སྙིང་ཉེ་བའི་ཁྭ་ཏ།

ཁྭ་ཏ་ལའང་དཀར་ངོགས་ཀྱི་ཆ་ཡོད་སྲིད
ཁོས་འཇིག་རྟེན་གྱི་མུན་པ་རང་ཉིད་ཀྱིས་ཁུར་ཏེ
ང་ཚོར་ཕྱི་གསལ་ནང་གསལ་གྱི་ཁོར་ཡུག་ཅིག་བསྐྲུན་པ
ཁྱོད་ཚོའི་ཕྱོགས་རིས་ཀྱི་མིག་ཟུང་གིས་གཏན་དུ་མཐོང་མི་ཐུབ་ཀྱང
ཁྭ་ཏ་ལ་དཀར་ངོགས་ཀྱི་ཆ་དངོས་གནས་ཡོད་སྲིད
ཁྭ་ཏའི་དཀར་ངོགས་ཀྱི་ཆ་དེ་མུན་དག་གི་གཏིང་སར་སྦས་ཡོད

ལྗོན་པའི་རྩེ་མོར་གནས་འཆའ་བའི་ཁྭ་ཏ
ནམ་ཡང་མཐོ་ཚད་ཅིག་ཏུ་འགྲེང་ནས
ཁྱོད་ཀྱི་མཐོང་ལམ་དུ་ན་བུན་ཅི་ཞིག་འཐིབས་སོང
ཡུལ་ལྗོངས་འདིའི་ཉམ་ང་ཁྱོད་ཀྱི་གཤོག་སྣེར་བཅོལ་མེད་ཀྱང
ངས་ལྷིང་འཇགས་ལ་ཉན་པ་ཇི་བཞིན་ཁྱོད་ཀྱི་ཨག་འགྱུར་ལ་ཉན་ནས
ངས་མཚན་མོ་མཐོང་སོང  ངས་མུན་པ་མཐོང་སོང

ཁྱོད་ཀྱི་འཕུར་སྐྱོད་ཀྱིས་ང་ལ་དཀར་ནག་གི་བར་སྣང་ཡངས་པོར་ཕྱེས་པ
ངས་ད་དུང་ཡང་རང་སེམས་ཀྱི་མཛོད་དུ་ཉར་ཡོད
ངའི་སྙིང་ཉེ་བའི་ཁྭ་ཏ  ཁྱོད་ལ་མཚན་མོ་མེད་པ་ནི
ཁྱོད་ཀྱིས་མཚན་མོ་ཁུར་ཡོད་པས་ཡིན་ནམ
ཁྭ་ཏ  ཁྱོད་ཀྱིས་མཚན་མོའི་ཕ་རོལ་ནས་འོད་སྣང་ཅི་ཞིག་མཐོང་སོང

ཁྭ་ཏ་འདི་ལྟར་སྡང་སྡིགས་ཀྱི་ཁྲོད་ནས་འཕུར་ཞིང
ཁྭ་ཏ་མ་ཉེས་ཁ་གཡོག་གི་མི་ཁའི་ཁྲོད་ནས་ཀྱང་འཕུར
ཁྭ་ཏ་གསེར་མདོག་གིས་འཕུར་དུས་ནི
བདག་གི་བྲང་གཞུང་གི་དབྱར་ལྗོངས་བརྒྱུད་ནས་འཕུར་བའི་སྐད་ཅིག་མ་དེ་ཡིན
འོད་དང་བཅས་པའི་ནམ་མཁའ་ནི་སྨག་རུམ་གྱི་ཟབ་སར་དཔྱངས་ཤིང
ས་གཞིའི་དཀར་ངོགས་ཡོད་ཚད་ལ་དུད་ནག་འཁྱིལ་བས
ཁྭ་ཏ་ཡང་ཁེར་རྐྱང་གི་སྐྱོ་ངལ་དང་བསྡོངས་ནས
ས་ཆེན་གྱི་རྨ་ཁར་ཐེངས་གཅིག་འཁོར
ཁྭ་ཏས་ཞེན་ཆགས་དོར  ཁྭ་ཏས་བསམ་གཟས་ནས་སྤོབས་སེམས་བོར་སོང

ངའི་སྙིང་ཉེ་བའི་ཁྭ་ཏ་ཡ  ནམ་མཁའི་གཙང་བོར་བྱིངས་པའི་ཉི་ཟླ་སྐར་གསུམ་ནི
ཁྱོད་ཀྱི་ཕྱི་མིག་གི་ལམ་དུ་ལྷབ་ལྷུབ་སྐྱོད་པའི་དར་ཆ་ཟད་པོ་དེ་ཡིན
ད་ནས་བཟུང་ཁྱོད་ལ་ཁ་ཕྱོགས་སྟོན་མཁན་ནི་ཁྱོད་རང་ཡིན་འོས
ཁྱོད་ཀྱི་ལྟག་རྒྱབ་ན་ཁྱོད་རང་གཞན་ཞིག་ཡོད་མི་སྲིད་ན
ངའི་སྙིང་ཉེ་བའི་ཁྭ་ཏ  ཁྱོད་ཀྱིས་ངའི་རྒས་གཉེར་གྱི་ཟབ་སར་ལུས་པའི
གདུང་བ་ཐན་ཐུན་དེ་འཁུར་ལ་འཕུར   ཕུགས་བསམ་རབ་རིབ་དེ་འཁུར་ལ་འཕུར
ད་དུང་ངའི་སེམས་པ་ཉམ་ཆུང་དེ་འཁུར་ལ་འཕུར
                ༢༠༠༥ ༣ ༤ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཉེ་བའི་ཁྭ་ཏ།

2008-12-03 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།