ཁྱེད་ནི་ང་ལ་དབང་།

རྔ་བ་རྒྱལ་ཁམས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-03

མཐོ་སྒང་རི་ཀླུང་བཙན་གྱིས་གཤགས་ཏེ་བཅོས་མིན་དུངས་སེམས་བཙལ་ཏུ་ཡོང༌།།
ནུབ་རྒྱུད་རྒྱ་མཚོའི་གླིང་མ་ཞིག་ནས་བུ་མོ་ཁྱོད་དང་ཐོག་མར་མཇལ།།
བདག་གིས་མ་རྙེད་སེམས་པའི་རེ་སྨོན་བུ་མོ་ཁྱོད་ཀྱི་ལོ་རྒྱུས་ཏེ།།
མི་རྟག་སྒྱུ་མའི་གྲོང་ཁྱེར་འདི་ན་སྐྱོ་བའི་འཚེར་ཡ་ཁྱོད་ལས་སུ།།
གནག་སྣུམ་སྐྲ་ལོ་སླེས་མ་ཟུང་གཅིག་ཁྱོད་དང་ང་ཡི་རྟེན་འབྲེལ་མཚོན།།
དཀར་དམར་འདྲེས་མ་ཁྱོད་ཀྱི་གདོང་ལས་གངས་རིའི་བུ་མོའི་མཚར་སྡུག་མཐོང༌།།
དཀྱུས་རིང་སྤྱན་ཟུང་གཡོ་བའི་རྣམ་འགྱུར་གྲང་ངར་ཁྲོད་ཀྱི་སྐར་ཆེན་འདྲ།།
མི་ཆེ་མི་ཆུང་ཟུར་གསུམ་དྲི་འཛིན་བྲམ་ཟེ་བུ་མོའི་ཞལ་ལས་བརྐུས།།
དམར་མདངས་ཆགས་པའི་མཇམ་མཉེན་མཆུ་སྒྲོས་ཅུང་ཟད་ཕྱི་རུ་བསྒྱུར་བའི་དབུས།།
གྲ་མཉམ་སྐྱེས་ལེགས་ཐགས་བཟང་ཚེམས་དག་ཕ་ལམ་དཀར་བོ་བསྟར་བ་བཞིན།།
སྲབ་འཇམ་ཡངས་པ་ལྗགས་ཀྱི་མེ་ཏོག་སྦྲང་རྩི་མངར་མོའི་བྲོ་བ་དག།
མྱོང་བའི་སྐལ་བཟང་བདག་ལ་སྤྲོད་དང་འཇར་པན་བུ་མོ་ཡིད་འཕྲོག་མ།།
བསགས་པའི་ལས་འཕྲོ་སད་པ་ལོས་ཡིན་ང་གཉིས་དེ་རིང་འདི་ནས་འཕྲད།།
བརྩེ་སེམས་ཟབ་མོའི་བག་ཆགས་མེད་ང་གཉིས་ཕན་ཚུན་ཇི་ལྟར་མཐུན།།
འདི་ཕྱིའི་བདེ་ཆེན་གཏན་དུ་མྱོང་ཕྱིར་བུ་མོ་ཁྱོད་ནི་ང་ལ་དབང༌།།
སྣང་བར་མི་དགེའི་བར་ཆད་མེད་ན་བརྩེ་བའི་དངོས་གྲུབ་ང་ལ་གནོངས།།
              ཞེས་པ་འདི་བཞིན་རང་དང་ལྟ་སྤྱོད་མཐུན་པའི་སློབ་གྲོགས་འཇར་པན་མོ་སྙིང་རྗེ་བོ་ཞིག་ལ་དུངས་སེམས་སློང་རྟེན་དུ་ཕུལ་བ་ཞིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ནི་ང་ལ་དབང་།

2008-12-03 རྔ་བ་རྒྱལ་ཁམས་པ། ཀློག་གྲངས། མཆན ཡོད།

མཐོ་སྒང་རི་ཀླུང་བཙན་གྱིས་གཤགས་ཏེ་བཅོས་མིན་དུངས་སེམས་བཙལ་ཏུ་ཡོང༌།།
ནུབ་རྒྱུད་རྒྱ་མཚོའི་གླིང་མ་ཞིག་ནས་བུ་མོ་ཁྱོད་དང་ཐོག་མར་མཇལ།།
བདག་གིས་མ་རྙེད་སེམས་པའི་རེ་སྨོན་བུ་མོ་ཁྱོད་ཀྱི་ལོ་རྒྱུས་ཏེ།།
མི་རྟག་སྒྱུ་མའི་གྲོང་ཁྱེར་འདི་ན་སྐྱོ་བའི་འཚེར་ཡ་ཁྱོད་ལས་སུ།།
གནག་སྣུམ་སྐྲ་ལོ་སླེས་མ་ཟུང་གཅིག་ཁྱོད་དང་ང་ཡི་རྟེན་འབྲེལ་མཚོན།།
དཀར་དམར་འདྲེས་མ་ཁྱོད་ཀྱི་གདོང་ལས་གངས་རིའི་བུ་མོའི་མཚར་སྡུག་མཐོང༌།།
དཀྱུས་རིང་སྤྱན་ཟུང་གཡོ་བའི་རྣམ་འགྱུར་གྲང་ངར་ཁྲོད་ཀྱི་སྐར་ཆེན་འདྲ།།
མི་ཆེ་མི་ཆུང་ཟུར་གསུམ་དྲི་འཛིན་བྲམ་ཟེ་བུ་མོའི་ཞལ་ལས་བརྐུས།།
དམར་མདངས་ཆགས་པའི་མཇམ་མཉེན་མཆུ་སྒྲོས་ཅུང་ཟད་ཕྱི་རུ་བསྒྱུར་བའི་དབུས།།
གྲ་མཉམ་སྐྱེས་ལེགས་ཐགས་བཟང་ཚེམས་དག་ཕ་ལམ་དཀར་བོ་བསྟར་བ་བཞིན།།
སྲབ་འཇམ་ཡངས་པ་ལྗགས་ཀྱི་མེ་ཏོག་སྦྲང་རྩི་མངར་མོའི་བྲོ་བ་དག།
མྱོང་བའི་སྐལ་བཟང་བདག་ལ་སྤྲོད་དང་འཇར་པན་བུ་མོ་ཡིད་འཕྲོག་མ།།
བསགས་པའི་ལས་འཕྲོ་སད་པ་ལོས་ཡིན་ང་གཉིས་དེ་རིང་འདི་ནས་འཕྲད།།
བརྩེ་སེམས་ཟབ་མོའི་བག་ཆགས་མེད་ང་གཉིས་ཕན་ཚུན་ཇི་ལྟར་མཐུན།།
འདི་ཕྱིའི་བདེ་ཆེན་གཏན་དུ་མྱོང་ཕྱིར་བུ་མོ་ཁྱོད་ནི་ང་ལ་དབང༌།།
སྣང་བར་མི་དགེའི་བར་ཆད་མེད་ན་བརྩེ་བའི་དངོས་གྲུབ་ང་ལ་གནོངས།།
              ཞེས་པ་འདི་བཞིན་རང་དང་ལྟ་སྤྱོད་མཐུན་པའི་སློབ་གྲོགས་འཇར་པན་མོ་སྙིང་རྗེ་བོ་ཞིག་ལ་དུངས་སེམས་སློང་རྟེན་དུ་ཕུལ་བ་ཞིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།