སྲིད་པའི་རྩེ་མོ།

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-03

ངའི་མིག་མདུན་གྱི་རི་བོ་འདི
ཕ་ཡུལ་གྱི་རི་རྒྱུད་ཆེས་མཐོ་ཤོས་རེད
རི་རྒྱབ་ཏུ་བྲག་དང་གཡའ་མས་བཟུང་ཞིང
རི་ངོས་སུ་རྩྭ་དང་འཇག་མས་ཁེངས
གཡས་གཡོན་དུ་རི་རྒྱུད་ཆུང་ཤོས་དག་གིས་ཕྲེང་བསྟར་ནས
མི་མཐའ་མེད་པའི་ནམ་མཁའི་མཐའ་རུ་བརྐྱངས་ཡོད
མགོ་བོ་བཀྱགས་ཏེ་ཡར་མཐོ་ས་རུ་བལྟས་ན
དུས་ལ་ངེས་པ་མེད་པར
རི་བོ་མཐོན་པོ་འདིས་ཞྭ་མོ་དཀར་པོ་ཞིག་གྱོན་འདུག
ས་སྟོང་ལུང་སྟོང་གི་རི་བོ་འདི
སྤྲིན་པ་ཁ་ཤས་འཁོར་ས་རེད
ཆུ་མིག་དྭངས་མོ་དག་འབབ་སའི་མགོ་ཁུངས་ཀྱང་རེད
རི་བོ་འདིའི་ཁོག་པའི་ནང་དུ་ལྷ་ཀླུ་གཉན་རྣམས་བཞུགས་ཡོད་ཟེར་མོད
གཙོ་བོ་མི་རང་ཉིད་ལ་མཚོན་ན
རི་བོ་འདིའི་སྒལ་ཚིགས་སྟེང་དུ་ཡར་འཛེགས་དཀའ་ཡང
ཕྱིར་འབབ་རྒྱུ་དེ་ཇི་འདྲའི་སླའང་སྙམ་བྱུང

                                    ༢༠༠༥. ༡༠. ༢༥ 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིད་པའི་རྩེ་མོ།

2008-12-03 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

ངའི་མིག་མདུན་གྱི་རི་བོ་འདི
ཕ་ཡུལ་གྱི་རི་རྒྱུད་ཆེས་མཐོ་ཤོས་རེད
རི་རྒྱབ་ཏུ་བྲག་དང་གཡའ་མས་བཟུང་ཞིང
རི་ངོས་སུ་རྩྭ་དང་འཇག་མས་ཁེངས
གཡས་གཡོན་དུ་རི་རྒྱུད་ཆུང་ཤོས་དག་གིས་ཕྲེང་བསྟར་ནས
མི་མཐའ་མེད་པའི་ནམ་མཁའི་མཐའ་རུ་བརྐྱངས་ཡོད
མགོ་བོ་བཀྱགས་ཏེ་ཡར་མཐོ་ས་རུ་བལྟས་ན
དུས་ལ་ངེས་པ་མེད་པར
རི་བོ་མཐོན་པོ་འདིས་ཞྭ་མོ་དཀར་པོ་ཞིག་གྱོན་འདུག
ས་སྟོང་ལུང་སྟོང་གི་རི་བོ་འདི
སྤྲིན་པ་ཁ་ཤས་འཁོར་ས་རེད
ཆུ་མིག་དྭངས་མོ་དག་འབབ་སའི་མགོ་ཁུངས་ཀྱང་རེད
རི་བོ་འདིའི་ཁོག་པའི་ནང་དུ་ལྷ་ཀླུ་གཉན་རྣམས་བཞུགས་ཡོད་ཟེར་མོད
གཙོ་བོ་མི་རང་ཉིད་ལ་མཚོན་ན
རི་བོ་འདིའི་སྒལ་ཚིགས་སྟེང་དུ་ཡར་འཛེགས་དཀའ་ཡང
ཕྱིར་འབབ་རྒྱུ་དེ་ཇི་འདྲའི་སླའང་སྙམ་བྱུང

                                    ༢༠༠༥. ༡༠. ༢༥ 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།