སྒྲུང་རིང་ནི་སྒྱུ་རྩལ་རྩོམ་རིག་གི་ཚད་ཤིང་ཡིན།

ཨ་ཉི་ལྷ་དགའ།(བསང་ཆུ) 琼迈文学网 2025-03-15

  སྒྱུ་རྩལ་རྩོམ་རིག་ནི་མི་མང་གི་བསམ་པའི་རྒྱགས་ཕྱེ་དང་སེམས་པའི་སྨན་མཆོག་ལྟ་བུ་ཡིན་ལ། སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་མི་མང་གི་རྣམ་དཔྱོད་དང་བསམ་པའི་དཔལ་ཡོན་ཡར་རྒྱས་སུ་འགྲོ་བར་སྒྱུ་རྩལ་རྩོམ་རིག་གི་འཁར་བ་ལ་ངེས་པར་བརྟེན་དགོས་ཤིང་། སྒྱུ་རྩལ་རྩོམ་རིག་གི་འཕེལ་འགྲིབ་དེའང་སྒྲུང་གཏམ་གྱི་ཚད་གྲངས་དང་སྤུས་ཚད་ལ་བལྟ་དགོས་པའི་ཆོས་ཉིད་ཅིག་ཏུ་གྲུབ། འོན་ཀྱང་། ཁ་མིག་ནང་ལ་སྐོར་ཏེ་ཞིབ་ལྟ་རེ་བགྱིས་ཚེ། རྩོམ་རིག་གསར་བའི་རླབས་རྒྱུན་དང་འགྲོགས་ཤིང་ཡོང་བའི་སྒྲུང་རིང་གི་ཚད་གྲངས་ནི་མཛུབ་མོ་ནང་བཀུག་དང་རུས་སྦལ་ནུར་འགྲོས་ཀྱི་ཚུལ་དུ་འགྲོས་བུལ་བས། སྒྲུང་གཏམ་གྱི་སྡིངས་ཆར་ཐུགས་བརྩོན་ལྷོད་མེད་གནང་བའི་གསར་སྐྱེས་སྒྲུང་གཏམ་པ་རེ་གཉིས་ཤིག་གི་སྟོབས་ཤུགས་འབུལ་བ་ཙམ་གྱིས་སྤྱི་ཚོགས་ལ་ནུས་པ་ཆེར་ཐོན་མེད་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་སྲིད།

  དུས་སྐབས་གསར་བའི་སྒྲུང་རིང་གི་འཕེལ་ཁ་ཆེར་དར་མ་ཐུབ་མོད། རྩོམ་སྟངས་དང་བརྗོད་སྙིང་གང་ནས་བལྟས་ཀྱང་བཀྲག་མདངས་འཚེར་ཞིང་རིན་ཐང་ལྡན་པ་ཞིག་ཡིན་ཏེ། སྒྱུ་རྩལ་ལ་ངེས་སྲོལ་ཙམ་ཡང་ཆགས་མེད་པའི་སྙན་ཚིག་རྩོམ་མཁན་དང་རིག་གནས་ལ་གཞི་བཅོལ་ཏེ་རང་དོན་ཁོ་ན་གཉེར་བའི་ཅོལ་ཆུང་ཚོ་ནང་བཞིན་མཇུག་འབྲས་ལ་འགན་མི་འཁུར་བའི་རྣམ་པ་ནི་རྦད་དེ་བྲལ་བ་མ་ཟད། ནག་པོ་སྐལ་བཟང་ལགས་ཀྱིས་བརྩམས་པའི་དེང་རབས་མཚོན་ཆས་དྲག་འཐབ་བྱེད་པའི་སྒྲུང་རིང《དམྱལ་ཟངས་ནང་ན་ཀུ་རེ་མེད》ཅེས་པ་དང་བོད་ཀྱི་དེང་རབས་བུད་མེད་ཀྱིས་བྲིས་པའི་སྒྲུང་རིང་ཐོག་མ《ཕྱུར་བ》ལྷ་བྱམས་རྒྱལ་གྱི་སྒྲུང་རིང 《བོད་ཀྱི་གཅེས་ཕྲུག》དང་ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང《མེ་ཏོག་དང་རྨི་ལམ》བསོད་ནམས་དར་རྒྱས་ཀྱི་ཁྲིམས་འཛིན་གྱོད་དོན་མྱུལ་ཞིབ་སྐོར་གྱི་སྒྲུང་རིང《མདུད་པ 》སོགས་ཀྱི་ངོས་ཐད་ནས་བལྟས་ནའང་། སྟོང་བསམ་རིང་ལུགས་ཀྱི་དབང་དུ་མ་ཚུད་པར་འཆར་ཡན་དང་དངོས་ཡོད་རིང་ལུགས་ཀྱི་ཕྱོགས་ཀུན་ནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ལ། རང་བྱུང་དང་ལྷ་སྒྲུང་གི་བརྗོད་བྱ་ཆིག་རྐྱང་བ་ལས་བྲལ་ཏེ་མིའི་ལས་དབང་དང་འཚོ་གནས་ཀྱི་དགའ་སྐྱོ་གཙོ་བོར་བཟུང་སྟེ་མི་གཤིས་འཚོལ་དཔྱོད་རིན་ཐང་ལ་བསམ་གཞིག་ཞིབ་ཚགས་དང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས་བརྗོད་སྙིང་ཡང་མུ་རུ་བསྲིངས་པའི་ཁྱད་ཆོས་མངོན་གསལ་མཆིས།

  དེ་བས། མིག་སྔར་རང་ཅག་གི་སྒྱུ་རྩལ་རྩོམ་རིག་འཕེལ་རྒྱས་སུ་འགྲོ་དགོས་ཚེ་སྒྲུང་གཏམ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། སྒྲུང་རིང་གི་ཚད་གྲངས་ཇེ་མང་དུ་འགྲོ་བར་ཐབས་ལམ་སྣ་ཚོགས་བརྒྱུད་དེ་སྐུལ་འདེད་གཏོང་དགོས། དེའི་དགོས་པ་ནི་ཐད་ཀར་སློབ་གསོར་འབྲེལ་ཞིང་སློབ་གསོའང་མཐར་གཏུག་ན་དཔལ་འབྱོར་རག་ལས་པའི་ཆོས་ཉིད་ཀྱི་སྟེང་ནས་སྒྲུང་རིང་ནི་སྒྱུ་རྩལ་རྩོམ་རིག་གི་གཞིར་འཛིན་ས་དང་ཚད་ཤིང་ལྟ་བུའི་ངེས་ཤེས་འདྲོངས་དགོས་སོ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲུང་རིང་ནི་སྒྱུ་རྩལ་རྩོམ་རིག་གི་ཚད་ཤིང་ཡིན།

2025-03-15 ཨ་ཉི་ལྷ་དགའ།(བསང་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།