སྒྲུང་ཐུང《སྒྲོལ་དཀར》གྱི་བཀླགས་ཟིན།

  བདག་ནི་དེང་རབས་བོད་ཀྱི་སྐྱེས་མའི་གནས་བབ་སྐོར་གྱི་རྩོམ་ཡིག་ལ་ལྟ་ཀློག་བྱེད་པར་སྤྲོ་བའི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་ཞིང་བོད་རིགས་སྐྱེས་མའི་གྲག་འགུལ་ལ་ལྷག་པར་དོ་སྣང་བྱེད་མཁན་ཞིག་ཀྱང་ཡིན། གཅིག་ནས་ལས་འབྲས་ཀྱིས་རང་ཉིད་ནི་བོད་རིགས་བུད་མེད་ཅིག་ཏུ་སྐྱེས་ཏེ། བདག་གི་མ་ཡུམ་དང་གཅེན་གཅུང་མོ་དག་ནི་རང་དང་ཆེས་ཉེ་བའི་མི་ཡིན་པས་བདག་གི་ཉིན་རེའི་འཚོ་བའི་ཁྲོད་ཁོ་མོ་ཚོའི་སྐྱིད་པའི་དགོད་སྒྲ་ཐོས་ལ་སྡུག་པའི་མིག་ཆུའང་མཐོང་། གཉིས་ནས་མི་ལོ་བཅུ་ཕྲག་རིང་དེང་རབས་སློབ་གསོ་མྱངས་པ་དང་བྱ་བའི་ཉམས་མྱོང་ཁྲོད་ཀྱི་བསམ་བློའི་གོ་རྟོགས་བཅས་ཀྱིས་བདག་ལ་ཡང་དང་བསྐྱར་དུ་གསོལ་བ་ནི་འཚོ་བའི་སྙིང་སྟོབས་དང་གཞན་ཕན་གྱི་སྙིང་རྗེ་བསྒོམ་རྒྱུ་དེ་རེད། མི་ཚེ་ནི་བརྗོད་མི་ཚར་བའི་གཏམ་རྒྱུད་རིང་མོ་ཞིག་ཡིན་ཏེ་ཁ་སང་དང་དེ་རིང་ནི་དགའ་ཞིང་སྤྲོ་བར་ཡོད་ལ་སང་ཉིན་ལ་ཅི་བྱུང་བར་དཀོན་མཆོག་གསུམ་གྱིས་མཁྱེན་བར་ནུས། དེ་བས་མི་འཛོམས་ལྷ་འཛོམས་དུས་དགའ་ལྷོག་ལྷོག་དང་འཛུམ་དམུལ་དམུལ་གྱིས་ཏེ་མི་ཚེའི་རོལ་མོ་ཉམས་དགས་དཀྲོལ་ན་དགའ། དེ་རིང་སྟབས་འགྲིག་པ་ཞིག་ལ་བདག་གིས་མཆོད་མེའི་དྲ་སྟེང་ནས་《སྒྲོལ་དཀར》ཞེས་པའི་སྒྲུང་ཐུང་དེ་བཀླག་ཐུབ་པར་བྱུང་། དེའི་སྔོན་ལ་སྐུ་ཞབས་སྐྱབས་ཆེན་གྱི་པོད་ཕྲན་ལས་ཁོང་གིས་སྒྲུང་ཐུང་《སྒྲོལ་དཀར》ཞེས་པ་བྲིས་ཚར་བ་གོ་ཡོད་པས་བལྟ་འདོད་ཤིང་ཏུ་ཆེ་ཞིང་དེ་རིང་སྟབས་ལེགས་ཀྱིས་དྲ་ངོས་ནས་མཐོང་ཐུབ་པ་ནི་བློ་ཡུལ་ལས་འདས་པ་དང་བརྩམས་ཆོས་གསར་བ་དེ་མཇལ་འདོད་ཀྱི་འདུན་པ་དྲག་པོ་དང་བཅས་ཁོ་མོས་དབུགས་ཐེངས་གཅིག་གིས་མར་ཀློག་པས་ན། ཁོ་མོའི་སེམས་པ་སྐྱོ་ནས་མུག་པ་དང་དགའ་ནས་འཛུམ་པར་བྱུང་། སྐྱོ་བ་ནི་སྐུ་ཞབས་སྐྱབས་ཆེན་གྱིས་རྩོམ་འབྲི་ནུས་པ་ཞན་པ་མ་ཡིན་ཞིང་དགའ་བ་ནི་ཁོང་གི་སྣང་ཡུལ་གྱི་བོད་མིའི་འཚོ་བ་ཟུར་དེ་དང་ཁོང་གིས་བཞེངས་བའི་སྒྲོལ་དཀར་གྱི་སྣང་བརྙན་དེ་བས་མིན། བདག་གིས་སྒྲུང་ཐུང་འདི་ཉིད་སོས་དལ་བག་ཕེབས་ངང་ལྟ་ཀློག་བྱེད་པའི་ཁྲོད་དུ་བློ་སྐྱེད་འགའ་ཤས་བྱུང་བ་ལས་སྒྲོན་དཀར་གྱི་ཞུམ་མེད་ཀྱི་སྙིང་སྟོབས་དང་དཔག་མེད་ཀྱི་བློ་སྤོབས་ནི་རང་ཉིད་ཀྱིས་ཡང་ཡང་བསམས་གཞིག་གཏོང་སར་གྱུར།

              ཀ རྩྭ་ཐང་གི་སྦྲ་གུར་ནས་ཁེར་རྐྱང་དུ་ལུས་པའི་ཡུགས་མོ་སྒྲོན་དཀར།

  སྐྱེ་རྒ་ན་འཆི་ནི་འཇིག་རྟེན་ཆོས་ཉིད་ཤིག་ཡིན་ཞིང་མིའི་ཚེ་སྲོག་ནི་མེར་བསྒྲོན་པའི་མཆོད་མེ་ཞིག་དང་འདྲ་སྟེ་ཆུང་དུས་སྟོབས་ཤུགས་འབར་བའམ་རྒས་དུས་ཟུངས་ཁྲག་ཟད་ནས་འཆི་བ་རེད། གོ་རིམ་གང་ཡིན་རུང་ཚེ་སྲོག་ཟད་ན་ཐལ་རྡུལ་སྤར་མོ་གང་ཡིན་པས་སྒྲོལ་དཀར་གྱི་ཁྱོ་བོ་མཐོ་རིས་པོ་འཇིག་རྟེན་ལས་འདས་པ་ནས་བཟུང་། སྒྲོལ་དཀར་ནི་བརྟེན་ས་མེད་པའི་ཡུགས་མོ་ཞིག་ཏུ་གྱུར་ཏེ་ནམ་ལངས་ནས་མིག་འབྱེད་དུས་འཇིག་རྟེན་སྟོང་འཇགས་སེར་རང་ཉིད་འཇུས་སའི་བརྟེན་ཞིག་ཀྱང་མེད། ཡིན་ཡང་འདས་པོ་ཁྱོ་བོ་མཐོ་རིས་པོའི་ཆེད་དུ་ཁོ་མོས་ལྷ་ཆོས་གང་མང་བསྒྲུབས་ནས་གང་ཐུབ་ཀྱིས་ཤི་བོ་ལམ་དུ་བཅུག མོའི་སྡུག་ཡོད་ཚད་ཁོག་ཏུ་རུམ་ནས་ཁྱི་རྒན་རྒྱ་ལོ་མ་དང་མཉམ་དུ་སྦྲ་ནག་ཧྲལ་ཧྲུལ་དེ་སྲུང་སྟེ་རང་གཅིག་པུའི་འཚོ་བ་ཁེར་རྐྱང་དེ་མུ་མཐུད་དུ་བསྐྱང་ཞིང་གནས་པ་རེད། མཐོ་རིས་པོ་གསོན་དུས་ས་མཐའ་མྱུལ་ནས་མོ་རང་གཅིག་པུས་འཚོ་བ་བསྐྱངས་ཡོད་ལ་ད་ལྟ་མཐོ་རིས་པོ་དག་ཞིང་དུ་སོང་ཚར་བས་ཡང་བསྐྱར་མོ་གཅིག་པུའི་འཚོ་བ་རེད། སྒྲོན་དཀར་ལ་མཚོན་ན་འཇིག་རྟེན་འདིར་ཆེས་སྡུག་བསྔལ་ཆེ་བ་ནི་མཐོ་རིས་པོ་གསོན་དུས་རང་བཟའ་ཟླ་གཉིས་ལ་སྙིང་ཉེ་བའི་གཅེས་ཕྲུག་ཞིག་མེད་པས་ཁྱོ་བོ་འདས་རྗེས་ཁོ་མོ་ནི་ནང་མི་གཞན་མི་ཀུན་གྱིས་ཆགས་སར་གྱུར་བ་དང་མོའི་ཉེ་འཁོར་དུ་གནས་ཞིང་འབྲེལ་བ་ཅུང་ཙམ་ཡོད་པ་དག་ནི་འདི་ལྟ་སྟེ།

༡ རྩྭ་དང་ས་ལ་ཆགས་པའི་ཨ་ནེ་མཚོ་སྐྱིད་མ་བུ།
  བཟོད་སྒོམ་ཆེ་ཞིང་སྨྲ་བ་ཉུང་བ་ནི་བོད་རིགས་བུད་མེད་རྣམས་ཀྱི་རང་གཤིས་སུ་གྱུར་ཡོད་པ་དང་། ད་དུང་ཁྱིམ་དུ་འགྲུལ་བ་སུ་དང་གང་ཐོན་ན་ཟས་དང་ནོར་གྱི་གཏོད་ཕོད་ཆེ་བ་ཡང་དེ་བཞིན་ཡིན། སྒྲོལ་དཀར་གྱི་སྟེང་དུ་སྲོལ་རྒྱུན་བོད་རིགས་བུད་མེད་ཀུན་གྱི་རང་གཤིས་བཟང་བོ་ཆགས་ཡོད་པ་མ་ཟད་མོའི་བཟོད་བསྲན་ཆེན་པོས་རྩྭ་ཐང་གི་སྦྲ་ནག་དེའི་ནང་དུ་བསྐྱར་བཟླས་དང་སུན་སྣང་གི་འཚོ་བ་རོལ་བཞིན་ཡོད། ཕྱི་དྲོ་དེར་ཡིད་སྤྲོ་བ་ནི་ཁྱིམ་དུ་མགྲོན་པོ་འགའ་ཐོན་ཡོད། ཡིན་ཡང་ཁོ་ཚོ་ནི་སྤྱི་བཏང་གི་མགྲོན་པོ་མ་ཡིན་པར་འདས་པོ་མཐོ་རིས་པོའི་ནུ་མོ་ཨ་ནེ་མཚོ་སྐྱིད་དང་ཚ་བོ་ཡིན། ཁོ་ཚོའི་ཡོང་དོན་ཡང་སྒྲོན་དཀར་གྱི་འཚོ་བའི་སྐྱིད་སྡུག་ལ་འཚམས་འདྲིར་ཡོང་བ་མ་ཡིན་པར་སྒྲོན་དཀར་གནས་འདི་ནས་གཞན་དུ་སྤོར་ན་རྩྭ་ས་སུ་ལ་སྤྲོད་རྒྱུ་དང་གཞན་ལ་སྟེར་བ་ལས་རང་གི་ནང་མིར་བྱིན་ན་དགའ་བའི་བསམ་ཚུལ་བསྟན། སྒྲོན་དཀར་ནི་གནས་ལུགས་དེ་མི་རྟོགས་པའི་བུད་མེད་ཅིག་ཡིན་ནམ། རང་གི་ཁེ་ཕན་ལ་ཐུག་ན་རང་ནང་མི་ཟེར་བ་དང་སྒྲོན་དཀར་གཅིག་པུའི་ཁེར་རྐྱང་གི་འཚོ་བར་དོ་སྣང་སྤུ་ཙམ་ཡང་མི་བྱེད་པའི་རྒྱང་རིང་གི་ནང་མིས་སྒྲོན་དཀར་ལ་གོ་ཆོད་དམ། སེམས་པ་སུན་པོ་བྱུང་དུས་ཁྱོད་ཚོ་གང་ན་ཡོད། ངལ་རྩོལ་ཆེ་དུས་ཁྱོད་ཚོ་གང་ན་ཡོད། འོན་ཀྱང་རྩྭ་སའི་ཁེ་ཕན་འདྲ་ཡོད་བསམས་ནས་མུན་པའི་ཁྲོད་དུ་དཀའ་ཚེགས་མ་འཛེམ་པར་སྒྲོན་དཀར་གྱི་ཁྱིམ་དུ་སླེབས་པ་དེར་ངོ་མི་གནོང་ངམ།

༢ བུ་ཞིག་ལ་ཆགས་པའི་རབ་བརྟན།
“ཁྱོད་དེ་འདྲའི་ངར་བ་ཞིག་ཡིན་ནམ།” བུ་ཞིག་ལ་ཆགས་པའི་རབ་བརྟན་གྱིས་མ་ནེ་ཁ་གཡོགས་ཚུལ་གྱིས་སྒྲོལ་དཀར་་ལ་གང་དགའ་དགའ་དང་ཅི་དགའ་དགའ་མང་པོ་ལབ་ཡོད་ནའང་སྒྲོལ་དཀར་གྱིས་ཚོར་ཡོད་པ་ནི་རབ་བརྟན་རང་ཉིད་ལ་དགའ་བ་མིན། ཁོ་གཉིས་བར་དགོང་གཅིག་གི་ལུས་འབྲེལ་བྱུང་བ་ནི་ཁྱོ་བོ་མེད་པའི་སུན་སྣང་གིས་དེད་པས་མོས་དེ་ནི་བརྩེ་དུང་མིན་པར་འཚོ་བའི་ཁྲོད་ཀྱི་ནོར་འཁྲུལ་ཤིག་ཏུ་ངོས་བཟུང་བས། དགོང་མོ་དེའི་ལུས་འབྲེལ་བྱུང་བ་ནས་བཟུང་སྒྲོན་དཀར་གྱི་སེམས་ལ་ནོངས་འགྱོད་ཚད་མེད་བྱུང་ཞིང་གང་ཐུབ་ཀྱིས་མཐོ་རིས་པོར་མཉེས་མཉེས་བྱས། རབ་བརྟན་ནི་རང་གི་བཟའ་ཟླ་དང་རང་གི་འཚོ་བ་མི་ལྕོགས་པའི་སྐྱེས་པ་ཞིག་སྟེ་རང་ལ་བཟའ་ཚང་ཡ་མེད་ཅིག་དང་བུ་མོ་སྙིང་རྗེ་བ་ཞིག་ཡོད་བཞིན་དུ་ད་དུང་རང་ལས་ཆད་པའི་བུ་ཞིག་དགོས་པའི་འདོད་པ་བཤད་ནའང་སྒྲོལ་དཀར་གྱིས་བལྟས་ན་དེ་ནི་རང་ཚུགས་མི་ལྕོགས་པའི་འབུ་མེ་ལྕེབས་ཤིག་ལས་མ་འདས་པས་ “ཁྱོད་དེ་འདྲའི་ངར་བ་ཞིག་ཡིན་ནམ”ཞེས་དྲིས་རྗེས་ཅི་ཡང་མ་བཤད་དོ།།

               ཁ། འཚོ་བའི་དམྱལ་ཁམས་སུ་ཀྲོང་ངེར་འགྱིང་བའི་བློ་སྤོབས་ཅན་གྱི་སྒྲོལ་དཀར།

  སྒྲོལ་དཀར་གྱི་སྙིང་སྟོབས་ནི་རང་རེའི་བུད་མེད་དཀྱུས་མ་ཞིག་ལ་ལྡན་པར་དཀའ་ཞིང་སྐྱེས་པ་སྤྱིར་བཏང་ཞིག་གི་བློ་ཡིས་ཀྱང་དཔག་པར་དཀའ། ཁྱོ་བོ་གསོན་དུས་ཁེར་རྐྱང་གི་འཚོ་བ་རྫོགས་མེད་དང་ཁྱོ་བོ་འདས་རྗེས་དེ་བས་རྫོགས་ཐབས་བྲལ། སྒྲུང་ཐུང་དུ་སྒྲོལ་དཀར་ལ་བློ་སྤོབས་ལྡན་པའི་ཆ་འགའ་ནས་མཐོང་ཐུབ་ལ།
  གཅིག  གྲག་འགུལ་མེད་པའི་ཁྱིམ་ཚང་འདི་རུ་ཁྱི་མོ་རྒྱ་ལོ་མ་ནི་ཁོ་མོའི་ཁྱིམ་མི་ཞིག་དང་འདྲ་བར་དེའི་ཟུག་སྐད་དང་སྦྲགས་ནས་ཁོ་མོར་དགའ་སྣང་ཏོག་ཙམ་སྐྱེས། དེ་ནི་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་རེ་སྒུག་ཙམ་དང་རེ་སྒུག་དེར་བརྟེན་ནས་ཁོ་མོས་ཁེར་རྐྱང་གི་འཚོ་བ་མཚན་མོར་ཕར་བསྐྱལ་ཞིང་ཉིན་དུ་ཚུར་ལ་བསུ་ཐབས་བྱས། ཡིན་ཡང་སྒྲོལ་དཀར་གྱི་ཁྱིམ་ཐབ་གཞན་ཞིག་ན་འཚོ་བ་གསར་བ་ཞིག་གཉོར་ཆོག ཁོ་མོས་འདས་བོ་ཁྱོ་བོའི་ཤུལ་མ་དོར་བར་རང་རྐྱ་འཕེར་བའི་འཚོ་བ་ཁེར་རྐྱང་དེ་བསྐྱངས་ཐབས་བྱས། རང་རེས་བལྟས་ན་དེ་ནི་འཚོ་བའི་སྙིང་སྟོབས་ཤིག་མིན་ནམ། གཉིས་ནི་ཨ་ནེ་མཚོ་སྐྱིད་མ་བུ་གཉིས་ཀྱིས་དོན་དུ་རྩྭ་ས་དང་ནོར་ལུག་གཡོ་ཐབས་ཀྱིས་ལེན་འདོད་ཡོད་བཞིན་དུ་ཁོ་མོས་གཏན་ཚིགས་ལྡན་པའི་ངང་རང་ཁྱིམ་རང་གིས་འཛིན་པའི་བློ་སྤོབས་སྟོན་པས་ཁོ་གཉིས་ཀྱང་གྲགས་མེད་དུ་གྱུར་ཏེ་རང་ཁྱིམ་དུ་ལོག དེ་བཞིན་དུ་རབ་བརྟན་གྱིས་སྒྲོལ་དཀར་ཡུགས་མོ་ཞིག་ཡིན་པ་ཤུགས་སུ་བསྟན་ནས་རང་ཉིད་སྐྱེས་པ་ནུས་ལྡན་ཞིག་ཏུ་ངེས་ནའང་ཁོ་མོས་བློ་སེམས་ཀུན་ཏུ་མ་འགྱུར་བར་རབ་བརྟན་ལ་“ཁྱོད་དེ་འདྲའི་ངར་བ་ཞིག་ཡིན་ནམ”ཞེས་པའི་དྲི་བས་ཡོད་ཚད་བཟློགས་སོ།། དེ་བས་འདི་ནི་བོད་རིགས་སྐྱེས་མ་གཏན་ཚིགས་དང་ཤེས་རབ་ཅན་ཞིག་མིན་ནམ།
  བདག་གིས་སྒྲུང་ཐུང་《སྒྲོལ་དཀར》བཀླགས་ཚར་རྗེས་རྒྱང་རིང་བའི་འབྲོག་པའི་རྩྭ་ཐང་གི་བོད་རིགས་བུད་མེད་དཀྱུས་མ་ཞིག་གི་ང་རྒྱལ་དང་སྙིང་སྟོབས་རིག ཁོ་མོའི་སྙིང་སྟོབས་དང་བློ་སྤོབས་ནི་ང་ཚོ་ཕྱི་རབས་བོད་མོ་ཀུན་གྱིས་མིག་དཔེ་ཡིན་ལ་གསལ་འདེབས་ཤིག་ཀྱང་ཡིན་པ་ཤེས་སོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་ཐུང《སྒྲོལ་དཀར》གྱི་བཀླགས་ཟིན།

2015-01-06 ཁྲི་ཤོར་སྲས་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།