ཚ་མོ་སྙན་ངག་འཚོར་བརྗོད་དགོས་པའི་སྐད་ཆ་འགའ།

དེའི་རྐྱེན་གྱིས  
རི་རབ་ཀྱི་རྔམ་བརྗིད་དང
མཚོ་ཆེན་གྱི་ཟབ་ཚད་ཀྱིས་ཀྱང
ཁྱོད་ཀྱི་ཨ་མའི་བརྩེ་བ་དང
ཁྱོད་ཀྱི་ཨ་ཕའི་སེམས་རྒྱ་གཞལ་དཀའ་ན
ཁྱོད་རང་བག་ཡངས་ཀྱིས་རྒྱུ་ཆོག་པའི
ཁོད་ཡངས་ཀྱི་རྩེད་ར་ཞིག་ཅི་ལ་མེད

དེའི་རྐྱེན་གྱིས
ང་རང་ཐག་རིང་ནས་ཡོང་ཞིང
ཐག་རིང་དུ་འགྲོ་ཐེངས་རེ་རེར
སེམས་པ་ཤུལ་ན་ལུས་ཡོད
སེམས་པ་རྒྱབ་ན་བཞག་ཡོད

དེའི་རྐྱེན་གྱིས
ཁྱོད་ཀྱི་སྙིང་ཉེ་བའི་ངུ་སྐད་ལས་ཀྱང
ངས་རོལ་དབྱངས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་མཐོང་ལ
དགོད་སྒྲ་འཁྱིལ་བའི་ཁྱིམ་གཞིས་ཤིག་གི
ཁ་སང་མཐོང་ཡོང  དེ་རིང་མཐོང་ཡོང  སང་ཉིན་མཐོང་ཡོང

དེའི་རྐྱེན་གྱིས
ཉིན་དང་མཚན་ལ
ངའི་སྟོང་བསམ་གྱི་མཚོ་ཁར་ཡང་ཡང་འཁོར་བ
ཁྱོད་མིན་པའི་ལྷ་བྱ་གཞན་ཞིག

དེའི་རྐྱེན་གྱིས
ངས་ཁྱོད་ལ་གྱ་ནོམ་གྱི་ལེགས་སྐྱེས་ཅི་ཡང་འཇོག་མ་ཐུབ་ནའང
ཁྱོད་ཀྱི་ལྷད་མ་གོས་པའི་དགོད་སྒྲ་རེ་རེ
ངའི་སྙན་ངག་གི་ཁོང་གསེང་དུ་འཛུལ་ནས
མི་ལོ་སྟོང་གི་རྗེས་སུ་ཡང་ལྷང་ལྷང་ཐོས་སྲིད
                   ༢༠༠༦ ༤ ༢༡ཁ་བ་དཀར་བོའི་དྲ་བའི་སྡིངས་ཀ་ནས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚ་མོ་སྙན་ངག་འཚོར་བརྗོད་དགོས་པའི་སྐད་ཆ་འགའ།

2008-12-13 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

དེའི་རྐྱེན་གྱིས  
རི་རབ་ཀྱི་རྔམ་བརྗིད་དང
མཚོ་ཆེན་གྱི་ཟབ་ཚད་ཀྱིས་ཀྱང
ཁྱོད་ཀྱི་ཨ་མའི་བརྩེ་བ་དང
ཁྱོད་ཀྱི་ཨ་ཕའི་སེམས་རྒྱ་གཞལ་དཀའ་ན
ཁྱོད་རང་བག་ཡངས་ཀྱིས་རྒྱུ་ཆོག་པའི
ཁོད་ཡངས་ཀྱི་རྩེད་ར་ཞིག་ཅི་ལ་མེད

དེའི་རྐྱེན་གྱིས
ང་རང་ཐག་རིང་ནས་ཡོང་ཞིང
ཐག་རིང་དུ་འགྲོ་ཐེངས་རེ་རེར
སེམས་པ་ཤུལ་ན་ལུས་ཡོད
སེམས་པ་རྒྱབ་ན་བཞག་ཡོད

དེའི་རྐྱེན་གྱིས
ཁྱོད་ཀྱི་སྙིང་ཉེ་བའི་ངུ་སྐད་ལས་ཀྱང
ངས་རོལ་དབྱངས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་མཐོང་ལ
དགོད་སྒྲ་འཁྱིལ་བའི་ཁྱིམ་གཞིས་ཤིག་གི
ཁ་སང་མཐོང་ཡོང  དེ་རིང་མཐོང་ཡོང  སང་ཉིན་མཐོང་ཡོང

དེའི་རྐྱེན་གྱིས
ཉིན་དང་མཚན་ལ
ངའི་སྟོང་བསམ་གྱི་མཚོ་ཁར་ཡང་ཡང་འཁོར་བ
ཁྱོད་མིན་པའི་ལྷ་བྱ་གཞན་ཞིག

དེའི་རྐྱེན་གྱིས
ངས་ཁྱོད་ལ་གྱ་ནོམ་གྱི་ལེགས་སྐྱེས་ཅི་ཡང་འཇོག་མ་ཐུབ་ནའང
ཁྱོད་ཀྱི་ལྷད་མ་གོས་པའི་དགོད་སྒྲ་རེ་རེ
ངའི་སྙན་ངག་གི་ཁོང་གསེང་དུ་འཛུལ་ནས
མི་ལོ་སྟོང་གི་རྗེས་སུ་ཡང་ལྷང་ལྷང་ཐོས་སྲིད
                   ༢༠༠༦ ༤ ༢༡ཁ་བ་དཀར་བོའི་དྲ་བའི་སྡིངས་ཀ་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།