《རྩྭ་ཐང་གི་ཉིན་ཐོའི》སྒྱུ་རྩལ་དང་ཁྱད་ཆོས་བཤད་པ།

                                 གླེང་གཞི།
  
  བོད་ཀྱི་དེང་རབས་རྩོམ་རིག་གི་ཆེས་ངོམ་དུ་གྲུབ་པའི་དེ་ནི་མི་སྣ་འབྲི་བཞེངས་གཙོ་བོ་བཟུང་བའི་དོན་གྱི་བྱུང་རིམ་ཀྱག་ཀྱོག་གི་ཚིག་ལྷུག་ལ་བརྟེན་པའི་རྩོམ་ལུས་བྱེ་བྲག་ཅིག་སྟེ། དམངས་ཁྲོད་ཀྱི་སྒྲུང་དང་གཏམ་རྒྱུད་སོགས་ཀྱི་རྨང་གཞི་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུ་བསྙེག་པ་ཞིག་གོ། བོད་ལ་ཡང་ཐོག་མའི་མགོ་འཛིན་ས་ཡང<<མ་སངས་སྤུན་དགུ>>སོགས་ནས་རིམ་གྱིས་དར་ནས་“༢༠༡༠ལོར་ནས་སྒྲུང་གཏམ་གྱི་འཕེལ་རྒྱས་དེ་རྩོམ་རིག་ཕྱི་ངོས་ནས་བཤད་ན་གསར་བྱུང་རྩོམ་པ་པོ་མང་པོ་ཞིག་བྱུང་བ་དང་། ལ་ལའི་རྩོམ་གྱི་ཆུ་ཚད་དངོས་གནས་མཐོ་ས་རུ་སོན་འདུག་པ་རེད་ཞེས་དགེ་བདུད་ལྷ་རྒྱལ་གྱིས་བཤད་འདུག ༼དེ་གོང་དུ་བརྩམས་སྒྲུང་རེ་བྲིས་ཡོད་ཀྱང་དགོས་མཁོ་མེད་པ་འདོད་ནས་མཚན་བྱང་སོགས་བཀོད་མི་འདུག༽
  ཁྱད་པར་དུ་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོའི་དཔུང་སྡེ་ཡང་སྔ་ནས་བྱུང་མ་མྱོང་བའི་རྒྱ་ཆེར་འཕེལ་ཏེ། དུས་རབས་ཀྱི་སྙིང་སྟོབས་དང་འཚོ་བ་ངོ་མའི་གཟུགས་རིས། དམངས་ཀྱི་སྙིང་ཁོང་གི་སྡུག་བསྔལ་དང་རེ་འབོད་ཡོད་ཚད་མངོན་པར་མཚོན་པའི་གསར་རྩོམ་གྱི་ལས་སུ་གཞོལ་བ་རེད། “དེ་ཕན་ལོ་ཉི་ཤུ་ལྷག་གི་ནང་དུ་སྒྲུང་གཏམ་རྩོམ་པ་པོ་མི་གྲངས་བརྒྱ་ལྷག་བྱུང་བ་དང་། དེའི་ཁྲོད་ནས་ཡོད་ཏན་གྱིས་ཕྱུག་པའི་རྒན་རབས་དང་། བློ་གསལ་གཞོན་ནུ། ཞིང་པ་དང་འབྲོག་པ། དགེ་རྒན། བུད་མེད་སོགས་ཡོད་པ་དང་རྩོམ་པ་པོའི་རུ་དཔུང་ལོ་རེ་བཞིན་ཇེ་རྒྱས་སུ་འགྲོ་བའི་དོན་དངོས་ཀྱི་ཐོག་ནས་བོད་ཀྱི་སྒྲུང་གཏམ་གསར་རྩོམ་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད”འཆད་མཁན་བྱུང་བ་དང་། སྒྲུང་གཏམ་དར་བ་ནས་བཟུང་འཚོ་བ་གསར་བའི་དབུ་ཁྱུད་དང་སེམས་ལྗོངས་ཉུལ་བའི་སློབ་གསོ། སྙུག་གའི་འཁྱུག་རྩལ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པའི་བརྡ་ཁྱབ་གསར་བ་དང་རིག་ལམ་གསར་བ་ཞིག་ལེགས་འགྲུབ་བྱུང་སོང་། རྗེས་ནས་རིམ་གྱིས་གཞན་པའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་རྩོམ་ལ་ཟབ་བཞུགས་དང་མྱོང་བ་བརྒྱུད་ནས་དེང་ཐོག་མི་སྣའི་སྐད་ཆ་ཞིབ་འབྲི། དེ་ནས་རིམ་བཞིན་མི་སྣའི་སེམས་ཁམས་ཞིབ་འབྲི་འབྲི་ཐབས་ཏེ་བརྒྱུད་ནས་བོད་ཀྱི་སྔ་མོའི་བརྩམས་སྒྲུང་དག་ལས་ཐོད་བརྒལ་ཆེན་པོ་བྱུང་ཡོད་པ་རེད། དཔེར་ན་<<རྡུལ་འཚུབ་ཁྲོད་ཀྱི་འབོད་པ>>སྒྲུང་གཏམ་འདི་ལྟ་བུ་ལ་མཚོན་ནས་བཤད་ན་སྒྲིག་གཞི་དོ་མཉམ་ལ་ཞིག་དང་།ངོས་གཙང་བ་སོགས་ཀྱི་ཆ་དང་རྩོམ་འདི་ནི་སྤྱིར་དུས་རབས་གསར་བའི་ནང་གི་ན་གཞོན་བློ་སྤོབས་ཅན་དང་འདུན་མ་ཡོད་པ་དག་གིས་ལང་ཚོའི་ཟིལ་ཤུགས། གཞོན་ནུ་འདུན་མས་བསླངས་ནས་གྲོང་ཁྱེར་དུ་སོང་ནས་འབད་འབུངས་གྲུབ་པ་བརྒྱུད་ནས་གྲུབ་འབྲས་ཐོབ་པ། དེ་ནས་དུབས་རབས་ཀྱི་དགོངས་པ་མཚོན་པ་དང་མཐར་ཉམས་མྱོང་གི་བརྒྱུད་རིམ་ལས་དངོས་སུ་ནང་དུས་རབས་གསར་བའི་ན་གཞོན་དག་གི་བསམ་བློ་དང་འཚོ་བ་དགོས་མཁོ་སྐོང་བའི་ཆེད་ཡིན་སྲིད་པ་རེད། “སྤྱིའི་བསམ་བློའི་ཆ་ན་འོད་སྣང་དང་ཚོན་འདངས་ལྡན། ཡིན་ནའང་། ལྷུག་རྗོད་བྱེད་སྟངས་ཀྱི་ཐད་ན་འགལ་བ་༼བརྗོད་བྱའི་ཆ༽ཞིག་དང་གྲིམ་ཤ་ཞིག་འཐེན་འཁྱེར་ཞིག་ཡོད་པ་འདི་རྩོམ་གྱི་བསམ་བློའི་བསྟན་དོན་དུ་གྱུར་པའི་“དགེ་སེམས”དང་ཁ་འཕྲོད་པ་ཞིག་འདུག་སྙམ”ཞེས་གསུངས་རེད་དོ།

                                  དང་པོ། རྗོད་བྱེད་ཚིག་གི་སྦྱོར་བ།

  སྒྲུང་ཐུང་འདིའི་རང་སྐད་ལྷད་མེད་ཀྱི་འགྲོས་དག་བསྟུན་ནུས་པ་དང་འབྲོག་པའི་སྦྲང་དཀར་རྩམ་དྲི། འབྲི་མར་སེར་བོའི་རོ་བཅུད་མ་ཤོར་པའི་ཉམས་དང་ལྡན་ཡོད་ལ། སྔར་ལས་ཁྱད་མཚན་ཅན་གྱི་སྐད་ཆ་དང་གཏམ་དཔེ་ཡག་པོ་དག་གིས་སྒྲུང་གཏམ་ལ་མཛེས་མ་མི་དམན་པ་ཞིག་བཞག་ཡོད། དེ་ཉིད་མཚོན་ཐབས་ལ་སྔོན་་མ་དང་མཚུངས་པར་མི་སྣའི་ཁ་བརྡ་བརྒྱུད་ནས་བྲིས་པ་ཞིག་ཡིན་ལ་སྤྱིར་ལབ་ན་ཐོད་བརྒད་བག་ཆེ་བ་དང་མཐོང་མི་འདོད་ཀྱང་། <<རྩྭ་ཐང་གི་ཉིན་ཐོ>>འི་དགར་མཚན་གཙོ་བོ་སྔ་ཕྱི་གང་ཡིན་ཡང་བོད་ཀྱི་གཏམ་དཔེ་བཀོད་བ་བརྒྱུག་ཆེན་པོར་མཐོང་ཡོད། “དེ་བཞིན་སྒྲུང་གཏམ་ལ་ཐོད་བརྒལ་བཟོ་བའི་གེགས་སུའམང་གཏམ་དཔེ་རང་གྱུར་འདུག་སྟེ། དེ་ཉིད་ཀྱིས་རྩོམ་པ་པོའི་བསམ་བློ་དང་ཀུན་རྟོག་ལ་འཆིང་རྒྱ་བཟོས་སོང་སྙམ། རང་གི་གཅེར་ནོར་འདོར་བ་སུ་ལ་མཚོན་ན་འང་དཀའ་མོ་ཞིག་ཡིན་སྲིད་ཀྱང་། རྩོམ་རིག་ལ་གསར་རྩོམ་ལ་ཐོད་བརྒད་ནི་ངེས་པར་མཁོ”རེད་བཅས་པ་དང་། བརྩམས་སྒྲུང་འདི་ལྟ་བུ་ལ་མཚོན་ན་ཚིག་གི་སྡེབ་སྟངས་ནི་བོད་རང་གི་གཏམ་དཔེ་ཡི་བརྒྱུག་ཆེ་དང་ཚིག་སྦྱོར་སོགས་ཁྱད་དུ་འཕག་དེ་བོད་ཀྱི་སྲོལ་རྒྱུན་གྱི་འབྲི་ཐབས་བསྐྱལ་ཡོད་པ་རེད། ད་དུང་གཞན་སྐད་ཀྱི་ལྷད་མ་འབྲེས་པར་བོད་སྐད་རྣལ་མའི་ལམ་ནས་བོད་སྤྱི་ཚོགས་ཀྱིས་སྐད་ཆ་ལ་དངོས་གཞིག་ཐུབ་པ། རྩོམ་འདིའི་མགོ་ནས་མཇུག་ནས་བར་དུ་རྗོད་བྱེད་ཀྱི་ཚིག་གི་སྦྱོར་བ་བདེ་ལ་གཏམ་དཔེ་སོགས་བཀོད་སྟངས་སོགས་ཡ་མཚན་པའི་བློ་ལྡེབ་བྱུང་། ཚིག་ལྷག་དང་བསྐྱར་ཟློས་ཀྱི་རྣམ་པ་ཉུང་བས་ཚིག་ལ་གཞིལ་འཇམ་པ། དོན་གང་ཞིག་བརྗོད་པ་དང་གླེང་བ་མ་ཡིན་པར་ཐབས་དང་ཤེས་རབ་ཀྱིས་མཚོན་པ་དག་ལ་སྦྱར་ནས་གོ་བའི་ནུས་པ་འབུར་དུ་ཐོན་ཡོད། དེ་དང་མ་ཟད་བོད་སྐད་ཀྱི་གཏམ་དཔེ་དང་བཅིབས་ནས་སྒྱུ་རྩལ་གྱི་སྐད་ཆ་ཁྱད་ལས་འཕགས་ཡོད་རེད། ད་དུང་སྣང་ཚུལ་འདི་ནི་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ལ་མཚོན་ན་ཆེས་ཡོངས་ཁྱབ་པ་ཞིག་སྟེ། བརྩམས་སྒྲུང་ཀུན་གྱིས་གཏམ་རྒྱུད་མཚར་བོའམ་ཡང་ན་གྱ་གྱུ་ཞིག་བཤད་ནས་མི་སྣའི་གཤིས་ཀ་འབྲི་བའམ་བརྗོད་དོན་མཚོན་པ་ཕལ་བར་བསྐྱུར་ཏེ། མི་སྣས་སྐད་ཆ་བསྟན་དོན་ཐད་ཀར་དུ་སྟོན་པ་གཙོར་བཟུང་ཡོད། སྐད་ཆ་དམིགས་ཡུལ་གཙོར་བཟུང་བས་གཏམ་རྒྱུད་སྔོག་འདོན་ཆེན་པོ་བྱས་ནས་འཚོ་བའི་གཏམ་རྒྱུད་ཀྱི་ངོས་སུ་བསྟན་དོན་མཚོན་པ་ལ་བསམ་བློ་འཁོར་ནས་བརྩམས་སྒྲུང་གིས་གཏམ་རྒྱུད་བྱུང་རིམ་ལས་ཉེ་བའི་འཚོ་བ་འདི་ཕྱི་གསལ་ནང་གསལ་ཅིག་བསྔོག་པར་སེམས་ཡོད་པའི་འདོད་པ་ཡོད། དེ་བས་གཏམ་རྒྱུད་རང་བཞིན་ལྡན་པའི་དེ་དག་ལ་ཡིད་འཕྲོག་གི་ཆ་ཆེན་པོ་མེད་ཀྱང་། མི་སྣས་གཤིས་ཀའི་གྱ་ནོམ་གྱི་ཆ་དེ་བས་ཞན་ཀྱང་། ཁོ་མཛེས་པ་ནི་མི་སྣའི་ཁ་བརྡ་ལས་བྱུང་བའི་ལེགས་བཤད་རང་བཞིན་ལྡན་པའི་རིན་ཐང་ལྡན། ལེགས་བཤད་དེ་དག་གིས་མི་ཆོས་མི་ལུགས་ཀྱི་སྙིང་སྟོབས་ཡོད། སྣང་བརྙན་གྱི་ཚོགས་པ་བརྒྱུད་ནས་འཇིག་རྟེན་གསར་བ་རེ་བཞེངས་བསྐྲུན་གྱི་ནུས་པ་མེད་ཀྱང་།གནད་ཆེ་ས་མས་བཤད་ན། བསམ་བློའི་བསྟན་དོན་ཐད་ཀར་དུ་བརྗོད་པ་འདི་རྩོམ་རིག་སྒྱུ་རྩདང་བར་ཐག་ཤིན་ཏུ་རིང་བར་གྱུར་ཡོད། སྒྱུ་རྩལ་ནི་རྩོམ་རིག་གི་གཞི་རྩའི་མ་རྐང་ཡིན་པར་འདོད།

                                  གཉིས་པ། བསམ་བློའི་ནང་བཅུད།

    རྩོམ་འདི་ནི་བོད་མི་རིགས་ཀྱི་བཙན་བསྒྲིགས་གཉེན་སྟོན་ལ་ངོ་རྒོད་དང་སུན་འབྱིན་བྱས་པ་ཐོག་མའི་གྲས་སུ་འགྲོ་བ་དང་བོད་ཀྱི་བུད་མེད་དག་ལ་སྤྱི་ཚོགས་ཀྱིས་བཟུང་བའི་རྣམ་འགྱུར་དང་ལས་དབང་གི་རྣམ་པ་མཚོན་པ་ཞིག་ཡིན། གཡང་མཚོ་སྐྱིད་ནི་བོད་ཀྱི་བུད་མེད་ཅིག་ཡིན་པའི་ངོ་གདོང་ནས་ལོ་རྒྱུས་དང་སྲོལ་རྒྱུན་སྙིང་རུལ་ཅན་དག་གཤགས་བཅོས་བྱེད་པའི་བློ་འབྱེད་འདི་ལྟ་བུ་རེ་བཞེངས་ཡོད་པ་ནི། སྨྲ་བར་ལྐུགས་པར་གནས་པའི་ལུགས་ལྡན་ན་ཡང་འགྲོ་བ་མིའི་ཐོབ་ཐང་དང་མི་བུའི་ཐོབ་ཐང་ལ་ཟུར་བལྟས་ཁམས་ལ་བལྟ་དུས་ཡོད་སྲིད། བརྩམས་སྒྲུང་ནང་བུ་མོ༼སྒྲོལ་དཀར༽དང་ཨ་མ༼དཔལ་མོ༽གཉིས་ཀྱིས་སེམས་པ་ལ་རང་དབང་མེད་པ། ཆུང་གྲོགས་དང་འགྲོགས་བའི་སྐལ་བ་ཉག་ཕྲ་བའི་སྐབས་ ནི་འབྲི་མོ་ཞིག་ཀྱང་དོ་ཟླ་མི་ཡོང་བའི་སེམས་ཁམས་མཚོན་ཡོད། སྤྱིར་ཨ་མ་༼དཔལ་མོ༽ནི་བྱ་བ་གང་ལ་ཐུག་ཀྱང་ཁ་རྩོད་དང་བྱིས་པ་སོགས་ལ་དམོལ་མོལ་བྱེད་སྲིད་པའི་ཨ་མ་ཞིག་ཡིན། དེ་རིང་འབྲི་མོས་བཞོ་ཟེའུ་ས་ལ་སྒོར་ཏེ་སོང་ཡང་བུ་མོ་ལ་གཏམ་ངན་ཅིག་ཀྱང་མ་བཤད། དེ་ནི་ཨ་མའི་རང་ཉིད་ཤ་ལས་ཆད་པའི་བུ་ཕྲུག་གིས་སེམས་ཁམས་རྟོགས་པ་རེད། བོད་ཀྱི་བུད་མེད་ལྟ་བུ་ལ་མཚོན་ན་ལས་དབང་ལ་ཁ་ལོ་བསྒྱུར་བའི་ནུས་ཤུགས་དང་འཇོན་གནས་མེད་པ་ཟེར། “སྐྱིད་མེད་ཀྱང་སྐྱ་བར་སངས་ཁར་བྱས་ནས”རང་གིས་བློར་འབབ་པའི་སྐྱེས་པ་དེ་དང་རིང་དུ་བྲལ་ནས་ཚོར་སྣང་དང་བརྩེ་བའི་རྨང་གཞི་མེད་པའི་མི་ཕོ་ཞིག་དང་མཉམ་དུ་མཐའ་མཇུག་གི་འཚོ་བ་ཁྲག་ལ་སྦྱར་བ། མི་ལ་ལའི་བཤད་ན་“མི་སྐྱེས་པ་རང་ཉིད་དགའ་སའི་མི་དེར་འཚོལ་བའི་ཆེད་དུ་འཇིག་རྟེན་དུ་འོང་བ་ཡིན”ཟེར་བ་ལྟར་འུ་ཚོ་མི་རིགས་འདི་ངོ་གདོང་འཚོལ་གྱིན་བཤད་ན་ཕོ་མཆོག་མོ་དམར་གྱིས་ལྟ་ཚུལ་བཟུང་ཡོད་པ་རེད། “ཡར་ལུང་འོག་ནས་བསྡད་ན་ཡར་ལྷ་ཤམ་པོར་མཆོད་དགོས་ལ་མར་ལུང་འོག་ཏུ་སོང་ན་ཁྱིམ་མཚེས་རྒན་མོར་བརྩི་དགོས”ཞེས་པའི་བཤད་སྲོལ་རེ་ཡོད་ཀྱང་རྩོམ་པ་པོ་ཁོ་མོ་ལྟ་བུ་ལ་མཚོན་ན་བོད་ཀྱི་སྔོན་གྱི་ཕོ་མཆོག་མོ་དམན་དང་བུད་མེད་སོགས་ལ་རང་དབང་གི་གདམ་གསེས་ཡོད་དགོས་པའི་རེ་སྐུལ་དང་སྲོལ་རྒྱུན་གྱི་བག་ཞེན་ཆེ་བའི་ལྟ་ཚུལ་དག་ལ་རྒོལ་བ་དང་བསམ་བློ་བཅངས་གྲོལ་བྱེད་པ་རེད།
  རྩོམ་འདིས་བུ་མོ་སྒྲོལ་དཀར་རང་གི་ཨ་ཕ་ནོར་འབུམ་གྱིས་དབང་ཡོད་བྱས་ནས་གནས་ལ་བྱིན་ཟིན་པ་ལ། ཨ་ཕ་ནོར་འབུམ་ལ་གཉེན་ཉེ་དག་གིས་དེ་ལྟར་བྱིན་ན་འགལ་མིན་གྱི་རྩོད་གླེང་བྱས་ནས་བཞིན་ཡོད། ཕ་ནོར་འབུམ་གྱིས་བུ་མོ་རོང་ས་ཞིག་ལ་བྱིན་པའི་རྒྱུ་གཙོ་བོ་བླ་མའི་ལུང་བསྟན་ཞིག་ཡོད། ཨ་མ་འཛོམས་སྐྱིད་ཀྱིས་ཕྱི་ཁྲ་ཁྲ་དང་ནང་སྨུག་སྨུག་ཞིག་ཕྱུག་པོ་ཞིག་གམ་ཡང་ན་མི་རྒྱུད་ཅན་དང་གཞུང་དྲང་ཞིག་ལ་བྱིན་ན་འོས་པའི་བསམ་བློ་འཆང་ཡོད། ཨ་ཕ་ནོར་འབུམ་གྱི་ནུ་བོས་ནི་ཁོ་ལྟ་བུའི་ཕ་ཁུ་རྣམས་ལ་གྲོས་མ་བྱས་པར་བུ་མོ་གནས་ལ་བྱིན་པ་ནི་གནས་ལུགས་དང་འགྲོ་ལུགས་སོགས་གང་གི་ཆ་ནས་མི་མཐུན་ཟེར་ནས་ཨུ་ཚུགས་མཐའ་བསྐྱེད་པར་བྱས། ཨ་མ་དཔལ་མོ་གཅིག་པུས“ཨ་ནེ་ཞིག་གི་ལག་འོག་ནས་རྐང་ཚུགས་རྒྱུ་དེ་ལས་སླ་མོ་ཞིག་གང་ནས་ཡིན། རང་འཐད་བྱུང་ན་རོང་བ་ཕར་ཞོག་གཞན་གང་ཞིག་ཡིན་ཀྱང་སྐྱོན་མི་འདུག ཨ་ནེར་སྡང་སྡུག་ཆེ་རུང་བློ་རྩ་བརྟན་པ་རེད”ཅེས་སྐད་ཆ་སྔོན་ཐོན་ཅན་འཆའ་གིན་བདའ། ཨ་མ་དཔལ་མོ་སྔ་གཞུག་གང་མང་ལ་གནས་ལ་སོང་མྱོང་བ་ཞིག་ཡིན་པས། གཉེན་གྱི་དོན་དག་དེ་བུ་མོ་སྒྲོལ་དཀར་གྱི་ཚེ་གཅིག་བྱ་བ་དང་མི་ཚེ་འདི་ཡི་བདེ་སྐྱིད་ཀྱང་ཡིན་པ་ལ། ཨ་མ་དཔལ་མོ་མ་གཏོགས་པའི་གཉེན་ཉེ་གཞན་དག་གིས་བུ་མོ་སྒྲོལ་དཀར་བོར་ནས་རང་རང་གི་འདོད་བློ་ཞིག་བསམ་ཞིང་བཤད་ནས་ཡོད། གཉེན་གྱི་དོན་དག་བཤད་པའི་མགོ་རྔ་བར་ཐམས་ཅད་ན་དོན་གྱིས་དོན་དག་གི་བདག་པོ་དངོས(བུ་མོ་སྒྲོལ་དཀར)ཀྱི་ལུས་ན་ཡོད་པ་འདི་དགོད་བྲོ་བ་ཞེ་སྡུག་པ་ཞིག་ཡིན་ལ། བརྩམས་སྒྲུང་བསམ་གཞིགས་ཀྱི་ཟབ་ཁྱད་ཀྱང་འདི་ན་ཡོད།
  དོན་དག་གི་བདག་པོ་དངོས་སུ་ལུས་ནས་དོན་དག་ཡོད་ཚད་རང་ལས་གཞན་དུ་གྱུར་ནས་གཉེན་སྒྲིག་གནད་དོན་གྱི་ངོས་ཟིན་གནད་དུ་སྨིན་པ་ཞིག་སྟེ། འདིས་དོན་གྱི་བདག་པོ་དངོས་ཀྱི་མི་རྒྱུད་ལ་བརྩིས་མཐོང་མ་བྱས་པ་མཚོན། བུ་བུ་མོའི་གཉེན་གཏམ་དུས་བོད་ཀྱི་བརྩམས་སྒྲུང་གང་ལ་མཚོན་ན་བུ་བུ་མོ་གཉེན་སྒྲིག་རང་ལ་གྲོལ་མི་བྱེད་པར་ཕ་མ་ཚོའི་འདོད་འདོད་དང་རྒྱུ་ཆེན་སོགས་གཉེན་ཉེ་དག་གིས་བསམ་པ་གཉེར་བཞིན་ཡོད། དེ་ནི་བརྩིས་བཀུར་དང་ཕ་མ་ཚོའི་བུ་བུ་མོ་གཏད་ནས་རྟོགས་མེད་པ་ཚོར་བ་དང་རྙིང་ཞེན་གྱི་ལྟ་བ་སྤྱི་ཚོགས་གདོང་གཏད་པ་རེད། ད་དུང་མཇུག་གི་བཞོས་ན་ཚར་རྒྱུ་མེད་པའི་རྩྭ་ཐང་གི་འོ་སྒྲ་དེ་མུན་ནག་གི་ཁྲོད་ན་ད་རུང་ཤག་ཤག་ཤག་ཤག་་་་ཅེས་པའི་ཚན་པ་དེས་བརྩམས་སྒྲུང་གི་སྐྱོ་གདུང་དང་མཁའ་དབུགས་ཇེ་སྟུག་ཏུ་བཏང་ཡོད།

                                  གསུམ་པ། བྱུང་རིམ་གྱི་སྒྲིག་གཞི།

  བོད་ཀྱི་བརྩམས་སྒྲུང་གསར་བས་སྤྱི་མཚན་གྱི་སྒོ་ན་འཚོ་གནས་ལ་བསམ་གཞིགས་བྱ་བ་དང་མིའི་མཐར་ཐུག་ལ་ཐུགས་ཁུར་མཛད་པའི་སྲོལ་རྒྱུན་བརྩམས་སྒྲུང་གི་བསམ་བློའི་ཁྱད་ཆོས་མངོན་པར་བྱས་ཡོད། དངོས་ཡོད་འཚོ་བ་དོན་དུ་གཉེར་བའི་སྒོ་ནས་རང་གི་བསམ་བློའི་ཁྱད་ཆོས་མངོན་པར་བྱད་ཡོད། འདི་ནི་བསམ་བློའི་ནང་དོན་མི་འདྲ་ས་རེད། དེ་བཞིན་མཚོན་ཐབས་མི་འདྲ་བ་སྟེ། བོད་ཀྱི་བརྩམས་སྒྲུང་གསར་བའི་རྩོམ་ལུས་ཀྱི་འདུ་ཤེས་ཆགས་པ་སྤྱིར་རྩོམ་རིག་གི་ཐོན་ཁུངས་གཉིས་ཏེ། གཅིག་ནི་རྩོམ་རིག་གསར་བ་ཆགས་དུས་ལོ་རབས་དེའི་ནང་ལྟ་ཀློག་ཐུབ་པའི་མི་རིགས་གཞན་གྱི་བརྩམས་སྒྲུང་དང་གཞུང་ལུགས་ཀྱི་ཤེས་བྱ། ཅིག་ཤོས་སྔར་ཡོད་པའི་སྲོལ་རྒྱུན་བརྩམས་སྒྲུང་དང་དམངས་ཁྲོད་གཏམ་རྒྱུད་དོ། བརྩམས་སྒྲུང་ནི་དོན་བརྗོད་རང་བཞིན་རང་བཞིན་ཅན་གྱི་རྩོམ་ལུས་ཀྱི་ཁོངས་སུ་གཏོགས་པས། སྤྱིར་ན་བརྩམས་སྒྲུང་གི་ཁྲོད་དུ་དོན་དག་བྱུང་བའི་རིམ་པ་རིམ་གྱིས་སྟོན་པའི་གཏམ་རྒྱུད་ཀྱི་ངང་ཚུལ་ནི་མ་གཞི་ནས་ཡོད་པ་ཞིག་ཡིན། གྲུབ་ཆ་གསུམ་དང་ལྡན་པའི་བྱུང་རིམ་ཞེས་བཀོད་ཡོད། “བྱུང་རིམ་གྱི་ཐོག་མའི་རྣམ་པ་ནི་གཏམ་རྒྱུད་ཡིན། ཞིན་ཀུ་དང་། ཧྥུའུ་སི་ཐི་དང་།མའོ་མུའུ་དང་རྩོམ་པ་པོ་མང་བོ་ཞིག་གི་ཞེས་པར་སྙམ་ཡོད།”འཛམ་གླིང་བརྩམས་སྒྲུང་གིི་འཕེལ་རྒྱས་ལ་བལྟས་ནའང་། འདི་ལྟའི་གཏམ་རྒྱུད་འདྲ་བའི་སྒྲུང་མ་གཏམ་ནས་བརྩམས་སྒྲུང་དུ་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཡིན་པ་དང་འཕེལ་རྒྱུས་ཁྲོད་ཀྱི་གཡོལ་དཀའ་བའི་ཀྱག་ཀྱོག་གི་ལམ་བུ་ཞིན་རེད།
  བོད་ཀྱི་བརྩམས་སྒྲུང་གསར་བ་ལ་བལྟས་ན། ཆེས་ཐོག་མའི་བརྩམས་སྒྲུང་གི་སྒྲིག་གཞི་“བྱུང་རིམ”གྱིས་གྲུབ་ཡོད། ༼ངའི་རྩོམ་འདི་ལ་ཐོག་མར་ཚིག་གི་སྡེབ་སྦྱོར་འཇོག་དོན་ནི་བརྩམས་སྒྲུང་འདི་ལ་དགོས་དོན་དང་དམིགས་ཡུལ་མེད་པ་གཏད་ནས་མིན། བརྩམས་སྒྲུང་འདི་ནི་བོད་ཀྱི་སྒྲུང་མ་གཏམ་ལས་ཁྱད་དུ་འཕག་ཏེ་གཏམ་དཔེ་བཀོད་ཐབས་སོགས་དང་ཚིག་གི་སྦྱོར་བའི་ཆ་ལེགས་པའི་སྒྲུང་དུ་གཏོགས་པས་སོ༽སྤྱིར་ཆ་ནས་དངོས་ཡོད་སྤྱི་ཚོགས་གནད་དུ་ཁ་གཏད་པའི་བརྗོད་དོན་གསལ་བོ་རེ་དང་། དེ་ཉིད་ཁ་བརྡའི་ཚུལ་དུ་ཐད་ཀར་ལབ་གླེང་བྱ་བ་མ་ཡིན་པར་གཏམ་རྒྱུད་ཀྱི་བྱུང་རིམ་ལ་བརྟེན་པས། སྲོལ་རྒྱུན་བརྩམས་སྒྲུང་དང་གཏམ་རྒྱུད་མི་འདྲ་བའི་མཛེས་རྟོག་གི་རིན་ཐང་ཐབས་མངོན་པར་བྱས་ཡོད། རྩོམ་འདི་ཡང་བརྩམས་སྒྲུང་གསར་བའི་ལམ་བུ་བསྐྲུན་འདོད་ཆེ་ཡང་སྲོལ་རྒྱུན་བརྩམས་སྒྲུང་ངམ་གཏམ་རྒྱུད་ཀྱི་རྗེས་ཤུལ་ལམ་མངལ་དུ་སྤྲིལ་ཡོད་པར་དང་སྐད་ཆས་བཀོད་པ་རྒྱ་ཆེན་པོར་མཐོང་སོང་། བྱུང་རིམ་དང་སྒྲིག་གཞི་ནི་བརྩམས་སྒྲུང་གི་ཡན་ལག་ལྟ་བུར་སྣང་ཡོད། <<རྩྭ་ཐང་གི་ཉིན་ཐོ>>འདིའི་འབྲི་ཐབས་ནི་བོད་ཀྱི་སྲོལ་རྒྱུན་འབྲི་ཐབས་ལས་ཐོད་བརྒལ་ཕྱིན་མེད་ཀྱང་། སྐད་ཆ་བཀོད་ཐབས་དང་ཚིག་གི་སྡེབ་སྦྱོར། བྱུང་རིམ་སོགས་ཁ་གསལ་དོན་གསལ་ཡིན་པས་ཀློག་པ་པོ་ལ་ཡང་བསམ་གཞིགས་ཀྱི་བར་སྟོང་སྦྱིན་སླ་ལ་དངོས་ཀྱི་འཚོ་བ་ཟབ་བཞུགས་བྱེད་པའི་མྱངས་བ་འབུར་དུ་ཐོན། རྩོམ་པ་པོ་བོད་ཀྱི་བུད་མེད་ཅིག་གི་ངོས་ཐད་ནས་བཤད་ན་བོད་བུ་མོ་རྣམས་ཀྱི་རང་དབང་དང་སྐྱིད་སྡུག་གླེང་ཡོད། སྤྱིར་མ་ཤེས་ནི་ཞིག་གི་ཤེས་ཁུལ་མིན་ལ་བོད་མོ་བརྣལ་མའི་སེམས་ཁོང་ནས་དྲགས་ཏུ་འབར་གྱིན་པའི་མེ་ལྕེ་ཁ་དོག་རེད། ཁོ་མོ་བོད་མོ་ཅིག་གིས་བོད་ཀྱི་ལས་དབང་གླེང་བ་ཉམས་མྱོང་ཕུན་སུམ་ཚོགས་ཀྱིས་ཆ་ལྡན་པ་རེད།
  གཏམ་རྒྱུད་གཅིག་གི་ནང་བྱུང་རིམ་གྱི་ཚན་པ་དག་གིས་བསྟན་དོན་དང་སོ་སོ་བ་སྟོན་པའི་གནད་དོན་འདི་བརྩམས་སྒྲུང་འདི་རུ་བཀོད་ཡོད། རྩོམ་གྱི་ཐོག་མར་བོད་ཀྱི་བུད་མེད་ཀྱི་ལས་དབང་ལས་བོད་ཀྱི་འཚོ་བ་ལ་རེ་སྒུག་གི་རྣམ་པ་གསར་བ་མཚོན་པའི་ནང་དོན་ཡོད་ལ། བར་དུ་ཕ་མ། གཉེན་ཉེ་སོགས་ཀྱིས་བཀུས་ལུགས་དང་སྒེར་གཅོད་གཏུམ་དབང་གི་དབང་ཤུགས་བར་གྱི་འབྲོག་པའི་བུ་མོ་སྒྲོལ་དཀར་དང་འབྲོག་མོ་དག་གིས་ལས་དབང་ངོ་སྤྲོད་བྱས་ཡོད། མཐའ་མ་རང་ཉིད་དགའ་སའི་མི་དང་མཉམ་རོལ་གྱི་འཚོ་བ་རིང་གྱེས་པའི་སྐྱོ་སེམས་སོགས་མུན་ནག་དང་འོ་སྒྲ་ལ་བཀོད་ནས་གདུང་སེམས་མཚོན་པའི་སྣང་བརྙན་གསར་བཞེང་བརྒྱུད་ནས་མིའི་སེམས་ཁམས་དང་བརྩམས་སྒྲུང་འདིའི་བྱུང་རིམ་དང་སྒྲིག་གཞི་ཡོད་ཚད་སྐྱོ་སྣང་ཁེངས་བའི་འཇིག་རྟེན་གཞན
་ཞིག་རྟོག་བཟོ་བྱས་ཡོད། དེ་ནི་རྩོམ་པ་པོའི་ཤེས་རབ་ཀྱི་རྩལ་དང་འཚོ་བར་གཟབ་གཞིགས་ཀྱི་མྱོང་བ་ར་སྤྲོད་ཀྱིས་གཉུག་ཤེས་རེད། མཚོན་དོན་ཧྲིལ་བོ་གོང་བུ་གཅིག་གྱུར་གྱི་ངོས་ནས། བརྩམས་སྒྲུང་གི་འཚོ་བའི་ནང་དུ་འདི་ལྟའི་ནང་དོན་གྱི་རིམ་པ་དུ་མ་ཅན་དུ་ཡོད་ན་ལེགས་པ་ལས། རྩོམ་གྱི་ཐོག་མཐའ་བར་གསུམ་གྱི་བྱུང་རིམ་སོ་སོས་ནང་དོན་བྱེ་བྲག་སོ་སོ་སྟོན་པ་རེད། བརྩམས་སྒྲུང་གི་འཇིག་རྟེན་སིལ་བུར་འཐོར་བར་བྱས་ཡོད་པ་རེད། བརྩམས་སྒྲུང་གི་གྲུབ་ཆ་གསུམ་གྱི་ངོས་ནས་བཤད་ན། གཏམ་རྒྱུད་ལའང་གྲུབ་ཆ་གསུམ་པོ་དེ་ཡོད་པ་ཡིན། གཏམ་རྒྱུད་ཀྱི་ཁྲོད་དུ་དོན་དག་ཆེས་གཙོ་བོ་ཡིན་ཡང་། དེ་འབྲེལ་གྱི་མི་སྣ་དང་ཁོར་ཡུག་ནི་ཡོད་པ་རེད། འོན་ཀྱང་། གཏམ་རྒྱུད་ཀྱི་སྒྲིག་གཞིའི་ཁྲོད་དུ་མི་སྣ་དང་ཁོར་ཡུག་ལ་བྱེ་བྲག་པའི་ཞིབ་ཚགས་ཀྱི་བཀོད་འབྲི་མེད་པར། སྤྱི་བམ་ཞིག་ཡིན་ལ། དོན་དག་གི་ལྷུག་བརྗོད་ཀྱང་མི་སྣས་ཞིབ་མོའི་བཀྲམ་སྟོན་གྱི་ཆ་དག་མེད་པ་བརྩམས་སྒྲུང་གི་སྒྱ་རྩལ་གྱི་ཆ་ཡལ་བགར་དེ་བཞེངས་བསྐྲུན་རེད་ཟེར་གྱིན་སེམས་སོ།

                                 བཞི་བ། དངོས་ཡོད་རིང་ལུགས།
  
  དངོས་ཡོད་རིང་ལུགས་ཞེས་པའི་ཐ་སྙད་འདི༡༨༥༠ལོར་ཧྥ་རན་སིའི་རི་མོ་བ་ཁུའུ་འར་པའེ་ཡི་རི་མོ<<རྡོ་གསིལ་བཟོ་བ>>ཞེས་པ་བཀྲམ་སྟོན་བྱས་པ་བྱུང་བ་རེད། རི་མོ་དེ་ལ་དངོས་ཡོད་རིང་ལུགས་ཞེས་པའི་ཐ་སྙད་སྦྱོར་དོན་གཙོ་བོ། རི་མོ་དེས་འབངས་ཕལ་བ་ཞིག་གི་ནར་མའི་འཚོ་བ་མཚོན་པས་ཡིན། དེ་ཡང་འབྱོར་ལྡན་གྲལ་རིམ་པའི་མཛེས་རྟོག་གི་ལྟ་བ་དང་མོས་པ་དང་། ཧྲ་ལུང་ཡོད་ཏན་པས་འཇོ་སྒེག་གི་བརྗོད་བྱ་དང་མཛེས་པ་ལྷུར་ལེན་པའི་སྐབས་སུ་འབངས་ཕལ་་བ་ཞིག་གི་སྤྱིར་བཏང་གི་འཚོ་བ་མཚོན་པའི་སྒྱུ་རྩལ་ཤིན་ཏུ་ཉུང་ལ། དེ་ལ་རོལ་མྱོང་གྱི་རིན་ཐང་ཡོད་པར་མི་འདོད། <<རྡོ་གསིལ་བཟོ་ན>>ཡི་གཞུག་ནས་ཁུའུ་འར་པའེ་ལ་རྒྱབ་སྐྱོར་བྱེད་མཁན་ཧྲང་ཧྥོ་ལི་ལིས་ཡིས་རང་གི་གསུང་འབུམ་གྱི་མིང་ལ་<<དངོས་ཡོད་རིང་ལུགས>>ཞེས ༡༨༥༧ ལོར་དཔར་དུ་བཏབ། ཁོའི་སློབ་མ་ཏུའུ་ལཱང་ཏིས་དང་དཔྱད་བརྗོད་པ་གཞན་ཞིག་གིས་གྲས་གཅིག་ཏུ ༡༨༥༦ལོར་<<དངོས་ཡོད་རིང་ལུགས>>ཞེས་པའི་དེབ་ཞིག་བསྐྲུན། ཁུའུ་འར་པའི་ཡིས་དུས་དེབ་དེའི་སྟེང་དུ་རང་གི་རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་བསྒྲགས་བཀོད་དེ། རྩོམ་པ་པོས་དངོས་ཡོད་ལ་ཞབས་འདེགས་ཞུ་དགོས་པའི་ལྟ་བ་བཏོན་ཅིང་། དངོས་ཡོད་ཅེས་པ་གཙོ་བོར་སྤྱི་ཚོགས་འོག་རིམ་གྱི་མི་དམངས(བཟོ་བ། གྲོང་ཁྱེར་གྱི་དབུལ་བོ་དང་ལག་ཤེས་ཆུང་ཆུང)ཀྱི་འཚོ་བར་གོ་བར་ཡིན། “ཏུའུ་ལྭང་ཏིས་སོགས་ཀྱིས་དངོས་ཡོད་རིང་ལུགས་ཞེས་པའི‘རྟགས་མཚན’གསར་བས‘རྟགས་མཚན’རྙིང་བ་འཆར་ཡན་རིང་ལུགས་ཀྱི་ཚབ་བྱེད་རྒྱུའི་དགོངས་པ་གསལ་བ་བསྟན་བར་བསྟན་ཞིང་། ཏིས་ཏི་ལའོ་དང་། སི་ཐང་ཏཱ་དང་། པལ་ཟ་ཁི་གསར་རྩོམ་གྱི་མིག་དཔེར་བཟུང་ནས། ‘དངོས་ཡོན་རིང་ལུགས་ཀྱི་འགན་འཁྲི་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩོམ་རིག་གི་སྟེང་ན་ཡོདཔ་དང་། རྩོམ་རིག་འདིའི་རྩ་བའི་རྣམ་པ་ནི་དེང་རབས་རྩོམ་གཤིས་ཅན་གྱི་བརྩམས་སྒྲུང་ཡིན་པར་བསྟན། དེ་ལྟར་དུ་ཐོག་དང་དངོས་ཡོད་རིང་ལུགས་ཀྱི་མིང་གིས་བསྟན་པའི་གསར་རྩོམ་གྱི་གསར་རྩོམ་གྱི་གྲུབ་མཐའ། དེ་བཞིན་དུ་དངོས་ཡོད་རིང་ལུགས་ཀྱི་ཐ་སྙད་ཡོ་རབ་རྒྱལ་ཁབ་སོ་སོར་དར་ཁྱབ་བྱུང་། ”འདིས་ནི་འཚོ་བའི་འོག་རིམ་གྱི་འབངས་ཕལ་བའི་འཚོ་བ་དམིགས་སུ་བཟུང་བ་རེད།
  དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་སྙིང་སྟོབས་བྱུང་བ་ཆེས་སྔ་སྟེ། སྤྱི་ལོ་སྔོན་གྱི་ཨ་རི་སི་ཏོ་ཏལ་གྱི<<སྙན་ངག་རིག་པའི>>ནང་དངོས་ཡོད་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ཕལ་ཆེར་ཐོན་ཡོད། ཁོ“ཆོས་དངོས་ཀྱི་མ་གཞིའི་གནས་ཚུལ་ལྟར་འདྲ་རིས་སུ་ཕབ་དགོས"ཞེས“ལད་ཟློས"ཀྱི་ལྟ་བ་བཏོན་ནས་སྒྱུ་རྩལ་ནི་དངོས་ཡོད་འཇིག་རྟེན་ལ་ལད་མོ་བྱས་པ་ཞིག་ཡིན་པར་བསྟན་ཡོད། འདི་ནས་བཟུང་སྟེ་རྩོམ་རིག་སྒྱུ་རྩལ་དང་དངོས་ཡོད་འཇིག་རྟེན་བར་དུ་མཚོན་བྱ་དང་མཚོན་བྱེད་ཀྱི་འབྲེལ་གྲུབ་ཏེ། རྩོམ་རིག་གི་ཕྱི་དོན་བདེན་སྣང་རང་བཞིན(客观真实性)དེ་དངོས་ཡོད་རིང་ལུགས་ཀྱི་རྩ་བའི་རྩ་དོན་དུ་འཛིན་པ་དེ་བྱུང་།
  ཨ་རི་སི་ཏོ་ཏལ་ནས་གནའ་རབས་རིང་ལུགས་གསར་བའི་བར་དུ་སྤྱིར་རང་བྱུང་ཞེས་པའི་ཐ་སྙད་ཀྱིས་དངོས་ཡོད་འཇིག་རྟེན་ཞེས་པའི་ཐ་སྙད་ཀྱི་ཚབ་བྱས་ཤིང་། དེས་ཀྱང་ཕྱི་དོན་གྱི་ཆོས་དངོས་དང་མི་གཤིས་ཐུན་མོང་བ་སྟོན་པ་ལ། ཏིས་ཏི་རོད་ཀྱིས་རང་བྱུང་ལ་དངོས་པོའི་འཇིག་རྟེན་ལ་བལྟས་ནས་བཤད་པའི་རང་བྱུང་དང་། སེམས་པའི་རང་བཞིན་ལ་བལྟས་ནས་བཤད་པའི་རང་བྱུང་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་བལྟས་ནས་བཤད་པའི་རང་བྱུང་སྟེ་ཁྱབ་ཁོངས་གསུམ་དུ་དབྱེ་ནས། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་དང་མིའི་བར་གྱི་འབྲེལ་བས་གྲུབ་པའི་མིའི་སྤྱི་ཚོགས་ལ་ཤུགས་སྣོན་བྱས་ཡོད། འདིར་དངོས་གཙོ་ལོ་རྒྱུས་ལྟ་བས་ཆེར་བརྒྱན་ལ། དངོས་ཡོད་ལ་ཤེས་རྟོགས་བྱ་བའི་གཏིང་ཟབ་རང་བཞིན་ཀྱང་ཡོད།
  དེ་བཞིན་དུ་<<རྩྭ་ཐང་གི་ཉིན་ཐོ>>ཡིས་སྒྲུང་འབྲིང་ཞིག་གི་ཡིག་ཚོགས་ཀྱིས་གཉེན་སྒྲིག་ལ་བཙན་སྦྱོར་གྱི་བོད་དོན་བཤད་པ་ཡིན་པས་བརྩམས་སྒྲུང་འདིས་ནག་ཉེས་ཐེར་འདོན་བྱས་པ་ཙམ་མིན་པར། བོད་རིགས་བུད་མེད་ཀྱི་སྤྱི་ཚོགས་ཀྱི་ཐོབ་ཐང་སྤྱིར་དམའ་པ་ལྟ་བུའི་རིག་གནས་དང་སྤྱི་ཚོགས་ཀྱི་ངོ་བོའི་ཆ་ནས་གཉེན་སྒྲིག་བཙན་སྦྱོར་གྱི་སྣང་ཚུལ་བསྟན་པས་ན། རྩོམ་ལ་བསམ་བློའི་ཟབ་ཁྱད་ཅུང་ཡོད་ལ། དེ་བཞིན་དུ་རྩོམ་ལས་རྩོམ་པ་པོའི་ཕུགས་འདེད་ཀྱི་བསམ་གཞིགས་ཀྱི་རྣོ་དབལ་ཀྱང་ཉམས་སུ་མྱོང་ཐུབ། དེ་དང་འབྲེལ་ནས་བོད་ཀྱི་བརྩམས་སྒྲུང་གིས་འཚོ་བའི་རྩ་བའི་ངོ་བོའམ་ནང་གི་ངོ་བོ་དང་། དུས་རབས་ཀྱི་སྙིང་སྟོབས་ལ་ཧྲིལ་གྱིས་པའི་ཁོང་ཆུབ་བྱས་པ་མི་འདང་བ་དང་། དཔེ་མཚོན་ཅན་དུ་བྱས་པ་མི་འདང་བས། རྩོམ་གྱི་བླ་སྲོག་ཕྲ་སྟེ་རྩོམ་གྱི་གྲུབ་རྫས་སོ་སོར་སྦྱིན་རྒྱུའི་ཚེ་སྲོག་གི་བགོ་སྐལ་གྱིས་དཀོན་ཅིང་། མཐར་རྩོམ་གྱི་མཛེས་པ་ལ་ཉམས་དམས་ཆེན་པོ་ཐེབས་པ་རེད། དེ་ནི་མི་རིགས་ཞིག་གིས་རྩོམ་རིག་གི་ཚད་རིམ་འཇལ་བྱེད་ཀྱི་རྒྱ་མ་ལྟ་བུ་རེད། དེས་དབང་གི་སྒྲུང་གཏམ་རྩོམ་པ་པོ་ཡང་མི་རིགས་ཀྱི་བསམ་བློའི་འདུད་ཤེས་དང་རིག་རྟོག་གི་ཚད་གཞིའི་རྨང་ནས་སྒུལ་ཡོང་པས། བརྩམས་སྒྲུང་འདི་ཡང་ཀློག་པ་པོ་ལ་ལས་ད་དུང་དོན་དག་ག་གེ་མོ་བཀོད་པ་བརྒྱུད་ནས་ང་ཚོའི་སྡེ་བར་བྱུང་མྱོང་བའི་དོན་དག་དངོས་ཡིན་ཅེས་འཚོ་བའི་ཁྲོད་ཀྱི་དོན་དག་རྩོམ་དུ་བཀོད་པ་ཙམ་ཡིད་ཚིམ་པ་དཀའ་བོ་ཡིད་དུ་འཁྲེང་སོང་ངོ།

                                 ལྔ་བ། མཇུག་གཏམ།
  
  འདི་ལྟར་མང་པོ་མང་པོ་ཞིག་བཤད་ནས་ཚད་འདིར་སླེབ་དུས། ཁོ་བོའི་ཤོད་མེད་པ་དང་བཤད་མ་ཤེས་པ་མེད་པ་ཡོད་སྲིད། ཡིན་ནའང་། འདི་ནི་འགན་ཁུར་ཞིག་གིས་ཚབ་ཏུ་བཟུང་ནས་རང་ཉིད་ཀྱིས་འབད་འབངས་བྱས་ཡོད། མི་ཡི་བློ་ནི་ཚད་འཇལ་ཐུབ་པ་མིན་ལ་སྐབས་རེ་སེམས་ཁམས་སོགས་ཀྱིས་གཉོམ་སྒྲིག་བདག་གིས་གནད་དུ་འབབ་མ་ཐུབ་པར། སེམས་གཞིགས་མེད་པའི་ལྒང་ཞུ་ལྟར་དབུགས་ཀྱིས་སྣང་བར་ནམ་མཁའ་སྤུར་ནས་ཁྱེར་སྲིད་པ་ཡང་ཡོད། ཁ་ཁེར་གྱིས་ཁ་བྱང་དང་མ་འབྲེལ་བའི་ཡིག་ཉོག་གི་མིག་ཟུང་ཁེབས་ཡོད་ན་ཡང་འགན་ཁུར་གྱིས་གནོན་ཤུགས་གདོང་མཆོང་མ་ཐུབ་པར་དཔའ་ཞུམ་པ། བག་ཁུམས། སྙིང་རུས་ཞུ་ནས་དོན་ཐོག་ཏུ་ཁེལ་མེད་པའི་རྒྱུ་རུ་ཟད། ངས་དཔྱད་བརྗོད་འདི་ལ་མཚོན་ན་ཡང་གོང་དུ་བཤད་ཟིན་པས་དོན་དག་ལས་བརྒལ་བ་ཞིག་གཏད་ནས་མིན། སྤྱིར་དོགས་པ་ཞེས་པ་དེ་མི་ཡི་གཤིས་ཀ་སོགས་བསྒྱུར་བྱེད་ཀྱི་ལག་ཆ་ཞིག་ཡིན། ལག་ཆ་དེ་ནི་མི་རིགས་ཀྱི་ཁ་དོག་སོགས་དང་འབྲེལ་ཡོད་པའི་རྙིང་རུལ་ཅན་ཞིག་དང་བག་ཆགས་ཀྱི་རྨང་གི་རྫོབ་ཏུ་འཁོར་བའི་གཉུག་གཤིས་རེད།
  རྩོམ་འདི་ཡག་མིན་གང་གི་ཆ་ནས་རབ་རིབ་དང་མག་མོག་གི་གཏིང་རིམ་དུ་ནུབ་ཏེ། ཚུགས་ཀ་མེད་ཀྱང་བཙུགས་ཀ་བྱས་ནས་ཚད་འདི་རུ་སླེབ་དུས། ཚད་གཞི་མེད་ན་ཡང་ལོ་ཚོད་དང་ལོ་རིམ་གྱིས་འདེད་ནས་མདུན་སྟོང་དང་རྒྱབ་ཁེན་མེད་པར་བར་ཀློང་འདི་ནས་འདི་ལྟར་ཆེས་འགོ་བརྩམས་ཟིན་ཡོད། ཡིག་ཉོག་དང་སེམས་ངལ་ཅིག་གིས་ཚབ་ཏུ་རྩོམ་ཡིག་འདི་རང་ཉིད་ཀྱིས་མི་ལོ་གསུམ་གྱི་སྦྱང་འབྲས་འདིར་རྒྱ་ཐོག་ལ་འཇོག་སྐབས་དེར། མགོ་བོ་སྨད་པ་དང་རྫིག་ཉམས་དེ་ཞུམ་གྱིན་མེད། བརྩམས་སྒྲུང་འདི་ལྟ་བུ་ལ་མཚོན་ན་བོད་ཀྱི་བུད་མེད་ཀྱིས་གཉེན་སྒྲིག་གི་ལས་དབང་དང་ཕ་མ་སོགས་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་དག་གིས་མ་འོངས་བའི་སྐྱིད་སྡུག་ལ་བསམ་བློ་མི་གཏོང་བར་དགའ་ཁ་ཁྱེར་ཕྱོགས། རྒྱུ་ནོར་གྱིས་བསླུ་བྲེིད་འོག་ནས་ནམ་ཡང་མི་བུའི་བརྩེ་དུང་ལ་གུས་བཀུར། བརྩི་འཇོག་མེད་པས་དྭངས་གཙང་གི་བརྩེ་དུང་ལ་མཁའ་དབུགས་སྡུག་པོ་བཞེངས་ཡོད། དེ་དང་བརྒྱུད་ནས་བོད་ཀྱི་བརྩེ་དུང་གི་རྟག་བརྟན་དང་འགྱུར་མེད་ཀྱི་རྨང་གཞི་དང་ལྟ་བ་སོགས་མེད་པ་ར་སྤྲོད་བྱས་འདུག་པ་ངོམས་ཡོད། དེ་བས་ངས་ནམ་ཡང་བོད་ལ་བརྩེ་དུང་རྣམ་དག་མེད་ཟེར་གྱིན་ཡོད། བོད་མི་ཡོད་ཚད་འཚོ་བའི་ཆེད་དུ་གསོན་པ་ཡིན།
  གསལ་བཤད། གོང་དུ་བྲིས་པའི་དེང་རབས་རིང་ལུགས་ཀྱི་ཚན་པ་དེ་བརྩམས་སྒྲུང་འདི་དང་སྦྱར་ན་དགོས་མཁོ་ཡིད་ཚིམ་པ་ཞིག་ལོན་མིན་ཐུབ་ཀྱང་། བོད་ཀྱི་དེང་རབས་རིང་ལུགས་ཀྱི་བརྩམས་སྒྲུང་རྗོད་མཁན་དང་འབྲི་བ་དག་ལ་སྐོམ་པ་ཆུ་དང་ཕྲད་པའི་ངང་ཚུལ་འཛིན་སྲིད། ད་དུང་གསལ་བརྡ་དང་ར་སྤྲོད་ཀྱིས་ཚུལ་དུ་བཟུང་ནས་འདི་རུ་བཀོད་པའོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《རྩྭ་ཐང་གི་ཉིན་ཐོའི》སྒྱུ་རྩལ་དང་ཁྱད་ཆོས་བཤད་པ།

2014-12-20 དགུ་ཟུར་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།