༼ཉི་མ་ནུབ་ཐལ༽ཞེས་པའི་ཕྲན་དཔྱད།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-08

ཉི་མ་ནུབ་ཐལ
སློབ་གྲོགས་ཚོ་སྔར་བཞིན་རྩེད་ནས་འདུག
 
དུས་ཚོད་ཀྱིས་སྨག་རུམ་གྱི་གཟབ་འཆོར་སྤྲས་ནས
སང་ཉིན་གྱི་སྤྲོ་ཚོགས་ལ་སྟ་གོན་བྱས་ཀྱང
སློབ་གྲོགས་ཚོས་གཟེབ་ཁུང་མ་མཐོང་བར
གང་འདོད་དུ་ལག་སྙོབས་བྱས་ཏེ
མཚམས་ཆད་མེད་པའི་འུར་ཟིང་གི་ཀློང་དུ་འཁོར
 
ཁོ་ཚོའི་འུར་ཟིང་གི་ཀློང་འདི
ངའི་སེམས་ཀྱི་འུར་ཟིང་གི་ཀློང་དང་མི་འདྲ་བར
སེམས་སུ་ཕྲག་དོག་གི་མདེའུ་མེད་ལ
ཁ་ན་རེ་དོགས་ཀྱི་ཞབས་རྗེས་མེད
 
ཨ་ཤུ  ང་འདི་ཇི་འདྲའི་ལས་ངན་ཞིག
ཁོ་ཚོ་བཞིན་ཏུ་སྨག་རུམ་གྱི་འཇིག་རྟེན་ནས
རྩེད་ཀྱང་རྩེད་མ་ཐུབ་ལ
དགོད་ཀྱང་དགོད་མ་ཐུབ
 
ཁོ་ཚོའི་ཆིལ་ཆིལ་ཏུ་སྒྲོགས་པའི་དགོད་སྒྲ
ཁོ་ཚོའི་འུར་འུར་དུ་གྱེར་བའི་རྩེད་འཇོ
སང་ཉིན་སུ་ཞིག་གིས་དེབ་ཐེར་དུ་འགོད་དམ
ཡང་ན་ཅི་ཞིག་ ་ ་ ་ ་ ་
2011.04.24              ལན་གྲུ་ནས
 
༼ཕྲན་བཤད་པ་རྐང་ཐང་བ༽ཉི་མ་ནུབ་ཐལ་ཞེས་དུས་ཚོད་ཀྱི་དགོས་གལ་ཞིག་སྔོན་དུ་བསྒྲགས་ཏེ།སློབ་གྲོགས་ཚོ་དང་ང་ཞེས་པའི་སེམས་ཁམས་ཀྱི་ཁྱད་པར་ནི་ཉི་མ་ནུབ་བཞིན་པའི་དུས་ཚིགས་ཤིག་ལ་སྦྱར་ཏེ་གཤིབ་བསྡུར་གྱི་ཐབས་ལམ་སྤྱད་ཡོད་ལ།དེ་ཡང་སློབ་གྲོགས་ཚོ་ནི་དུས་ཚོད་ཀྱི་འདུ་ཤེས་པར་ས་སྲོད་ཀྱི་ཁ་དོག་མི་སྡུག་པ་ཞིག་གི་ཧྲག་བར་ན་ནམ་ཡང་འུར་སྒྲ་དང་རྩེད་འཇོའི་དུས་འདའ་བར་བྱེད་ཀྱིན་འདུག།ཁོ་ཚོའི་འུར་ཟིང་གི་ཀློང་དང་ངའི་སེམས་ཀྱི་འུར་ཟིང་གི་ཀློང་ནི་འུར་ཟིང་ཡིན་པ་གཅིག་འདྲར་བཀོད་ཡོད་ཀྱང་སེམས་ན་ཕྲག་དོག་གི་མདེའུ་ཡོད་མེད་དང་ཁ་ན་རེ་དོགས་ཀྱི་ཞབས་རྗེས་ཡོད་མེད་ཀྱིས་འུར་ཟིང་དེ་གཉིས་ཀྱི་རིན་ཐང་ལ་ཧེ་བག་ཤོར་དུ་བཅུག་སྟེ།རྩུབ་པོ་དང་རྩུབ་པོ་འཕྲད་ན་མེ་སྟག་མཆེད་པ་ཇི་བཞིན་ཐུན་མོང་དུ་མཆིས་པའི་འུར་ཟིང་དང་འུར་ཟིང་གི་ཆོས་གཉིས་ཀྱང་གཙུབ་བརྡར་བྱས་པ་བརྒྱུད་འུར་ཟིང་གི་ཁ་དོག་གཞན་ཞིག་མངོན་ཡོང་།དེ་ནི་ང་ཞེས་པའི་སེམས་ཁམས་ནི་གཞན་དང་མི་འདྲ་བར་ནམ་ཞར་ཡང་མི་རིགས་དང་སྤྱི་ཚོགས་གང་རུང་ཞིག་གི་ལས་དོན་ལ་སེམས་ཚེགས་དང་མནོ་བསམ་བགྱི་བའི་རྣམ་པ་ཞིག་མངོན་གསལ་དོད་པོའི་སྒོས་བཞེངས་བསྐྲུན་བྱས་འདུག
ཨ་ཤུ།ང་འདི་ཇི་འདྲའི་ལས་ངན་ཞིག་ཅེས་རྩོམ་གྱི་མི་སྣས་བསམ་བཞིན་དུ་རང་ཉིད་ནི་ལས་ངན་ཞིག་ཏུ་རློམ་པའམ།ཡང་ན་རང་ཉིད་ལ་ངན་ཁག་ཅིག་དཀྲིས་ཏེ།ཁོ་ཚོ་བཞིན་ཏུ་སྨག་རུམ་གྱི་འཇིག་རྟེན་ནས།རྩེད་ཀྱང་རྩེད་མ་ཐུབ་ལ།དགོད་ཀྱང་དགོད་མ་ཐུབ།ཅེས་མི་སྲིད་པའི་ལྡོག་བསྡུར་གྱི་ཐབས་ལམ་ཞིག་སྤྱད་དེ་དུས་ཚོད་ཀྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་མེད་པའི་མི་རྣམས་ལ་སུན་འབྱིན་ཁ་ཚ་བ་ཞིག་བྱས་འདུག་པས།སྙན་ངག་གི་ཁམས་སྔར་ལས་མཛེས་པར་སྤུད་ཡོད་པ་ལས་གཞན།ཁོ་ཚོའི་ཆིལ་ཆིལ་ཏུ་སྒྲོགས་པའི་དགོད་སྒྲ།ཁོ་ཚོའི་འུར་འུར་དུ་གྱེར་བའི་རྩེད་འཇོ།སང་ཉིན་སུ་ཞིག་གིས་དེབ་ཐེར་དུ་འགོད་དམ།ཡང་ན་ཅི་ཞིག་ཅེས་སྙན་ངག་གི་ཚད་རིམ་ཞིག་གོང་དུ་གཏད་འདུག
                           2011.10.05ལན་གྲུ་ནས་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ཉི་མ་ནུབ་ཐལ༽ཞེས་པའི་ཕྲན་དཔྱད།

2011-10-08 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།