གཙང་བོར་ཐིམ་པའི་ཚེ་སྲོག་གི་སྐྱོ་གདུང་།

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

                      ___ལོ་ངོ་ཉིས་སྟོང་སྔོན་གྱི་རྒྱ་ནག་གི་སྙན་ངག་པ་ཆུས་ཡོན་གྱི་རྗེས་དྲན་ཉིན་མོར་ཕུལ།

   མུན་ནག་གི་གསེབ་ནས་གྲང་རླུང་ལྡང༌།
   དྲག་ཆར་གྱི་ཀློང་ནས་གློག་དམར་འཁྱུག
   གཟི་བརྗིད་ལྡན་པའི་རྒྱལ་ཁབ་ཅིག་ཉམས་དམས་འཐོར་ཞིག་ཏུ་གྱུར།
   དཔའ་མཛངས་ལྡན་པའི་མི་དམངས་ཤིག་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང༌།

   སྤྲིན་ནག་གི་ཁྲོད་ནས་ཁ་བ་དྲག་ཏུ་འབབ།
   འཐོར་རླུང་གིས་བསྐྱོད་དེ་སྟོན་ལོ་ཕྱོགས་བཞིར་འཕུར།
   རྒྱལ་བློན་དབང་ཆའི་འཐབ་རྩོད་ཀྱིས་བྲེལ།
   གནམ་འོག་གདུག་རྩུབ་མཁའ་དབུགས་ཀྱིས་ཁྱབ།

   སྐབས་འདིར། སྐྱེ་བོ་ཞིག་གིས། ཉམ་ཆུང་གི་སྐྱེ་བོ་ཞིག་གིས།
   མགོ་བོ་གྱེན་དུ་བཏེགས་ཏེ། མིག་མཐའ་མཆི་མས་བསྐོར་ཏེ།
   དབུགས་རིང་ནར་ནར་འདོན། སྨྲེ་སྔགས་རླུང་ལ་བསྐུར།
   དྲི་བ་གནམ་ལ་འདོན། སྡུག་བསྔལ་ཤོག་ངོར་འབྲི།

   རྨ་འབྲི་འཁྱག་རོམ་མཐུག་པོས་ཁེབས།
   ས་གཞི་ཁྲག་དང་མཆི་མས་སྦངས།
   མང་ཚོགས་བཀྲེས་ལྟོགས་ཀྱིས་མནར།
   རྒྱལ་ཁབ་གཞན་དབང་དུ་གྱུར།

   ཞུ་ཡིག་ཕུལ་བར་བལྟ་མཁན་མེད།
  བདེན་དོན་གྱེར་བར་ཉན་མཁན་དཀོན།
  གཟུགས་གཞིའི་བཀྲག་མདངས་ཉིན་བཞིན་རྒུད།
  མགོ་སྐྲའི་ཁ་དོག་གངས་ལྟར་དཀར།

  རྒྱལ་ཁབ་ཀྱི་ཆེད་དུ། མི་དམངས་ཀྱི་ཆེད་དུ།
  ཞོགས་པར་སྙན་ངག་བྲིས། ས་སྲོད་དུ་སྙན་ངག་བྲིས།
  ས་གཞིའི་སྟེང་ནས་སྙན་ངག་བྲིས། གནམ་སྔོན་འོག་ནས་སྙན་ངག་བྲིས།
  འབྲི་མཁན་རང་ཉིད། ཀློག་མཁན་ཡང་རང་ཉིད།

  སྐྲ་ལོ་གནམ་ལོ་གཟེངས། མཆི་མ་ས་གཞིར་ཐིམ།
  སྙན་ངག་པ་ཆང་གིས་བཟི། སྙན་ངག་པ་སྐྱོ་གདུང་གིས་བཟི།
  སྤྲིན་དཀར་ཁྲོད་དུ་ཁྱོད་ཀྱི་སྤོབས་པ་འཕྱོ།
  རྒྱ་མཚོའི་ཀློང་དུ་ཁྱོད་ཀྱི་ཕུགས་བསམ་རྩེན།

   རླབས་ཆེ་བའི་རྒྱལ་ཁབ་ཀྱི་ཆེད་དུ།
   གཅེས་འོས་པའི་མི་དམངས་ཀྱི་ཆེད་དུ།
   ཚེ་སྲོག  མེ་ཏོག་རྐང་གཅིག་ལྟ་བུའི་ཚེ་སྲོག་འདི།
   གཙང་བོ། འཆི་བདག་གི་འགྲམ་ཆུའི་ཀློང་འཁོར་དུ་བསྟིམས།

   ཡུལ་མི། སྙན་ངག་པའི་གྲོང་མི་ཚོས། མེས་རྒྱལ་གྱི་མི་དམངས་ཚོས།
   གངས་ལྟར་དཀར་བའི་འབྲས་སིལ་གཙང་བོར་མཆོད་དེ།
   མེ་ལྟར་དམར་བའི་སེམས་པ་གཙང་བོར་བསྐུར་ཏེ།
   སྙན་ངག་པའི་རྣམ་ཤེས་ཀྱི་སྐོམ་གདུང་བསལ།

   དེ་རིང༌། ལོ་ངོ་སྟོང་ཕྲག་རྗེས་ཀྱི་དེ་རིང༌།
   མི་གྲངས་དུང་ཕྱུར་བཅུ་གྲངས་ཀྱིས།
   སྙན་ངག་པར་རྗེས་དྲན་བྱེད།
   སྙན་ངག་པར་སྙན་ངག་འབྲི།

   སྙན་ངག་པ། བློ་མ་ཕམ། སེམས་མ་སྐྱོ།
   འཇིག་རྟེན་འདིར་དར་རྒུད་ཀྱི་རླུང་བུ་ལྡང་ན་ཡང༌།
   མི་ཚེ་འདིར་སྐྱིད་སྡུག་གི་དབྱར་དགུན་བརྗེས་ནའང༌།
   མི་དམངས་ཀྱིས་སྙན་ངག་པ་བརྗེད་མི་སྲིད།

   སྙན་ངག་པའི་དྲན་ཤིང་འདི། ལོ་མར་བསྒྲིལ་བའི་འབྲས་སིལ་འདི།
   དེ་རིང༌། མེས་རྒྱལ་གྱི་སྟོབས་འབྱོར་རྒྱས་པའི་དེ་རིང༌།
   མཐའ་ཡས་རྒྱ་མཚོའི་ཕ་རོལ་ནས་མདུན་ཅོག་སྟེང་བཤམས་དུས།
   སེམས་པ་སྐྱོ་གདུང་གིས་གཟིར། མིག་མཐའ་མཆི་མ་ཡིས་བརླན།

   རྒྱལ་ཁབ། མི་དམངས། སྙན་ངག་པ། སྙན་ངག
   སྙན་ངག་པར་རྗེས་དྲན་གྱི་འབྲས་སིལ་བཞིན་དུ།
   ཆེས་དཀར་ཞིང་གཙང༌། ཆེས་ཞིམ་མངར་ལྡན།
   ཆེས་མཛེས་སྡུག་འབར། ཆེས་གཟི་འོད་འཕྲོ།
             ༢༠༠༦ལོའི་དཔྱིད་མཇུག་ཏུ་ཨ་མེ་རི་ཁར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་བོར་ཐིམ་པའི་ཚེ་སྲོག་གི་སྐྱོ་གདུང་།

2008-12-14 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།