༈གོ་རིམ་བོར་བའི་མི་གཤིས་ཀྱི་འགྱུར་བ།

                        —སློབ་ཆེན་བརྩམས་སྒྲུང་འགྲན་བསྡུར་ཁྲོད་ཞུགས་པའི་སྒྲུང་ཐུང་ཞིག་ལ་ཟུར་ཙམ་དཔྱད་པ།

    མདང་ནུབ་ཁོ་བོས་སླར་ཡང་གྲོགས་རྨས་པ་ལགས་ཀྱི་སྒྲུང་ཐུང་<<བོར་སྟོར>>་ལ་ཚར་གཅིག་བལྟས་ཤིང་བསྐྱར་དུ་བསམ་བློ་བཏང་བ་ན།སྒྲུང་ཐུང་ནང་གི་མི་སྣའི་མི་གཤིས་ཀྱི་འགྱུར་བའི་རང་བཞིན་ནམ་གོ་རིམ་ལ་ད་དུང་མ་འདང་ས་ཞིག་ཡོད་པའི་བསམ་ཚུལ་ཡང་ངང་གིས་སྐྱེས་བྱུང་།སྐད་ཆ་གཞན་ནི་ཁ་སང་རང་གཉིས་ཀྱིས་གླེང་མོལ་ལས་ལབ་ཚར་བས་འདིར་བསྐྱར་དུ་ཟློས་བར་མི་བྱེད་ལ།བཤམས་ནས་རང་གི་བསམ་ཚུལ་དེ་ཉིད་ཐད་གར་སྨྲས་ན། དེ་ཡང་སྒྲུང་རྩོམ་གྱི་འགོ་སྟེ་ཚན་པ་དང་བོ་དང་གཉིས་བ་རུ་བཀྲ་དོན་གྱི་མི་གཤིས་ལ་ཁེར་ཚུགས་ཀྱི་སྣང་བརྙན་ཞིག་ཐོན་དུ་བཅུགས་ཡོད་ལ།དེ་ནི་བཀྲ་དོན་ལ་རང་གི་མི་གཤིས་སུ་སྔ་མོ་ནས་ཆགས་ཡོད་པ་ཞིག་གི་ངོས་ནས་དེ་ཡི་རྒྱབ་ལྗོངས་དང་གོ་རིམ་དག་གསལ་བོ་འབྲི་བཞེངས་བྱེད་པའི་དགོས་བ་མེད་པ་རེད།འོན་ཀྱང་།གཤིས་ཀ་གང་ཞིག་གི་ངོ་བོ་གཤིས་ཀ་གཞན་ཞིག་ཏུ་འཕོ་འགྱུར་ བྱེད་པ་ནི་ཅིས་ནས་ཀྱང་རྒྱབ་ལྗོངས་དང་གོ་རིམ་ཞིག་གི་བརྒྱུད་རིམ་མ་དེད་རང་དེད་ཡིན་པས་འགྱུར་བའི་གོ་རིམ་དང་རང་བཞིན་དེ་ངེས་པར་གསལ་དགོས་བ་ཡིན།གལ་ཏེ་འགྱུར་བའི་གོ་རིམ་དང་རྒྱབ་ལྗོངས་མངོན་པར་མ་གྱུར་ཚེ།བརྩམས་ཆོས་དེ་ནི་འགུལ་ཡོད་ནས་འགུལ་མེད་དུ་འགྲོ་བའམ་ཚོར་ཤེས་ཅན་ནས་ཚོར་ཤེས་ཀྱིས་སྟོང་བའི་བེམ་གོག་རྐྱང་བ་ཞིག་ཏུ་ལུས་སྲིད་པར་སྙམ།
  དེ་ནས་ཚན་པ་གཉིས་བ་དེ་ཉིད་ཆ་གཉིས་སུ་བགོས་བའི་དབང་དུ་བཏངས་ན།ཏག་ཏག་ཕྱི་མའི་དུམ་མཚམས་དེ་ནས་བཀྲ་དོན་གྱི་མི་གཤིས་ཀྱི་འགྱུར་བའི་མཚམས་སུ་ཐོན་ཡོད།ཁོའི་མི་གཤིས་ཀྱི་འགྱུར་བ་དེ་ཤུགས་རྐྱེན་ཞིག་དང་གོ་རིམ་ཞིག་གི་མཐོང་སྣེ་སྤྱད་ནས་ཀློག་པ་པོའི་མིག་མདུན་དུ་འགྲེམ་སྟོན་བྱེད་དགོས་པ་ཡིན་མོད།རྩོམ་པ་པོས་དེ་འདྲའི་མཐོང་སྣེ་ཞིག་ལར་ནས་མ་བརྒྱུད་པར་ ཀློག་པ་པོ་དག་གི་མིག་ལམ་དུ་སྒྲུང་ཐུང་ཁྲོད་ཀྱི་མི་སྣ་གཙོ་བོ་བཀྲ་ཤིས་དོན་གྲུབ་ཀྱི་མི་གཤིས་ཀྱི་འགྱུར་བའི་སྣང་བརྙན་ཞིག་ཚུར་སྣང་བྱེད་དུ་བཅུགས་པ་ནི།སྔོན་ཆད་སློབ་གྲོགས་ཚོ་དང་མཉམ་དུ་ཁ་བརྡ་བྱེད་སྐབས་རང་གི་བསམ་ཚུལ་དང་ལྟ་ཚུལ་ལོགས་སུ་ཡོད་ཅིང་དེ་ལྟར་དགག་བསྒྲུབ་ཀྱི་སྨྲ་བ་འབྱིན་པ་ལ་སྤོབས་པས་ལྟས་བའི་བཀྲ་ཤིས་དོན་གྲུབ་ནི་འཕྲམ་མར་སྦྱིན་བདག་ མ་དང་འཕྲད་མ་ཐག་ཏུ་བག་འཁུམས།ཁུ་སིམ།གཡུང་འདུག་བྱེད་མཁན་གྱི་མི་གཤིས་ཅན་ཞིག་ཏུ་བཏངས་འདུག་པ་དེ་རེད།
  དེ་ལྟར་མི་སྣའི་གཤིས་ཀའི་འགྱུར་བ་གློ་བུར་ཅན་དུ་བཏངས་བ་དེས་མི་སྣའི་གཤིས་ཀའི་འགྱུར་བ་ལ་ཆད་ལྷག་ཤོར་འདུག་པའམ་གསལ་ཁ་ཐོན་མ་སོང་བ་ཡིན་པས་མི་ཤེས་མི་གོ་ས་ནས་སམ་གབ་སྦས་ཅན་དང་ལྐོག་འགྱུར་ཅན་གྱི་ངང་དུ་བཀྲ་དོན་ནི་མི་གཞན་ཞིག་ཏུ་གྱུར་སོང་བ་དེ་རེད།དེས་ནི་རྩོམ་པ་པོའི་འབྲི་བྱེད་ཀྱི་སྨྱུ་གུའི་སྣེ་མོ་དེ་བཙན་ཐབས་ཀྱིས་སྒུལ་བ་ཞིག་ལས་ཆོས་ཉིད་དམ ་རང་བཞིན་གྱིས་འགུལ་བའི་རྣམ་པ་ཞིག་ལར་ནས་དོད་མི་འདུག་པའི་སྣང་བ་དེ་འགོག་མེད་དུ་སྟེར་བ་བྱེད།
  རྩོམ་གྱི་སྒྱུ་རྩལ་དེ་ཡང་བྲིས་བ་མ་ཡིན་པར་དོད་པ་རུ་སོང་བ་ཡིན་ན་དེ་ནི་རྩོམ་པ་པོ་གང་ཞིག་རང་གི་བརྩམས་ཆོས་དང་ཐག་ཉེ་བར་སོང་བ་ཡིན་ལ།བརྩམས་ཆོས་ཁྲོད་ཀྱི་མི་སྣ་ཡང་འགུལ་ཡོད་རང་བཞིན་དང་སྨྲ་བ་ཅན་ཚོར་ཤེས་ཅན་དུ་འགྲོ་ཐུབ་པ་ཡིན།ཡིན་ཡང་།བརྩམས་ཆོས་དབང་མེད་དང་རྩོམ་པ་པོ་དབང་ཡོད་དུ་གྱུར་བ་ཡིན་ན།བརྩམས་ཆོས་ཁྲོད་ཀྱི་མི་སྣའི་གཤིས་ཀའི་འགྱུར་བ་སོག ས་ཀྱང་བཙན་ཐབས་རྐྱང་རྐྱང་ཞིག་ལས་ཆོས་ཉིད་ཀྱིས་འགྱུར་བ་ཞིག་ཏུ་ནམ་ནམ་འགྲོ་དཀའ་ལ་ཡོང་དཀའ།དེ་ཡང་གཙོ་བོ་དངོས་ཡོད་ཁྲོད་ཀྱི་མི་ཡི་གཤིས་ཀའི་འགྱུར་བའི་ཆོས་ཉིད་ལ་རྒྱུས་མངའ་ཡོད་མེད་དང་དེ་ཡི་བདག་རྐྱེན་འགལ་རྐྱེན་དག་གི་ངོ་བོ་གསལ་བོར་མཐོང་མ་མཐོང་གི་གནད་དོན་དུ་སོང་ཡོད་པར་བསམ།དེ་བས་རྩོམ་འབྲི་སྐབས་ཀྱི་རྩོམ་པ་པོའི་ཤེས་རྟོགས་དང་མྱོང་རྒྱུས་ནི་ གཙོ་བོ་ཞིག་ཏུ་གཏོགས་པ་ཡིན་ཟེར་ཡང་ཆོག་པ་འདྲ།
ངས་འདིར་གླེང་བ་ནི་བཀྲ་དོན་སྦྱིན་བདག་མའི་སར་རང་གིས་བོར་སོང་བའི་ཡིག་སྣོད་ལེན་དུ་སོང་བའི་འཕྲད་མ་ཐག་གི་བཀྲ་དོན་གྱི་གཤིས་ཀའི་འགྱུར་བ་གློ་བུར་བ་དེ་ལ་ཟེར་བ་ལས།ཁོ་གཉིས་ཀྱིས་ཆང་བཏུང་བ་དང་སྦྱིན་བདག་མས་ལབ་པའི་སྐད་ཆ་སོགས་ཀྱི་རྗེས་ཀྱི་དོན་དག་རྣམས་ནི་འདིར་མི་འདུས་ལ།དོན་དག་དེ་དག་ནི་མི་གཤིས་ཀྱི་འགྱུར་བའི་ཆ་ནས་ཁོ་བོས་བྱུང་རིམ་ལྷག་མ་ཞིག ་ཏུ་བལྟས་བ་ཡིན།
  དེ་ཡང་གསལ་བོར་བཤད་ན།སྒྲུང་རྩོམ་གྱི་ཚན་པ་གཉིས་བ་རུ་བྱུང་བ་སྟེ་/གྲོགས་པོ་ཁ་ཤས་ཀྱིས་ཐད་འཕུར་གནམ་གྲུའི་ནང་ནས་བལྟས་ཚེ་གྲོང་ཁྱེར་འདི་ཧ་ཅང་ཆུང་ཟེར།འོན་ཀྱང་།བཀྲ་དོན་གྱིས་ཁོ་ཚོའི་སྐད་ཆ་དེར་ཡིད་ཆེས་སྤུ་ཙམ་ཡང་བྱས་མ་མྱོང་།ཁོས་བཤད་རྒྱུར།
“དངོས་པོ་གང་ཡིན་ཡང་དེ་དང་བར་ཐག་གིས་ཅི་ཙམ་བསྐལ་ན་དེ་ཙམ་ཇེ་ཆུང་དུ་འགྲོ་ངེས་ཏེ།དཔེར་ན་སའི་གོ་ལའི་སྟེང་ནས་བལྟས་ཚེ་མཐོངས་ཀྱི་ཟླ་བའང་ཨ་མའི་བཞིན་རས་ཀྱི་ཆེ་ཆུང་ཙམ་རེད།”ཅེས་ཟེར། དེ་བཞིན་དུ་གྲོང་ཁྱེར་ཙུག་སྐྱག་འདྲ་བོ་འདི་ནས་སློབ་ཆེན་འཚོ་བསྐྱལ་ན་དངོས་གནས་སྙིང་བོ་མི་འདུག་ཟེར་མཁན་གྱི་སློབ་གྲོགས་ཚོའི་འདོད་ཚུལ་དང་ཡང་ཏན་ཏན་ཁྱི་ཞི་རྒྱབ་གཏོད་ཡིན་པ་བཤད་མ་དགོས། /ཞེས་པའི་དབར་གྱི་སྐད་ཆ་འདི་ཡིས་བཀྲ་ཤིས་དོན་གྲུབ་ཀྱི་བསམ་བློ་ཁེར་ཚུགས་ཀྱི་མི་གཤིས་ཀྱི་ཆ་དང་ཁོའི་སྨྲ་ཕོད་བཤད་ཕོད་དེས་ཁོའི་མི་གཤིས་ཀྱི་སྙིང་སྟོབས་ཀྱི་ཆ་ཞིག་སྟེ་དེ་ལྟར་མི་གཤིས་ཀྱི་ཆ་གཉིས་སོ་སོར་བསྟན་ཡོད་པ་ཡིན་ན།བཀྲ་ཤིས་དོན་གྲུབ་སྦྱིན་བདག་མའི་སར་ཡིག་སྣོད་ལེན་དུ་སོང་བའི་མཚམས་དེ་ནས་ཁུ་སིམ།བག་འཁུམས།གཡུང་འདུག་གི་སྣང་བརྙན་གྱི་མ ཐོང་སྣེ་ཞིག་བྲིས་བ་དེས་ནི་བཀྲ་ཤིས་དོན་གྲུབ་ཀྱི་སྙིང་སྟོབས་ཀྱི་མི་གཤིས་ཀྱི་ཆ་ལ་འགྱུར་བ་བཏངས་འདུག་པ་རེད།
  མི་གཤིས་ཀྱི་འགྱུར་བ་དེ་བཀྲ་ཤིས་དོན་གྲུབ་དང་སྦྱིན་བདག་མ་གཉིས་ཀྱིས་ཆང་འཐུང་བ་དང་སྦྱིན་བདག་མའི་ཁ་བརྡ་དེ་དག་གི་མཚམས་སུ་བྱུང་བ་ཡིན་ན་མི་འོས་བ་ཅི་ཡང་མེད་ཀྱང་།ཏག་ཏག་རྩོམ་པ་པོས་མི་གཤིས་ཀྱི་འགྱུར་བ་དེ་བཀྲ་ཤིས་དོན་གྲུབ་སྦྱིན་བདག་མ་དང་འཕྲད་མ་ཐག་གི་མཚམས་དེ་ནས་བྲིས་ཏེ་སྐབས་དེའི་ཁོའི་མི་གཤིས་ཀྱི་ཆ་ནི་རྒྱུ་མེད་རྐྱེན་དུ་སོང་འདུག་པ་དེས་སྒྲུང་ཐུང་འདིས་ངེས་པར་གསལ་ཁ་ཐོན་དགོས་བའི་རྒྱུ་མཚན་གྱི་གནད་ཅིག་སྐབས་སུ་སྟོན་མ་ཐུབ་པར་ལུས་སོང་བ་མ་ཟད།མི་གཤིས་ཀྱི་འགྱུར་བ་ལ་བྱེ་བྲག་ཏུ་འགྱུར་བ་བྱུང་དཀའ་བ་ཡིན་པས།ཁོའི་སྙིང་སྟོབས་ཀྱི་མི་གཤིས་ཀྱི་ཆ་ལ་འགྱུར་བ་ཐེབས་པ་དེས་ཁོའི་བསམ་བློའི་ཁེར་ཚུགས་ཀྱི་མི་གཤིས་ཀྱི་ཆ་ལའང་འགྱུར་བ་ཐེབས་ཚར་བ་ཡིན་ལ།དེས་ནི་རྗེས་ཀྱི་བྱུང་རིམ་དེ་དག་ཀྱང་དོན་གྱིས་བྱུང་རིམ་ལྷག་མ་ཞིག་ཏུ་གྱུར་སོང་བ་དེ་རེད།
གལ་ཏེ་ཅིས་ཀྱང་འདི་ལ་སྔོན་སོང་གི་རྒྱུ་རྐྱེན་གཞན་ཞིག་འཚོལ་དགོས་བའི་དབང་དུ་བཏངས་ན།དེ་ནི་མཛེས་མའི་གཟི་བརྗིད་མ་བཟོད་པ་ཡིན་དགོས་ཀྱང་།བཀྲ་དོན་ཐེངས་སྔོན་མའི་སྐབས་སུ་སྦྱིན་བདག་མའི་མདུན་དུ་དེ་འདྲའི་བག་འཁུམས་སྨྲ་མེད་ཅིག་ཏུ་མ་གྱུར་བས་དེ་ཡང་མ་ཡིན།དེ་བཞིན་དུ་ཁོ་གཉིས་ཀྱི་བར་ལ་ད་སྔ་བརྩེ་དུང་གི་ཚོར་བའི་འགྲོ་ཡོང་དེ་འདྲ་ཡང་མེད།སྦྱིར་རྩོམ ་གྱི་ནང་དུ་གང་ཞིག་གཙོ་བོར་བཟུང་ལ་གང་ཞིག་ཕལ་བ་རུ་བསྐྱུར་ཆོག་པའི་སྐབས་ཀྱང་མེད་པ་མིན་མོད།བསམ་བློའི་མཚོན་དོན་སོགས་རྩོམ་གྱི་ནང་སྙིང་ལ་གཞོལ་ཆེ་བ་དེས་བྱུང་རིམ་དང་གོ་རིམ་གྱི་ཞིབ་ཆ་དེ་བཙན་ཐབས་ཤིག་ཏུ་འགྱུར་འགྲོ་བ་ཡོད་པ་ཡིན་པས།དེ་ཡང་ཕལ་བ་ཞིག་ཏུ་བཞག་མི་ཆོག་པའི་སྐབས་ཡོད་པར་སྙམ་པ་བྱུང་ལ།བྱུང་རིམ་གོ་རིམ་གང་ཡིན་ཀྱང་དེ་ལེགས་པར་ཐོན་པ་ཡིན་ ན་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་བསམ་བློའི་མཚོན་དོན་སོགས་རྩོམ་གྱི་ནང་སྙིང་ལ་རམ་འདེགས་སུ་འགྲོ་བ་དང་ད་གཟོད་ཀློག་པ་པོའི་འདོད་བློ་ཕྱོགས་ཡོངས་ནས་བསྐོངས་ཐུབ་པའི་ཕན་པ་ཡོད་པ་ཡིན།
   ཞོར་དུ་འཕྲོས་ཙམ་ཞུ་འདོད་པ་ནི།གྲོགས་རྨས་མ་ལགས་ནི་ཁོ་བོས་ངོ་ཤེས་དག་གི་ཁྲོད་ནས་རྩོམ་ལུས་འདྲ་མིན་ལ་ཞུགས་བཞིན་པའི་ལོ་ཆུང་རྩོམ་པ་པོ་ཞིག་ཡིན་ཟེར་ཆོག་ལ།ཁོས་བྲིས་བའི་རྩོམ་ལུས་འདྲ་མིན་གྱི་རྩོམ་མི་ཉུང་བ་ཞིག་ཀྱང་ཁོ་བོས་དྲ་ཟིན་དང་ཚགས་དེབ་སོགས་ནས་བཀླགས་མྱོང་།དེའི་ཁྲོད་དུ་ཁོས་བྲིས་བའི་སྒྲུང་ཐུང་འགའ་ཤས་ཀྱང་བཀླགས་མྱོང་བ་ཡིན་ཏེ།སྒྲུང་ཐུ ང་<<བོར་སྟོར>>་ལ་མཚོན་ན་བྲིས་ཏེ་དུས་ཚོད་མང་བོ་ཞིག་མ་ལོན་པའི་རྩོམ་ཞིག་རེད།ཁོས་བཤད་པ་ལྟར་ན་འདི་ནི་རང་གི་སྒྲུང་རྩོམ་དག་གི་ཁྲོད་ནས་ཅུང་ཐོད་བརྒལ་ཡིན་པ་ཞིག་ཏུ་བསམ་ནས་ཡོད་ཟེར།ཁོ་བོས་སྒྲུང་ཐུང་འདི་ལས་རིག་གནས་ཀྱིས་ད་དུང་རང་ལ་ལྟ་ཚུལ་སོགས་ཀྱི་རྐང་བརྟན་པོ་ཞིག་ལར་ནས་ཚུགས་མེད་པའི་རིག་གནས་བའམ་རྩོམ་པ་པོ་དག་གི་རང་བཞིན་ཞིག་མཐོང་ལ།རིག་གནས་ཀྱི་རྨང་གཞིའ ི་རྐང་བརྟན་པོ་མ་ཡོད་པའི་སྟབས་ཀྱིས་ད་གཟོད་མི་གཤིས་ལ་གྱང་ཁའི་རྩྭ་བཞིན་དུ་རང་ཚུགས་མི་ཟིན་པའི་འགྱུར་བ་དང་བོར་སྟོར་གྱི་ཆ་དེ་ཐོན་པ་རེད།སྒྲུང་ཐུང་འདི་ཡི་མ་འདང་ས་དང་ཞན་ཆ་ནི་གོང་དུ་གླེང་ཟིན་པ་དེ་ལྟར་རོ།། །།
                                                               2012.8.4
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༈གོ་རིམ་བོར་བའི་མི་གཤིས་ཀྱི་འགྱུར་བ།

2012-08-11 མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།