བོད་ཀྱི་གློག་བརྙན་《རླུང》 ཟུར་ཙམ་གླེང་བ།

པཎ་ཙ་ཚུལ་བསྟན།(ཟུང་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-12-29

ཐོག་མའི་གླེང་སློང་བ།

  དེ་ཡང་སྤྱིར《རླུང》ཞེས་པའི་གློག་བརྙན་འདི་བོད་རིགས་བུད་མེད་སྐོར་བརྗོད་གཞིར་བྱས་པའམ། ཡང་ན་བོད་རིགས་ཀྱི་བུད་མེད་ལས་དབང་དང་འབྲེལ་བའི་གློག་བརྙན་གསར་བ་ཞིག་རེད་ལ། སྤྱི་བཏང་གློག་བརྙན《རླུང》ཞེས་པ་འདི་ནི་རྩོམ་པ་པོ་ཨ་ལེགས་ལགས་ཀྱི་སྒྲུང་ཐུང《ཁྱི་ཕྲུག་དགེ་ལྷ》ཞེས་པ་དེ་གཞིར་བྱས་པའི་གློག་བརྙན་ཞིག་རེད་ལ།

  གློག་བརྙན་འདི་ཕབ་ལེན་བྱེད་ས་ནི་བདག་གི་ཕ་ཡུལ་ཕྱོགས་ཏེ་ཨ་མདོ་ཤར་ཁོག་ཟིང་ཆུའམ་ཟུང་ཆུ་རྫོང་ཁོངས་ནས་འཁྲབ་པ་ཞིག་ཡིན་ལ། དེ་མ་ཟད་གློག་བརྙན་འདིའི་འཁྲབ་ཁྲིད་པ་བསྟན་འཛིན་དབང་རྒྱལ་ཡང་ཟུང་ཆུ་རྫོང་མཁར་ཡག་ཁོག་ནས་ཡིན་པས། བདག་དང་བདག་ལྟ་བུ་ཕ་ཡུལ་གཅིག་པ་རྣམས་ནས་གློག་བརྙན་དེ་ལྟ་འདོད་ཆེན་པོ་ཡོད་པ་ནི་སྨྲོས་ཅི་དགོས། ཁྱད་པར་དུ་ཉེ་ཆར་ཀྲུང་དབྱང་བརྙན་འཕྲིན་CCTVའཕྲིན་ལམ་གསུམ་པའི《རིག་གནས་སྐར་མ་བཅུ》ཞེས་པའི་རིག་རྩལ་ལེ་ཚན་ནང་གློག་བརྙན་འདིའི་གསར་རྩོམ་དང་འཁྲབ་ཚུལ། པར་ལེན་བཅས་ཀྱི་རྒྱབ་ལྗོངས་ཐད་ལ་འཁྲབ་ཁྲིད་པ་བསྟན་འཛིན་དབང་རྒྱལ་ལ་བཅར་འདྲི་ཞུས་པ་དེས་ཀྱང་། རྒྱ་ཆེ་བའི་གཟིགས་པ་པོ་རྣམས་ལ་གློག་བརྙན་དེ་ལྟ་འདོད་ཀྱི་འདོད་སེམས་དམིགས་བསལ་སྤྲད་ཀི་ཡོད། གང་ལྟར་གློག་བརྙན་འདི་ནི་བོད་རིགས་ཀྱིས་འཁྲབ་ཁྲིད་མཛད་ཅིང་། བོད་རིགས་ཀྱིས་འཁྲབ་སྟོན་པ་མཛད་པ། བོད་རིགས་ཀྱིས་སྒྲིག་སྦྱོར་བྱས་པའི་གློག་བརྙན་ཞིག་རེད་འདུག དེ་ཕྱིར་ང་ཚོ་བོད་པ་རྣམས་ཀྱིས་གློག་བརྙན་འདི་དང་འདི་ལྟ་བུའི་རིགས་ལ་གློག་བརྙན་ཁང་ཁག་ནས་གཟིགས་ཏེ་གདེང་འཇོག་གང་ལེགས་གནང་རྒྱུ་དེ་མ་འོངས་པའི་ང་ཚོ་བོད་ཀྱི་གློག་བརྙན་འཕེལ་རྒྱས་ཐད་ལ་འབྲེལ་བ་གལ་ཆེན་ཞིག་ཏུ་ཆགས་ཡོད། ཁྱད་པར་དུ་བོད་རིགས་ན་གཞོན་པ་ཞིག་གིས་འཁྲབ་ཁྲིད་མཛད་པའི་གློག་བརྙན་ཐོག་མའི་གྲས་ཀྱང་ཡིན་སྟབས་རྒྱབ་སྐྱོར་གྱི་ཚུལ་དུའང་གློག་བརྙན་དེ་གཟིགས་རྒྱུ་གལ་ཆེའོ་སྙམ།

  གློག་བརྙན་དངོས་དང་འབྲེལ་བའི་སྐོར་གླེང་བ།

  གོང་དུ་ཞུས་པ་ལྟར་གློག་བརྙན་འདི་ནི་བོད་རིགས་བུད་མེད་དང་འབྲེལ་བ་ལྡན་པ། བརྗོད་བྱའི་བསྟན་དོན་ནམ་རྒྱབ་ལྗོངས་ཀྱི་རྣམ་པ་ལ་བུད་མེད་ཀྱི་མི་ཚེའི་རྒྱུད་རིམ་མམ་སྐྱོ་སྣང་གི་རྣམ་པ་ཞིག་ཀྱང་མཚོན་འདུག སྤྱིར་བོད་ལ་བུད་མེད་མཐོང་ཆུང་ངམ། ཡང་ན་ཕོ་མཆོག་མོ་དམན་གྱི་དམིགས་བསལ་ལྟ་བ་རང་ཚུགས་ཐུབ་པོ་ཞིག་གམ་ཡང་ན་བུད་མེད་བཙོག་པར་ལྟ་བའི་སྤྱི་ཁྱབ་ཀྱི་རྣམ་པ་ཞིག་མེད་ཀྱང་། དམིགས་བསལ་སྐབས་སུའམ་ཡང་ན་བོད་ཀྱི་ཡུལ་ལུང་ག་གེ་མོ་ལ་དེ་འདྲའི་རྣམ་པ་ཞིག་མེད་པའང་མ་ཡིན། དེ་ནི་འཛམ་གླིང་མི་རིགས་སྤྱི་ཁྱབ་ཀྱི་རྣམ་པ་ཞིག་ཀྱང་ཆགས་ཡོད། གཞན་བོད་ཀྱི་གོམས་སྲོལ་ལ་མགོན་ཁང་ངམ་སྒྲུབ་ཁང་ཁག་གཅིག་སོགས་ལ་བུད་མེད་འགྲོ་མི་ཆོག་པའི་རྣམ་པ་ཡང་བོད་སྤྱི་ཡོངས་ལ་ཁྱབ་པའི་རང་གཤིས་ཤིག་ཀྱང་ཡོད་རེད།

  གློག་བརྙན《རླུང》འདིའི་རྒྱབ་ལྗོངས་ཀྱི་བསྟན་དོན་གཙོ་བོ་ནི་བོད་ཡུལ་གྱི་གྲོང་ཚོ་ཞིག་ཏུ་གྲོང་མི་ཁག་གཅིག་གིས་ཁེ་རྐྱང་དུ་ལུས་པའི་བུད་མེད་ཨ་མ་བསམ་གཏན་མཚོདང་བུ་མོ་དགེ་ལྷ་གཉིས་ལ་རུས་རྒྱུད་མི་གཙང་བ་ཞིག་འཛིན་པ་དང་། དེ་ལས་ཀྱང་ཁོང་གཉིས་འདྲེ་རྒྱུད་ཀྱི་རྣམ་པ་ཞིག་ཀྱང་འཛིན་ཡོད། དེ་བཞིན་བུད་མེད་རི་ལ་བསང་གསོལ་མཆོད་དུ་འགྲོ་མི་ཆོག་པའམ་སོང་ན་དེ་ལྟས་ངན་གྱི་རྣམ་པ་ལ་ངོས་འཛིན་ཡོད་ཚུལ་བསྟན་འདུག སྤྱིར་བོད་མདོ་དབུས་ཁམས་གསུམ་སྤྱི་ཁྱབ་ལ་བུད་མེད་བསང་གསོལ་མཆོད་དུ་འགྲོ་མི་ཆོག་པའི་རྣམ་པ་ཡོད་ས་མ་རེད་སྙམ། འོན་ཀྱང་གོང་ཞུས་ལྟར་ཡུལ་ལུང་མི་འདྲ་བ་ཁག་གཅིག་ལ་དེ་འདྲའི་འགྲོ་སྲོལ་མེད་པ་མ་ཟད། སོང་ན་རྣམ་རྟོག་གམ་ཐན་ལ་བརྩི་ཀི་ཡོད་པ་ནི་སྨྲོས་མ་དགོས་པ་རེད། དེ་ཕྱིར་གློག་བརྙན་འདིའི་མཐར་ཐུག་བུ་མོ་ཆུང་ཆུང་དགེ་ལྷ་རང་ཚུགས་ཐུབ་པའི་སྒོ་ནས་ཡུལ་གྱི་རི་མགོའི་བསང་གསོལ་གནས་སུ་སོང་སྟེ། ཡུལ་ལྷ་གཞི་བདག་སོགས་ལ་བསང་གསོལ་བཀྲ་ཤིས་ལྷ་རྒྱལ་དང་བཅས་ཏེ་གློག་བརྙན་འདི་གཟི་ཉམས་དང་བཅས་ཏེ་མཇུག་སྒྲིལ་འདུག དེའི་གནས་ཚུལ་རྐྱེན་གྱིས་མ་འོངས་པར་བོད་ཀྱི་བུད་མེད་ཐོབ་ཐང་ལ་འགྱུར་བ་ཅུང་རེ་འགྲོ་སྲིད་སྙམ།

  དེ་བཞིན་དུ་གློག་བརྙན་འདིའི་རྒྱབ་ལྗོངས་ཁེ་རྐྱང་དུ་ལུས་པའི་བུད་མེད་བསམ་གཏན་མཚོ་དེ་འཁྱལ་མོའི་རྣམ་པ་རང་ཤུགས་ཀྱིས་བསྟན་འདུག་པ་མ་ཟད། མ་མོ་གཉིས་ཀྱི་འཚོ་བའང་དེ་ལ་བསྟེན་པའི་རྣམ་པ་ངང་གིས་བསྟན་ལ། སྤྱིར་མི་རིགས་གང་དང་གང་ཡིན་ནའང་དེ་འདྲའི་གནས་ཚུལ་ཁག་ཁ་ཤས་མེད་མི་སྲིད་པ་མ་རེད་མོད། གློག་བརྙན་འདིའི་ནང་ལ་བལྟས་ན་བོད་མི་རིགས་ལ་དེ་འདྲའི་གནས་ཚུལ་ལྷག་པ་ཡོད་ཚུལ་བསྟན་གི་འདུག དེ་མ་ཟད་མགོན་པོ་དང་ནོར་རྒྱན་མཚོ་གཉིས་རང་དབང་རང་འཐད་སྒོ་ནས་བཟའ་ཚང་སྒྲིག་པ་མ་ཡིན་པར་ཕ་མའི་བཙན་སྟོབས་ཀྱིས་སྒྲིག་པའི་རྣམ་པ་སོགས་ཀྱང་བསྟན་ཅིང་།

  གློག་བརྙན་ནང་གི་མི་སྣ་དག་གི་རང་གཤིས་ལ་མཚོན་ན། བུ་མོ་ཆུང་ཆུང་དགེ་ལྷ་ནི་རང་ཚུགས་རང་སྒམ་ཅན་གྱི་རྣམ་པ་ཞིག་མཚོན་ཡོད་པ་མ་ཟད། སྙིང་སྟོབས་དང་བསམ་ཤེས་ཅན་གྱི་བུ་མོའི་རྣམ་པའང་བསྟན་འདུག བུ་ཆུང་རྡོ་རྗེ་ཚེ་རིང་ནི་དྭངས་གཙང་བསམ་ཤེས་ཅན་གྱི་བུ་ཆུང་། ཕ་མ་དང་བརྩེ་རོགས་བཅས་ལ་བརྩེ་དུངས་ཟབ་པའི་བུ་ཆུང་གི་རྣམ་པའང་བསྟན་འདུག མགོན་པོ་ནི་བཟང་ངན་འདྲེས་མའི་རྣམ་པ་དང་། ཁོག་ཏུ་རང་གཤིས་ཡག་པའི་མི་སྣ་ཞིག་ཡིན་པ་བསྟན་ལ། བསམ་གཏན་མཚོ་ནི་ཉམས་ཆུང་གཤིས་འཇམ་གྱི་རྣམ་པ་དང་། ནོར་རྒྱུན་མཚོ་ནི་ཁྱིམ་ཚང་ལ་དགའ་ཞེན་ཆེ་བའི་བུད་མེད་ཀྱི་རྣམ་པ་དང་། མི་ཁ་ལ་སྐྲག་པའི་མི་སྣ་ཞིག་གི་རྣམ་པའང་བསྟན་འདུག ཚོང་བ་བློ་བཟང་ནི་ཅུང་གཡོ་སྒྱུ་ཅན་གྱི་མི་སྣ་ཞིག་དང་། དགོད་སློང་བའི་རྣམ་པ་ཞིག་ཀྱང་བསྟན་འདུག མགོན་པོའི་མ་རྒན་ནི་ལབ་ལ་དགའ་མཁན་ཞིག་མིན་ཀྱང་། ཁོག་ནས་གནས་ལུགས་ཧ་གོ་མཁན་གྱི་མ་རྒན་ཞིག་ཏུ་བསྟན་འདུག གཞན་ཡང་གྲོང་ཚོ་ནང་གི་ཆུ་ཁུར་བུད་མེད་ཁག་གཅིག་ནི་གནས་ལུགས་མེད་པའི་བཤད་སྒྲོས་ལ་དགའ་མཁན་དང་། ཚོང་བ་བློ་བཟང་གི་ཆང་རོགས་རྣམས་ནི་དུས་ཚོད་མ་སོང་བའི་མི་སྣའམ་བཤད་ཡམ་ལ་དགའ་བའི་མི་སྣའི་རང་བཞིན་བསྟན་འདུག ཁྱད་པར་དུ་མགོན་པོ་དང་ནོར་རྒྱན་མཚོ་གཉིས་ལ་མི་ཚེ་ནང་ལ་འཕྲད་པའི་དཀའ་སྡུག་ཆེ་ཤོས་སམ་སེམས་སྡུག་ཆེ་ཤོས་ལས་དབང་དེ་ཁོང་གཉིས་ཀྱི་བུ་དེ་རྐྱེན་དབང་གིས་འདས་པ་དང་མ་རྒན་ཀྱང་གློ་བུར་གྲོངས་པའི་རྣམ་པ་དེ་དག་ལ་བསམ་གཞིགས་རེ་བྱས་ཚེ་མི་ཚེའི་རིན་ཐང་སྐོར་ཡང་ཟུར་བསྟན་རེ་གནང་འདུག་སྙམ། མི་ཞིག་ལ་མཚོན་ན་འཕྲད་མི་འདོད་པའི་ལས་དབང་ལའང་བསམ་གཞིགས་བྱེད་དགོས་པའང་བསྟན་འདུག་སྙམ།

  གཞན་ཡང་གློག་བརྙན་འདི་ཡི་འཁྲབ་སྟོན་པ་གཙོ་བོ་རྣམས་ནི་མཚོ་སྔོན་དང་ཀན་སུའུ་ཕྱོགས་ནས་ཡིན་སྟབས་སྐད་རིགས་ཐད་ཨམ་སྐད་གཙོ་ཆེར་རེད་འདུག འོན་ཀྱང་གློག་བརྙན་ནང་གི་ཟུར་འཁྲབ་པ་རྣམས་ནི་ཤར་ཁོག་ཟུང་ཆུ་ནས་ཡིན་སྟབས་སྐད་ཀྱང་ཤར་ཁོག་ཡུལ་སྐད་གང་མང་ཞིག་ཐོན་འདུག་པས། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྣམ་པ་ཞིག་ཀྱང་མཐོང་སོང་། ཡུལ་ལུང་གང་དུ་འཁྲབ་ན་ཡུལ་ལུང་དེའི་ཡུལ་སྐད་རེ་བེད་སྤྱོད་གཏོང་བ་ནི་ཡུལ་ལུང་དེ་ལ་མཐོང་ཆེན་གྱི་རྣམ་པ་ཞིག་ཀྱང་མཚོན་འདུག་སྙམ། དེར་མ་ཟད་ཡུལ་ལུང་དེའི་སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་ཆོ་ག་སོགས་ཀྱང་བར་གསེས་སུ་སྤྱོད་པ་དང་། ཁྱད་པར་དུ་ཡུལ་ལུང་དེའི་ཁྱད་ཆོས་ལྡན་པའི་མཛེས་ཁུལ་སོགས་ཁྱབ་བསྒྲགས་བྱེད་པ་ནི་དེ་ལས་ཀྱང་གལ་ཆེན་དུ་རེད་སྙམ་ལ། ད་ཐེངས་ཀྱི་གློག་བརྙན་འདིའི་ནང་ལ་ཁྱད་ཆོས་དེ་དག་ལྡན་པ་ནི་དམིགས་བསལ་ཁྱད་ཆོས་ཤིག་ལ་ངོས་འཛིན་ནའང་མི་འགྲིག་པའང་མེད།

  གང་ལྟར་གློག་བརྙན་གང་འདྲ་ཞིག་ཡིན་ནའང་དེ་ལ་རྒྱབ་ལྗོངས་ཀྱི་རྣམ་པ་མི་འདྲ་བ་རེ་ཡོད་པ་ནི་སྨྲོས་མ་དགོས་པ་རེད། ཁྱད་པར་དུ་འཁྲབ་གཞུང་ནང་གི་མི་སྣ་གལ་ཆེན་རྣམས་ཀྱི་སོ་སོར་ཐུན་མིན་གྱི་རང་གཤིས་རེ་ཡོད་པ་དང་། རང་གཤིས་དེ་ལ་བསྟེན་ནས་གློག་བརྙན་གྱི་གཟི་མདངས་རྣམ་པ་བཀྲ་ཞིང་། རྒྱ་ཆེ་བའི་གཟིགས་པ་པོ་རྣམས་ལ་ཤན་ཤུགས་མི་འདྲ་བ་རེ་རང་བཞིན་གྱིས་སྤྲད་སྲིད་་པའོ། །

  མཐར་བོད་ཀྱི་གློག་བརྙན་འདི་དང་འདི་ལྟ་བུ་ལ་བརྟེན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གཟིགས་པ་པོ་རྣམས་ནས་བོད་ཀྱི་གློག་བརྙན་ལ་དགའ་ཞེན་དང་བོད་ཀྱི་གཏམ་རྒྱུད་དང་ལོ་རྒྱུས། སྲོལ་རརྒྱུན་གོམས་གཤིས་བཅས་ལ་དོ་སྣང་སོགས་མི་དམན་པ་རེ་བསྐྲུན་ཐུབ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་ཞིག་སྐྱེས་བྱུང་། ཁྱད་པར་དུ་ཕ་ཡུལ་གཅིག་པའི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་མ་འོངས་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གློག་བརྙན་གང་མང་ཞིག་འཁྲབ་ཁྲིད་གནང་བའི་རེ་སྨོན་ཡང་ཞུས་པ་ལེགས་སོ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་གློག་བརྙན་《རླུང》 ཟུར་ཙམ་གླེང་བ།

2020-12-29 པཎ་ཙ་ཚུལ་བསྟན།(ཟུང་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།