ཀུ་ཤུ་དམར་པོ།

ཀུ་ཤུ་དམར་བོ
པགས་པ་ཞིབ་མོར་བཤུས་ཤིང
ནང་བཅུད་དལ་མོར་ཟོས

པགས་པ་སྲབ་ཅིང་རེག་བྱ་འཇམ
ནང་སྙིང་མངར་ཞིང་རོ་བཅུད་འཛོམས
ཀུ་ཤུ་དམར་བོ་སྙིང་དང་འདྲ
སྙིང་གསོན་པོ་ཞིག་ཟོས་པ་དང་འདྲ

དུས་ཚིགས་གང་དུའང་དམར་བའི་ཀུ་ཤུ་དམར་བོ
རྒྱང་ཐག་རིང་ཐུང་དུ་སྨིན་པའི་ཀུ་ཤུ་དམར་བོ
ཁ་བའི་ཁྲོད་དུ་གོམ་པ་མཉམ་དུ་ལེན་དུས
གྲང་རླུང་ཁྲོད་དུ་ལག་ཟུང་དམ་དུ་འཁྱུད་དུས
དམར་ཞིང་སྨིན་པའི་ཁ་དོག་ནམ་ཡང
ངའི་སྙིང་ཁར་བཞད
ངའི་རྐང་རྗེས་སུ་བཞད
ངའི་རྨི་ལམ་དུ་བཞད

ཀུ་ཤུ་དམར་བོ   པགས་པ་དྲོད་འཇམ་ངང་བཤུས
ནང་བཅུད་ཞིམ་མངར་ངང་ཟོས
ལོ་ངོ་དུ་མ་ལ
ལོ་ངོ་དུ་མའི་སྔོན་གྱི་ཀུ་ཤུ་དམར་བོ
བོད་ཡུལ་གྱི་གནས་གཙང་ས་ཞིག་ཏུ་སྨིན་དུས
སྡིག་ཅན་གྱི་དུང་སོ་སུམ་ཅུས་ཟོས་ཤིང
སྒེར་དབང་གིས་གྲོད་པ་རུ་མིད

ལྷ་སའི་ཆང་ཁང་དུ་བཞད་པའི
ཨ་མདོའི་རི་ལུང་དུ་བཞད་པའི
ཁམས་པའི་ཇག་ལམ་དུ་བཞད་པའི
ཀུ་ཤུ་དམར་བོ་རེ་རེའི
པགས་པ་སྲབ་ཅིང་བ་སྤུ་འཇམ་པའི་ངོས
སྡིག་ཅན་གྱི་ལག་པས་དལ་མོར་བཤུས་ཤིང
རོ་བཅུད་རྫོགས་པའི་ནང་སྙིང
ཁམ་བུ་རེ་རེས་ཟོས
མི་ཚེ་གང་བོར་ཟོས
མཛེས་སྡུག་ངང་ཟོས་དུས
དེ་དང་ལྷན་གྱི་མི་ཚེ་གཅིག་ནི་ཇི་འདྲའི་ཐུང་ཨང

དམར་ཞིང་སྨིན་ལ་ལང་ཚོའི་ཆགས་སྲེད་ཡོད་ཚད་མཚོན་བྱེད་ཀྱི
ཀུ་ཤུ་དམར་བོ
           ༢༠༠༥ ༩ ༡༡

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུ་ཤུ་དམར་པོ།

2008-11-06 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

ཀུ་ཤུ་དམར་བོ
པགས་པ་ཞིབ་མོར་བཤུས་ཤིང
ནང་བཅུད་དལ་མོར་ཟོས

པགས་པ་སྲབ་ཅིང་རེག་བྱ་འཇམ
ནང་སྙིང་མངར་ཞིང་རོ་བཅུད་འཛོམས
ཀུ་ཤུ་དམར་བོ་སྙིང་དང་འདྲ
སྙིང་གསོན་པོ་ཞིག་ཟོས་པ་དང་འདྲ

དུས་ཚིགས་གང་དུའང་དམར་བའི་ཀུ་ཤུ་དམར་བོ
རྒྱང་ཐག་རིང་ཐུང་དུ་སྨིན་པའི་ཀུ་ཤུ་དམར་བོ
ཁ་བའི་ཁྲོད་དུ་གོམ་པ་མཉམ་དུ་ལེན་དུས
གྲང་རླུང་ཁྲོད་དུ་ལག་ཟུང་དམ་དུ་འཁྱུད་དུས
དམར་ཞིང་སྨིན་པའི་ཁ་དོག་ནམ་ཡང
ངའི་སྙིང་ཁར་བཞད
ངའི་རྐང་རྗེས་སུ་བཞད
ངའི་རྨི་ལམ་དུ་བཞད

ཀུ་ཤུ་དམར་བོ   པགས་པ་དྲོད་འཇམ་ངང་བཤུས
ནང་བཅུད་ཞིམ་མངར་ངང་ཟོས
ལོ་ངོ་དུ་མ་ལ
ལོ་ངོ་དུ་མའི་སྔོན་གྱི་ཀུ་ཤུ་དམར་བོ
བོད་ཡུལ་གྱི་གནས་གཙང་ས་ཞིག་ཏུ་སྨིན་དུས
སྡིག་ཅན་གྱི་དུང་སོ་སུམ་ཅུས་ཟོས་ཤིང
སྒེར་དབང་གིས་གྲོད་པ་རུ་མིད

ལྷ་སའི་ཆང་ཁང་དུ་བཞད་པའི
ཨ་མདོའི་རི་ལུང་དུ་བཞད་པའི
ཁམས་པའི་ཇག་ལམ་དུ་བཞད་པའི
ཀུ་ཤུ་དམར་བོ་རེ་རེའི
པགས་པ་སྲབ་ཅིང་བ་སྤུ་འཇམ་པའི་ངོས
སྡིག་ཅན་གྱི་ལག་པས་དལ་མོར་བཤུས་ཤིང
རོ་བཅུད་རྫོགས་པའི་ནང་སྙིང
ཁམ་བུ་རེ་རེས་ཟོས
མི་ཚེ་གང་བོར་ཟོས
མཛེས་སྡུག་ངང་ཟོས་དུས
དེ་དང་ལྷན་གྱི་མི་ཚེ་གཅིག་ནི་ཇི་འདྲའི་ཐུང་ཨང

དམར་ཞིང་སྨིན་ལ་ལང་ཚོའི་ཆགས་སྲེད་ཡོད་ཚད་མཚོན་བྱེད་ཀྱི
ཀུ་ཤུ་དམར་བོ
           ༢༠༠༥ ༩ ༡༡

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།