ཚིག་སྒྲིག་གི་གོ་རིམ་ཡག་པོ་ཞིག་ཆགས་པས་ཁྱོད་རང་སྙན་ངག་པར་མི་བརྩི།

  སྔོན་ཆད་ང་ཚོས་སྙན་ངག་གི་མཚན་ཉིད་ལྟར། ཚིག་སྙན་མོ་ཞིག་ལ་སྙན་ངག་ཟེར་བའི་བཤད་རྒྱུན་མ་དག་པ་ཞིག་གི་རྗེས་སུ་བརྒྱུགས་ཏེ། ཚིག་མཛེས་པ་ཅན་མང་བོ་ཞིག་ལ་སྙན་ངག་གི་གོ་ཐོབ་གསོལ་བར་མ་ཟད།ཚིག་རྒྱན་གྱི་གཞུང་ལུགས་ལ་ཡང་སྙན་ངག་ཟེར་སྲོལ་ཡོད་མོད། དེ་ནི་སྙན་ངག་འཆད་མཁན་གྱི་དགེ་རྒན་དང་མཁས་ཚུལ་འཛིན་པ་རེ་འགའི་སྒེར་གཤིས་ཀྱི་ནད་ཡམས་ཤིག་ཡིན་པ་སོ་སོའི་རྩོམ་འབྲི་གོ་རིམ་ཁྲོད་ནས་གསལ་ཡོང་བ་རེད། དེང་སྐབས་མང་མང་ཞིག་གིས་ལོ་རབས་བརྒྱ་བཅུ་བ་ནི་བོད་ཀྱི་སྙན་ངག་གསར་རྙིང་གི་དབྱེ་མཚམས་ཤིག་ཏུ་བཤད་དོན། འདི་ནས་དོན་འགྲུབ་རྒྱལ་གྱི་སྙན་ངག་གི་ལུས་གསར་བ་ཞིག་བརྩམས་པར་གོ་མོད། དེ་ཙམ་ཁོ་ན་ག་ལ་ཡིན། འདི་ནས་བཟུང་སྙན་ངག་ལ་སྙན་ཆ་ཡོད་པས་མི་ཆོག་པར། སྙན་ངག་གིས་རྩོམ་མཁན་གྱི་འཚོ་བ་དང་བདེ་སྡུག་སོགས་སྤྱི་ཚོགས་ལ་འགྲེལ་བརྗོད་བྱེད་ཐུབ་པའི་དོན་སྙིང་དམིགས་སུ་བཟུང་བ་རེད་བསམས། དེའི་ཕྱིར། ལོ་རབས་བརྒྱ་བཅུའི་རྗེས་ཀྱི་སྙན་ངག་པ་སྐོར་ཞིག་གིས་ཚུལ་འཆོས་ཀྱི་ཕྱི་གོས་རྒྱང་དུ་དོར་ཏེ། རང་གཤིས་ཀྱི་མཛེས་པ་བསྔོགས་འདོན་བྱས་བྱས་མཐར།ཤི་རྨས་འཐེབས་པའི་བོད་ཀྱི་སྙན་ངག་ལ་གསོན་ཤུགས་གསར་བ་ཞིག་རྒྱས་ཏེ། སླར་གསོན་བྱུང་བ་རེད། དེང་སང་ཡང་སྙན་ངག་གི་རིན་ཐང་རྩིས་མེད་དུ་བཞག་ནས། ཚགས་དེབ་དང་དྲྭ་ལམ་སོགས་སུ་བརྡ་སྤྲོད་དང་སྙན་ངག་གི་བློ་སྦྱོང་ཅུང་ཙམ་ཡང་མེད་པའི་མི་འབོར་མང་བོ་ཞིག་གིས། གང་བྱུང་དུ་སྙན་ངག་ཡིན་མིན་མང་བོ་ཞིག་སྤེལ་བ་ནི།ཕྱོགས་གཅིག་ནས་ན་གཞོན་ཚོས་རང་གི་རིག་གཞུང་ལ་བདག་པོ་རྒྱག་གིན་པའི་རྣམ་པ་ཞིག་ཏུ་མཐོང་ཡང་།ཕྱོགས་གཞན་ཞིག་ནས་བོད་ཀྱི་སྙན་ངག་གི་མཁའ་དབུགས་ལ་ཚིག་ཉོག་གི་རྫོབ་སྤུངས་ཏེ་སྙན་ངག་གི་རླུང་རྟ་རྒུད་རྟགས་ཤིག་གི་རྣམ་པ་ཤར་བྱུང་མོད། འོན་ཀྱང་། ད་དུང་དགེ་རྒན་ཆེན་མོ་བ་དང་རྩོམ་པ་བོ་འགའ་རེས་རྩོམ་རིག་གི་འཁྲིད་སྟེགས་སུ་འགྲེང་ནས་ཚིག་ཉོག་རེ་བཤད་དེ་འདུག་པ་ལས།སྙན་ངག་པར་དགོས་ངེས་ཀྱི་མཛེས་རྟོག་གི་སེམས་ཁམས་དང་མི་གཞི་ཀུན་སྤྱོད་ཀྱི་ཐད་དུ་སྨྲ་བ་ལྐུགས་ཏེ།ཉིན་ཉིན་སྙན་ངག་ལ་སྙན་ཆ་དགོས་ཚུལ་དང་རྩོམ་ལུས་བཅད་མ་ཡིན་ན་འགྲིག་ཚུལ།ད་དུང་རྒྱན་གྱིས་མ་སྤྲས་ན་སྙན་ངག་ལ་མི་འགྲོ་ཚུལ་ལབ་པ་ནི། བོད་ཀྱི་དགེ་རྒན་ཆེན་མོ་བ་དག་གི་སྔུན་ནས་སྙན་ངག་རྒུད་རྟགས་ཀྱི་རྣམ་པ་ཞིག་རེད་འདོད། སྔོན་མ་ང་རང་སློབ་གླིང་ན་ཡོད་དུས་དགེ་རྒན་དང་སློབ་མའི་ཁྲོད་དུ་རང་མོས་སྙན་ངག་ལ་སྙན་ངག་གི་གོ་ཐོབ་མི་སྟེར་བར། མི་འདོད་པའི་རྣམ་འགྱུར་འཛིན་མཁན་མང་ལ། ཁོ་ཚོས་བཅད་རྩོམ་འབྲི་ཤེས་ན་རང་མོས་ཞོར་དུ་ཤེས་འགྲོ་ཟེར་བ་སོགས། བོད་ཀྱི་རྩོམ་ཁོངས་སུ་རང་མོས་སྙན་ངག་ཕུད་འདོད་འཆིང་བ་ཡང་སྙན་ངག་རྒུད་རྟགས་ཤིག་ལས་མ་འདས་པར་བསམས། དེ་མིན་དྲ་བའི་སྒང་ན་རང་གིས་བྲིས་པའི་སྙན་ངག་ལ་རང་གིས་འགྲེལ་བཤད་རྒྱག་ཐབས་མ་རྙེད་པར་ལུས་འདུག་མཁན་ཚོས།གཞན་གྱི་སྙན་ངག་ལ་དཔྱད་འདེམས་བྱས་ཏེ་མ་ཡིན་ཡིན་ཁུལ་བྱེད་པ་སོགས་ནི།བོད་ཀྱི་སྙན་ངག་གི་རྒུད་རྟགས་ཤིག་ཏུ་བསམ་ཡོད།སྤྱིར་བོད་ལ་སྙན་ངག་འབྲི་མཁན་ལས་སྙན་ངག་ཤེས་མཁན་ཉུང་བ་ནི།བོད་ཀྱི་མཁས་པ་དང་རྩོམ་པ་བོ་ཚོའི་དཔྱད་བརྗོད་ཀྱི་རིན་ཐང་ལས་ཤེས་ཡོང་།རང་ཉིད་སྙན་ངག་ལ་དད་པ་ཡོད་མཁན་ཞིག་ཡིན་ཁུལ་གྱིས་ད་བར་དུ་སྙན་ངག་དཔྱད་གཏམ་རེ་འགའ་ཀློག་པའི་ཁྲོད་དུ།སྐྱ་སེར་གཉིས་ལས་རང་གི་ཡིད་མགུ་བའི་དཔྱད་གཏམ་པ་གཉིས་འདེམས་པའི་དབང་དུ་བཏང་ན།སྐུ་ཞབས་རྒྱ་གྲོལ་དང་བདུད་ལྷ་རྒྱལ་གཉིས་གདམས་ངེས་ཡིན།རྒྱུ་མཚན་རང་ཉིད་སྒེར་གྱི་ཡིད་ངོར་ཁོང་གཉིས་ལས་མེད་སོང་ཞེས་བརྗོད་ཀྱང་ཆོགརང་གི་བསམ་ཚུལ་ལ་ད་ཕྱིན་སྙན་ངག་པ་རྒན་གྲས་ཚོས་སྙན་ངག་ལ་དཔྱད་གཏམ་ལེགས་པོ་རེ་འཁྱོངས་པར་རེ་ལ། གསར་སྐྱེས་སྙན་ངག་ལ་འཇུག་མཁན་ཚོས་བརྡ་སྤྲོད་དང་སྙན་ངག་ལ་བློ་སྦྱོང་མེད་པར། སྙན་ཚིག་རེ་དྲྭ་སྟེང་དུ་སྤེལ་ནས་ཉི་མ་འཁྱོལ་ཐབས་མི་བྱེད་པར་སྙན་ངག་སྐོར་གྱི་རྒྱུན་འདྲིས་ཤེས་བྱ་ལ་སློབ་སྦྱོང་བྱ་དགོས་པར་མ་ཚད། ཚུལ་མཐུན་གྱི་རྩོམ་པ་བོ་ཞིག་གི་སྤྱོད་ལམ་ལ་སློབ་སྦྱོང་བྱ་དགོས།གང་ཡིན་ཞེ་ན།སྙན་ངག་ནི་རྩོམ་མཁན་གྱི་མི་གཞི་ཀུན་སྤྱོད་དང་འབྲེལ་བ་དམ་པོར་ཡོད་པས།མི་གཞི་དང་ཀུན་སྤྱོད་དམན་པའི་རིགས་དེའི་ནམ་ཡང་སྙན་ངག་ལེགས་པོ་ཞིག་འཁྱོངས་པའི་རེ་བ་མེད་པས་སོ།།དགེ་བཤེས་དང་མཁས་པ་དེ་བཞིན་ཤེས་རབ་ཅན་གང་ཡིན་ཡང་།རང་གཤིས་དང་མི་གཞི་གང་ཡང་མེད་པའི་མི་ཞིག་ཏུ་ཆགས་ཚར་བ་ནས་བཟུང་། ཁོའི་སྙན་ངག་ནི་དེ་བཞིན་ལྗང་མདངས་བྲལ་བའི་ཚིག་ཚོགས་ཀྱི་རི་རབ་ཅིག་དང་འདྲ་བར།སྐོམ་གདུང་གིས་མནར་བའི་ཀློག་མཁན་ཁྲི་སྟོང་གིས་བལྟས་ཀྱང་།ཉམས་སྣང་ཅི་ཡང་མངོན་དུ་མེད་པར་སྐྱ་ཐི་ལེར་འགྲེང་འདུག་པ་དེ་རེད། ད་རུང་སྙན་ངག་འབྲི་ཚེ་དུས་རབས་དང་མཐུན་པར་འགྱུར་ཤེས་དགོས་ལ། འགྱུར་མ་ཤེས་པར་སྲོལ་རྒྱུན་གྱི་ལྟ་བ་ཡོད་ཚད་སྙིང་བོ་རུ་བསྒོམས་ན།ངས་གོང་ནས་བཤད་པ་བཞིན་སྙན་ངག་ནི་དབྱངས་འགྲོས་ཡོད་པའི་ཚིག་སྟོང་ཞིག་ཏུ་མི་འགྱུར་བའི་གདེང་ཐོབ་སུ་ལ་ཡོད།སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་སྟངས་མི་འདྲ་བ་ལྟར་འགྱུར་ཤེས་དགོས།སྲོལ་རྒྱུན་གྱི་ཁྲོད་དུ་ང་ཚོར་རྒྱན་གྱི་རྣམ་བཞག་མང་བ་དེ་དགདེང་རབས་ཀྱི་ཁྲོད་དུ་ཡིད་བརྙན་དང་མཚོན་ཐབས་ཅན་དུ་འགྱུར་ཤེས་དགོས། ངས་འགྱུར་ཟེར་བ་ནི་མི་རིགས་ཀྱི་མཛེས་རྟོག་རྩ་དོན་དུ་བཟུང་ནས་འགྱུར་ཟེར་བ་ཡིན། སྔོན་ཆད་ང་ཚོའི་རྩོམ་རིག་དང་སྙན་ངག་གི་ཁོངས་སུ་རྒྱ་གར་སོགས་གཞན་སྐད་ཀྱི་སླད་འདྲེས་ཡོད་ཀྱང་། དེར་སྣང་དོགས་མེད་པར།ཅུང་ཙམ་བོད་རང་གི་དམངས་སྐད་ཀྱི་ལམ་དུ་ཕྱིན་པའི་ཐ་སྙད་རེ་ཡོད་ན་དེར་ཟུར་ཟ་དང་དམོད་ཚིག་བསྒྲགས་པ་ནི། མི་རིགས་ཀྱི་མཛེས་རྟོག་གི་ལྟ་བ་མ་མཁྱེན་པ་རེད་འདོད། ཀྱེ་ཀྱེ་དགེ་རྒན་ལགས། ང་ཚོས་ཚོད་མེད་དུ་འཆད་གཏམ་སྤེལ་ནས་མི་རིགས་ཀྱི་སྙན་ངག་གི་ལྟ་བ་རྒུད་དུ་འཇུག་མི་རུང་། ཀྱེ་ཀྱེ་རྩོམ་པ་བོ་ལགས། ང་ཚོས་གང་བྱུང་དུ་སྙན་ངག་བྲིས་ནས་མི་རིགས་ཀྱི་མཛེས་རྟོག་ཉམས་སུ་འཇུག་མི་རུང་། ཀྱེ་ཀྱེ་ན་གཞོན་ལགས། ང་ཚོས་ཚིག་ཉོག་གི་ཡི་གེ་མང་ཙམ་སྤེལ་ཏེ་མི་རིགས་ཀྱི་སྙན་ངག་རྒུད་དུ་འཇུག་མི་རུང་།རྒྱ་ནག་གི་རྩོམ་པ་བོ་ཡུས་ཅེ་ཡིས་༼ང་རང་ཆེས་སྐྲག་ས་ནི་ཡི་གེ་གད་སྙིགས་རེད༽ཟེར་བ་བཞིན།ང་ཚོའི་བོད་ཀྱི་སྤྱི་ཚོགས་འདིའང་ཡི་གེ་གད་སྙིགས་སྤུང་མཁན་ཞིག་ཏུ་འགྱུར་བཞིན་འདུག་པས།རང་ངོ་རང་མཐོང་གྱིས་མི་སྒེར་རེ་རེའི་རང་སྟེང་ནས་སྙན་ངག་སྤུས་དག་ཅིག་གི་མཁའ་དབུགས་ཆགས་རྒྱུར་འབད་པ་བྱ་རན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་སྒྲིག་གི་གོ་རིམ་ཡག་པོ་ཞིག་ཆགས་པས་ཁྱོད་རང་སྙན་ངག་པར་མི་བརྩི།

2015-10-19 མེ་རོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།