མི་ཞིག་དྲན་ཚུལ་དང་བྱེ་མའི་རླུང་བུ།

                        ———མ་ཡ་བེ་སི་ལེ་ཆི(Maya Veselic)ལ་ཕུལ་བ།
ཁྱོད་སོང་བ་དེས་འགྲུལ་བཞུད་དུ་འགྲོ་དགོས་སྙམ་པའི་ཚོར་བ་ཞིག་བྱིན
དོན་དངོས་སུ  ཁུག་མ་ཆེན་པོ་ཞིག་རྒྱབ་ཏུ་འཁུར་བའི་ཡུལ་གྱར་བ་ཞིག་ལ
འཁྱམས་ཡུལ་ནི་ཁོའི་གཏན་འཇགས་ཀྱི་ཕ་ས་ཡིན་སྲིད་ནའང
ཁྱོད་སོང་རྗེས་ཀྱི་མཚན་མོ་དེ་ནི  རིན་ཐང་མེད་པའི ཡང་ན་ཅི་ཡང་མི་བསམ་པའི
ཐ་ན་ཆང་རག་ཀྱང་འཐུང་བར་མི་འདོད་པའི་དུས་ཚིགས་ཤིག་སྟེ
ཉལ་ཐུལ་གྱི་གཏིང་ཟབ་ས་ཞིག་ནས་ཁ་པར་སྒུག་པའི་ཚོར་བ་འདི

ཁྱོད་སོང་ནས་ཉིན་གཉིས་གསུམ་ཙམ་གྱི་རྗེས་སུ
བྱེ་མའི་རླུང་འཚུབ་ཕྱོགས་སོ་སོ་ནས་བསྟུད་མར་མཆེད་ཡོང
དཔྱིད་ཀར་རེ་བའི་མེ་ཏོག་དེ་ཚོའང་ས་རྡུལ་གྱི་གསེབ་ནས་མགོ་བོ་འགྱོགས་དཀའ་དུས
གངས་རི་དང་ཉི་མའི་བར་གྱི་སྤྲིན་པ་མཐུག་པོ་དེ་ནི་ཁྱོད་སོང་རྗེས་ཀྱི
བྱེ་མའི་རླུང་བུ་འཚུབ་སྟངས་དང་གཏན་ནས་མི་འདྲ་སྟེ
སྙིང་གི་ཟབ་ས་ཞིག་ལ་འཁྱག་པའི་ཚོར་བ་སྟེར་ལ
གློག་སྒྲོན་མག་མོག་གི་འོག་འདོད་པར་རོལ་བའི་ཁྱོ་ཤུག་ཚོས
ང་ལ་ཁྱོད་ཐག་རིང་དུ་སོང་བའི་ཚོར་བ་ཤེས་སུ་བཅུག

ཞོགས་པར་ཁྱོད་རང་དྲན་སྟངས་ཅུང་ཟད་ལྷིང་འཇགས་ཡིན་ནའང
བྱེ་མའི་རླུང་འཚུབ་དེ་སྒེའུ་ཁུང་གི་སྲུབས་ནས་འཛུལ་ཚུལ་ལས
དཔྱིད་ཀ་སླེབས་པ་ནི  ཁྱོད་སླེབས་པ་ནི
ཁ་བ་མེད་པའི་གྲོང་ཁྱེར་དང   དཔང་ཡིག་མང་བོ་མེད་པའི་ཁོ་བོར
ན་ཟུག་ཅིག་དང་འདོད་ཡོན་ཞིག་མིན་པའི་ངེས་པའང་མི་འདུག

བྱེ་མའི་རླུང་བུའི་ཁྲོད་ཀྱི་ཁང་བ་དེའང་བྱེ་མའི་རླུང་བུ་དང་འདྲ་བར
འགྲུལ་བཞུད་དུ་སོང་བའི་ཁྱོད་རང་འགྲུལ་བཞུད་དང་འདྲ་བར
                     ༢༠༠༦ ༤ ༡༡ཉིན་ལན་ཀྲུ་ནས།

མཆན། མ་ཡ་བེ་སི་ལེ་ཆི(Maya Veselic)ནི་ཡོ་རོབ་ནས་ཡོང་བའི་བུ་མོ་ཞིག་ཡིན་ལ་དེ་ནི་
ཁོ་བོ་དང་ལུས་འབྲེལ་བྱུང་བའི་ཕྱི་གླིང་གི་བུ་མོ་ཐོག་མའང་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཞིག་དྲན་ཚུལ་དང་བྱེ་མའི་རླུང་བུ།

2008-12-13 ཨ་རྡོར། ཀློག་གྲངས། མཆན ཡོད།

                        ———མ་ཡ་བེ་སི་ལེ་ཆི(Maya Veselic)ལ་ཕུལ་བ།
ཁྱོད་སོང་བ་དེས་འགྲུལ་བཞུད་དུ་འགྲོ་དགོས་སྙམ་པའི་ཚོར་བ་ཞིག་བྱིན
དོན་དངོས་སུ  ཁུག་མ་ཆེན་པོ་ཞིག་རྒྱབ་ཏུ་འཁུར་བའི་ཡུལ་གྱར་བ་ཞིག་ལ
འཁྱམས་ཡུལ་ནི་ཁོའི་གཏན་འཇགས་ཀྱི་ཕ་ས་ཡིན་སྲིད་ནའང
ཁྱོད་སོང་རྗེས་ཀྱི་མཚན་མོ་དེ་ནི  རིན་ཐང་མེད་པའི ཡང་ན་ཅི་ཡང་མི་བསམ་པའི
ཐ་ན་ཆང་རག་ཀྱང་འཐུང་བར་མི་འདོད་པའི་དུས་ཚིགས་ཤིག་སྟེ
ཉལ་ཐུལ་གྱི་གཏིང་ཟབ་ས་ཞིག་ནས་ཁ་པར་སྒུག་པའི་ཚོར་བ་འདི

ཁྱོད་སོང་ནས་ཉིན་གཉིས་གསུམ་ཙམ་གྱི་རྗེས་སུ
བྱེ་མའི་རླུང་འཚུབ་ཕྱོགས་སོ་སོ་ནས་བསྟུད་མར་མཆེད་ཡོང
དཔྱིད་ཀར་རེ་བའི་མེ་ཏོག་དེ་ཚོའང་ས་རྡུལ་གྱི་གསེབ་ནས་མགོ་བོ་འགྱོགས་དཀའ་དུས
གངས་རི་དང་ཉི་མའི་བར་གྱི་སྤྲིན་པ་མཐུག་པོ་དེ་ནི་ཁྱོད་སོང་རྗེས་ཀྱི
བྱེ་མའི་རླུང་བུ་འཚུབ་སྟངས་དང་གཏན་ནས་མི་འདྲ་སྟེ
སྙིང་གི་ཟབ་ས་ཞིག་ལ་འཁྱག་པའི་ཚོར་བ་སྟེར་ལ
གློག་སྒྲོན་མག་མོག་གི་འོག་འདོད་པར་རོལ་བའི་ཁྱོ་ཤུག་ཚོས
ང་ལ་ཁྱོད་ཐག་རིང་དུ་སོང་བའི་ཚོར་བ་ཤེས་སུ་བཅུག

ཞོགས་པར་ཁྱོད་རང་དྲན་སྟངས་ཅུང་ཟད་ལྷིང་འཇགས་ཡིན་ནའང
བྱེ་མའི་རླུང་འཚུབ་དེ་སྒེའུ་ཁུང་གི་སྲུབས་ནས་འཛུལ་ཚུལ་ལས
དཔྱིད་ཀ་སླེབས་པ་ནི  ཁྱོད་སླེབས་པ་ནི
ཁ་བ་མེད་པའི་གྲོང་ཁྱེར་དང   དཔང་ཡིག་མང་བོ་མེད་པའི་ཁོ་བོར
ན་ཟུག་ཅིག་དང་འདོད་ཡོན་ཞིག་མིན་པའི་ངེས་པའང་མི་འདུག

བྱེ་མའི་རླུང་བུའི་ཁྲོད་ཀྱི་ཁང་བ་དེའང་བྱེ་མའི་རླུང་བུ་དང་འདྲ་བར
འགྲུལ་བཞུད་དུ་སོང་བའི་ཁྱོད་རང་འགྲུལ་བཞུད་དང་འདྲ་བར
                     ༢༠༠༦ ༤ ༡༡ཉིན་ལན་ཀྲུ་ནས།

མཆན། མ་ཡ་བེ་སི་ལེ་ཆི(Maya Veselic)ནི་ཡོ་རོབ་ནས་ཡོང་བའི་བུ་མོ་ཞིག་ཡིན་ལ་དེ་ནི་
ཁོ་བོ་དང་ལུས་འབྲེལ་བྱུང་བའི་ཕྱི་གླིང་གི་བུ་མོ་ཐོག་མའང་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།