སྙན་ངག་ཐད་ཀྱི་བསམ་གཞིགས།

   སྔོན་མ་དང་བསྡུར་ན་སྙན་ངག་པ་ཟེར་བའི་མིང་བྱང་འདི་ད་ལྟ་མིང་སྟོངས་ཞིག་ལ་ཆགས་ཀྱིན་ཡོད་པ་འདི་ནི་གནད་དོན་ནམ་སྒེར་སྐྱོན་གཙོ་བོ་གསུམ་ལ་བརྒྱུད་དེ་འགྱུར་འོང་བ་ཞིག་ཡིན་པར་བཞག་ནས་བཤད་ན།
   གཅིག སྙན་ངག་པར་དགའ་མཁན་སུ་དང་སུ་ཡིན་ཡང་གཅིག་མཚུངས་རེད་དེ།ཕྱི་ནང་གི་རིག་གཞུང་དང་ལྷག་པར་དུ་བོད་རང་གི་མདོ་སྔགས་རིག་གཞུང་དང་བཅས་པ་དང་ལོ་རྒྱུས་སོགས་ལ་སྦྱང་མཐར་མ་ཕྱིན་པར་མ་ཟད་དེའི་སྐོར་གྱི་ཁ་ཕྱོགས་ཙམ་ཡང་མ་མཐོང་བར་ལ་ལའི་སུམ་རྟགས་དང་སྙན་ངག་ཙམ་ལ་ཡང་སྦྱང་བ་འོས་འཚམ་རེ་མ་སོང་ཡང་།ཧ་ཅང་ཤེས་མདོག་དང་ཡོད་མདོག་གིས་རྩོམ་ཐུང་དང་སྐད་ཆ་བདེ་མོ་རེ་གཞན་ལས་ཚན་བྱས་བྱས་ཏེ་ཝ་མིང་ལ་སེང་གེ་འདོགས་པ་ལྟར་རང་གིས་རང་ལ་མིང་སྙན་མོ་རེ་འདོགས་པ་ནི་གཙོ་བོའི་གནད་དོན་དེ་སྦྱང་བ་མེད་པ་འདིའི་ལན་པ་ཁོ་ན་རེད་དོ།།
   གཉིས། དེང་སྐབས་སྙན་ངག་པ་དང་ཤེས་ཡོན་པ་ཞེས་གཞི་གཅིག་ལ་བཟུང་ནས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་གཟི་བརྗིད་དང་དགེ་མཚན་ངང་སྔོན་ལ་ཐོན་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་པས་གཞོན་སྐྱེས་སུ་དང་སུ་ཡིན་ཡང་རེ་བ་དང་སྨོན་འདུན་གྱི་ཀློང་ན་མིད་པ་འགུལ་གྱིན་ཡོད་པ་ནི་དེ་བས་ཀྱང་མངོན་གསལ་རེད་དེ་མི་སུ་དང་སུ་ཡིན་ཡང་རང་ཉིད་མཐོ་ས་དང་བཟང་ས་ཞིག་ལ་འཁྲིད་ཐབས་བྱེད་པ་ནི་རྒྱུན་ལྡན་གྱི་ཁ་ལག་སྙིང་གསུམ་འགུལ་སའི་ཉིང་དགོས་ཡིན་པས་གནད་དོན་རྡོག་རྡོག་ཅིག་ཡོད་པ་ནི་རང་ཉིད་གཙོ་བོ་བྱེད་པའི་སློབ་གསོ་འདིའི་གནད་དོན་ཡིན་པ་གདོན་མི་ཟ་བ་ཞིག་རེད་དོ།།
    གསུམ། ང་ཚོ་བོད་ནང་འདིར་སྙན་ངག་པའི་བརྩམས་ཆོས་དང་ལྟ་བ་ཆུ་ཚད་སོགས་ལ་རྟོག་དཔྱོད་དང་ཞིབ་ཚགས་གང་ཡང་མེད་པ་དང་གནད་ཆེ་བའི་ལས་དོན་འདི་ལ་སྒྲིག་འཛུགས་སོགས་མེད་པར་མ་ཟད་འདིའི་སྐོར་ལ་ཁ་ཕྱོགས་དང་གནོན་ཤུགས་གང་ཡང་སྟེར་མ་ཐུབ་པས་དབང་གིས།དེང་སྐབས་བསམ་བློ་སྨིན་དང་མ་སྨིན་གྱི་སྐད་ཆ་དང་ཡང་ན་ཚིག་སྐྱོན་དང་དོན་སྐྱོན་གྱི་གང་བའི་བཅད་ལྷུག་སྣ་ཚོགས་ལ་སྙན་ངག་ཅེས་མིང་སྙན་མོ་རེ་བཏགས་ནས་དུས་དེབ་དང་ཚགས་པར་དྲྭ་བ་སོགས་ན་ཧ་ཅང་མང་དྲགས་པའི་རྣམ་པ་ཞིག་རྗེན་པར་ཤར་ཡོད་པ་ནི་སྙན་ངག་པ་དང་བརྩམས་ཆོས་ལ་ཚད་གཞི་མེད་པའི་གནད་དོན་འདི་ཡང་མངོན་སུམ་གྱི་དོན་དུ་སླེབས་པ་རེད་དོ།།  
    དེ་ལས་ལྡོག་སྟེ་སྙན་ངག་པ་ཟེར་བའི་མིང་བྱང་འདི་བབ་སོ་ཡི་རིན་ཐང་དོན་ལྡན་ཞིག་གི་ལམ་ནས་དང་།སྦྱང་འབྲས་ཀྱི་ཚད་གཞི་དངོས་ཡོད་ཞིག་གི་སྒོ་ནས་ཐོབ་ན་ཧ་ཅང་འཚམ་པོ་ཞིག་ཡིན་པ་དང་མིང་དེ་ཐོག་རིན་ཡོད་པ་ཞིག་རེད་དོ། །  
བཞི།  མི་བུ་རང་སྒེར་ནས་མགོ་བརྩམས་ཏེ་ཕྱི་ནང་གི་རིག་གཞུང་དང་གོམས་སྲོལ་སོགས་ལ་ཁྱོན་ཡོངས་ནས་བལྟས་པའི་མིག་ཡོད་པར་བྱེད་པ་དང་མི་གཞི་ལྟ་བ་གང་ཐད་ནས་ཀྱང་ཚད་གཞིར་ལོན་པ་ཞིག་ནི་ཐོག་མའི་དམིགས་བྱ་ཁ་ཡོད་ལག་ཡོད་ཞིག་ཅེས་ཀྱང་ཡོད་དགོས་པས་སོ། །
   ལྔ།  རང་ཉིད་གྲགས་ཐབས་དང་མཐོ་འདོད་ཀྱི་འདུ་ཤེས་ཚ་དྲགས་པའི་དབང་གིས།མི་རིགས་སྤྱི་མཐུན་གྱི་བསམ་སྤྱོད་དྲང་བདེན་མ་དེ་དང་ལྷག་པར་དུ་ཁ་བ་གངས་ཅན་པའམ་བོད་ཆོས་ལྡན་གྱི་མི་རིགས་འདིའི་དྲང་བདེན་དང་བྱམས་བརྩེའི་ཁེ་དབང་ལ་རྡོག་རྫས་བྱེད་པ་དང་ནག་ཉེས་ཀྱི་ཞྭ་མོ་འགེབས་པ་སོགས་ཡིན་པའི་སྙན་ངག་པའི་རྩ་བའི་དོར་བྱར་ངོས་འཛིན་དགོས་པ་རེད་དོ། །
   དྲུག དེ་བས་བོད་ནང་འདིར་སྙན་ངག་པ་ཞེས་པའི་མིང་འདི་ལ་ཚད་གཞི་དང་སྒྲིག་འཛུགས་ཡོད་པ་ཞིག་ཅེས་ཀྱང་མཁོ་བ་རེད་དེ་འཛམ་གླིང་སྟེང་ངོམ་ཆོག་པའི་སྲོལ་རྒྱུན་གཙང་མ་དེའང་སྦྱང་མཐར་མ་ཕྱིན་པ་དག་གིས་རྙིང་རུལ་དུ་བཟོང་ནས་གད་སྙིགས་ཁྲོད་འདོར་བཞིན་ཡོད་པ་ནི་དངོས་ཡོད་ཅིག་རེད་དོ། ། འདི་དང་འདི་ལྟ་བུའི་གནད་དོན་མང་པོ་ཞིག་ཡོད་པ་ནི་བསམ་བློ་མ་སྨིན་པའི་སྐད་ཆ་སྔ་བཤད་བྱས་པའི་ལན་པ་ཡིན་པས་སྙན་ངག་པ་རང་གི་ཚད་གཞི་དང་སྒྲིག་གཞི་འཐུས་ཚང་ཞིག་ལ་གཞི་བྱས་ནས་འབྲི་དགོས་སོ། །
                                                                ༢༠༡༡  ༥   ༢༥བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཐད་ཀྱི་བསམ་གཞིགས།

2011-10-20 བཙན་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།