི་བའི་རྟོག་ལྗོངས་ཁྲོད་ “མར་མེ་མཚན་ཐུབ་དག་གི་རྐོང་བུའི་དབུས་སུ་ལོ་ཕྱི་ནང་གཅིག  ཚག་ཚག་འབར་གྱི་འདུག་”ཚུལ་ཀློག་པ་པོས་མིག་ལམ་དུ་མངོན་པར་བཀྲམ་ཡོད་དེ། མི་ཞིག་ཐང་ལ་འགྱེལ་ཚུལ་དང་། རིག་གནས་ཀྱི་གོད་ཆག། ཤེས་རབ་དེ་མུན་པས་ཟོས་ཚུལ་སོགས་ཀྱི་སྣང་བརྙན་དག་ལོ་གསར་རྙིང་གཉིས་ཀྱི་རུམ་དུ་ཐབས་ཀྱིས་བཅུག་སྟེ།དེའི་ནང་དུ་བྱུང་དང་འབྱུང་ངེས་ཀྱི་ཡུལ་དང་ཡུལ་ཅན་དག་རེ་རེ་བཞིན་མར་མེ་མཚན་ཐུབ་གཅིག་གི་དབུས་སུ་ཚག་ཚག་འབར་བཞིན་པ་ནི་སྤྱིར་བཏང་གི་འབར་ཚུལ་དང་ཡེ་ནས་མི་མཚུངས་སྟེ། ཕྱིར་མི་འོང་བའི་ཚུལ་གྱིས་རྒྱང་དུ་བཞུད་པའམ་ཕྱི་ཤུན་ཙམ་ཡང་མ་ལུས་པར་ཤུལ་མེད་ལྷག་མེད་དུ་འབར་བའམ་ཐལ་བ་བཞིན་བསྐྱར་བཟོ་བྱེད་དཀའ་བའི་དེ་ཉིད་མངོན་པར་བྱས་ཡོད་འདུག  སྤྱིར་ཡིན་ན། ལོ་སར་ནི་དགའ་སྟོན་གྱི་ཡོ་ལང་ཞིག་ཏུ་ངོས་འཛིན་བྱ་དགོས་མོད། ལུས་སེམས་ཀྱི་འཛུམ་མདངས་བོར་བའི་ལོ་ཟླའི་ངོ་གདོང་ལྡོག་གཟུགས་ཀྱིས་མཐོང་བའི་སྐྱེ་བའི་སྣང་ངོར་ཧ་ཅང་གོ་ལྡོག་པའི་རྣམ་པའམ་སྐྱོ་སར་དགའ་ཞིང་། ཁྲོ་ཡུལ་ལ་ཞེན་པའི་ངན་རྟོག་གིས་ཡོངས་སུ་བསླུས་པའི་འཁྲབ་སྟོན་དེ་ཡང་མུན་པ་དང་མུན་པའི་གཞན་དབང་དུ་གྱུར་ཏེ་འདའ་ཐབས་སུ་འབད་པའི་དབང་གིས་འཆི་བ་དང་འདྲ་བའི་འཇིགས་རུང་གི་ངོ་གདོང་དག་ཀྱང་“ལྐོག་ལྐོག་སུད་སུད་ཀྱིས་བཅར་ཡོང”བས། གང་ཞིག་མེ་རུ་འབར་ཚུལ་དང་ཅིའི་ཕྱིར་མཆོད་མེ་“འབར་”དགོས་ཚུལ་གྱི་རྟོག་པ་འོག་འགྱུའི་ཕར་ཤུགས་སུ་འཕྱོ་བ་ནི་ཅིས་ཀྱང་ལན་ལྡོན་དགོས་པའི་དྲི་ཚིག་གམ་བསམ་གཞིག་གི་བར་སྟོང་དེ་ཡིན་མོད། ཆོས་གཞུང་དང་ཡོངས་སུ་གྱེས་པའི་སྐྱེ་འཆིའི་བརྒྱུད་རིམ་དང་། འཕྲལ་ཕུགས་ཀྱི་སྤང་བླང་ཤེས་པའི་ཤེས་པ་མ་རྙེད་བར་དུ་དྲན་མི་ཕོད་པའི་སྙིང་གི་ཚག་སྒྲ་དེ་ཡང་བུད་ཤིང་ཞིག་མེ་ལ་སྒྲོན་པ་ཙམ་ལས་མི་ཚོར་ཏེ་གཏན་ནས་ཚོར་མི་དཔེའོ། “མར་ཁུ་མེ་རུ་འབར་སོང་ངམ     སྡོང་བུ་ཐལ་བར་གྱུར་སོང་ངམ   མཚན་ཐུབ་ཀྱི་མར་མེ་དག་གིས     མུན་ཁྲོད་དུ་འོད་སྣང་ཕྲན་ཙམ་ཕྲན་ཙམ་བཞག་སྟེ་ཡལ་གྱི་འདུག” ཚན་པ་འདི་ནི་སྙན་ངག་འདིའི་དེ་ཉིད་མཚོན་པའི་སྲོག་སྙིང་འབའ་ཞིག་ཏུ་འདོད་དེ། འདིས་རང་གི་སྙིང་དབུས་སུ་ན་ཟུག་གིས་འདོན་པའི་དྲི་ཚིག་རེར་སེན་འབྲད་བྱེད་བཞིན་ཡོད།ཚག་སྒྲ་དེའི་ཁྲོད་ནས་མིའི་རིགས་ཐུན་མོང་ལ་མངའ་དགོས་པའི་རིགས་ཞེན་གྱི་དུང་བའམ།“མར་ཁུ་”ལྟར་དྭངས་ཤིང་གཙང་བའི་ལྷག་བསམ་དཀར་པོ་དེ་“འབར་”སོང་བ་ཨེ་ཡིན་ནམ།“ཐལ་བར་གྱུར་”བ་ནི་འུ་ཅག་གི་ཡིད་ཀྱི་མུན་པ་སེལ་བྱེད་ཀྱི་མར་མེའི་“སྡོང་བུ་”དེ་ཨེ་ཡིན་ནམ་སྙམ་པའི་དྲི་ཚིག་བརྩེགས་མའི་ཀློང་དུ་ཡོངས་སུ་འཁྲིད་དེ། མཆོད་ཁྲིའི་སྟེང་འོད་ལམ་ལམ་གྱིས་འབར་བའི་མར་མེས་མཚན་ལམ་རིང་མོ་འདི་ནས་འུ་ཅག་ལ་རྟོགས་སད་ཀྱི་འབོད་སྐུལ་ལམ་རེ་བ་ཞིག་ལ་མཛུབ་མོ་བསྟན་ཏེ་ཆས་བཞིན་པར་འགྲེལ་བཤད་བསྐྱོན་འདུག་ལ།  འགྱོད་གདུང་ དང་ཞེན་ཆགས་ཟབ་མོས་ཀློང་ནས་རེ་བའི་མིག་ཟུང་གཅིག་ལ་ཕྱོགས་ཏེ་སང་ཉིན་གྱི་འཛུམ་མདངས་བསུ་དགོས་པའི་ཉེན་བརྡ་གཏོང་བཞིན་ཡོད། རྟེན་འབྱུང་གི་སྣང་བ་མ་ནུབ་བར་དུ་གཞོལ་ཚེ་ཡིད་ཀྱི་ལོ་སར་རམ་“ཉི་མ་ལམ་སང་འཆར་སྲིད་”པར་ནེམ་ནུར་བྱ་མི་དགོས་ལ། “དེ་དུས  ངས་འོད་ཀྱི་ཕྱུ་བ་གྱོན་ནས་ཁྱེད་ལ་ལོ་སར་རྟེན་འབྲེལ་ཞུ་བར་བཅར་ཆོག” འདི་ནི་ཆེས་ངེས་དོན་གྱི་འཛུམ་མདངས་སམ་ལོ་སར་དངོས་དེ་ཡིན་ལ། བློ་བདེ་བག་ཕེབས་ངང་བྲིས་པའི་ལོ་རྒྱུས་དེབ་ཐེར་ཞིག་གི་སྔོན་འགྲོའི་གཏམ་དུའང་གོ་ཆོག་པ་ཡིན། དེ་དུས་མཆོད་རྐོང་དེ་ཡང་མཚན་ཐུབ་ཙམ་གྱིས་མི་ཚད་པར་བཅུ་ཐུབ་ཞིག་གི་ངོ་བོར་འགྱུར་ཆོག་ཆོག་ཡིན་ལ། ཨེ་མ་བག་བྲོའི་སྐུ་ཁམས་བཟང་བའི་སྨོན་འདུན་ནམ་ལོ་སར་བའི་ལེགས་སྐྱེས་སུ་ཕུལ་ཆོག་ཆོག་རེད་ཨང་སྙམ་མོ། ཁོ་བོས་ཐོལ་བྱུང་དུ་རང་གི་སེམས་ཚོར་ཙམ་བྲིས་པ་ཡིན་པས་སྙན་ངག་གི་རྙེད་དོན་དངོས་དང་རིང་དུ་ཕྱོགས་ཡོད་ཚེ་རྩོམ་པ་པོར་དགོངས་དག་ལ་ལན་བརྒྱར་ཞུའོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ལོ་སར། མར་མེ་ལམ་ལམ༽ཞེས་པའི་སྙན་ངག་གི་ཀློག་འགྲེལ།

2012-10-20 སྒོ་རབ་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།