རླུང་གི་བུ་མོ།༼ཞར་བཀོད་ལྔ་ཡོད༽

མཚན་མོའི་ཉི་ཟེར་ཕྲ་མོ་དེ་ཁྱོད་ཡིན་ལ
ཉིན་མོའི་ཟླ་བ་གོར་མོ་དེའང་ཁྱོད་ཡིན
ཉིན་མཚན་བར་མེད་དུ་བདག་གི་རྨི་ལམ་དུ་འཚེར་བ་ཡང་ཁྱོད་ཡིན
སྐར་མ་སྨིན་དྲུག་ལས་སྨིན་པའི་འཛུམ་ཆུང
ཁུག་རྟའི་གཤོག་སྣེས་ཕབས་པའི་སྨིན་མ་འཁྱོག་པོ
སྙིང་གི་ཐིག་ལེ

མི་ཚེ་དེའི་རྒྱབ་ལྗོངས་ན་སླར་ཡང་མི་ཚེ་ཞིག
མི་ཚེ་དེ་ཡང་མི་ཚེ་ཞིག་དང་འདྲ་བར
ཁྱོད་གསོད་ང་གསོན་གྱི་ལས་རླུང་གིས་བཏུས་ཤིང
ས་གཞི་ལྗང་ཁུ་དེའང་གས་ཁ་རུ་གཏུབ
ཧམ་སེམས་དང་འཇིགས་སྐྲག་རྐྱང་གཅིག་ཏུ་དྲིལ
འཁོར་བའི་སྙིང་བོའི་ཀློང་དང་ཟུངས་སུ་འབར

          འཇོ་སྒེག
མཛེས་པས་སེམས་པ་རྒུལ་པས།  །
སེམས་ཀྱིས་འཇིག་རྟེན་རྒུལ་བྱུང་།  །
འཇིག་རྟེན་འགུལ་འགུལ་འདར་འདར།  །
དེ་བས་རྒུལ་རྒྱུ་མ་བྱུང་།    །

ཉི་མ་སྤྲིན་ལ་མ་ཐོགས།    །
སྤྲིན་པ་མཁའ་རུ་མ་རེག   །
ཉི་འོད་སྤྲིན་ལ་འཚེར་བས།   །
སྤྲིན་རིས་ས་རུ་ཕབས་སོང་།    །

མིག་ཟུང་གདོང་ལ་བྲིས་ཤིང་།    །
ཞལ་དུ་མིག་ཟུང་འཁྲུངས་པ།     །
མིག་ཟུང་དྭངས་མོའི་གསེབ་ནས།   །
ཟུར་མིག་ཕྲ་མོ་འཕངས་བྱུང་།      །

སྐྲ་ལོ་རྒྱ་ལྕང་ལོ་མ།      །
རྒྱ་ལྕང་ལོ་མའི་འཇོ་སྒེག  །
ཆུ་བོའི་རླབས་སུ་ཤར་བས།   །
སྐྲ་ལོའི་ལན་བུ་ཤིག་ཤིག    །

           བདག་འཛིན།
ཕལ་བའི་བློ་ངོར་མི་ཤོང་བའི་ཆོས་ཉིད་ཀྱི་རྣམ་བཞག་དག
མིང་གི་བཏགས་ལུགས་ཁ་ཤས་བཟློ་བ་ཙམ་གྱིས་རྙེད་མི་ནུས་ལ
ཕྱག་ཕྲེང་བགྲང་ཚུལ་དུ་མས་ཀྱང་ག་ལ་ཐུབ
གཞུང་ལུགས་ཀྱི་གསེབ་ནས་འཇིག་རྟེན་ལ་ཞེན་པ་ལོག་ཚུལ་དེ་བཙན་གྱིས་ཡིན་ལ
འཁོར་བ་ཡི་གསེང་ནས་འཇིག་རྟེན་ལ་ཞེན་པ་བཟློག་པ་དེའང་ཨུ་ཐུག་པས་ཡིན
ཉམས་མྱོང་གིས་ཞེན་པ་བདག་འཛིན་ཡིན་ལ
འདོད་སེམས་ཀྱིས་ཞེན་པའང་བདག་འཛིན་ཡིན
བྱ་དངོས་ཀྱི་རིན་ཐང་ལ་རྔམ་པ་ཆོས་ཀྱི་བདག་འཛིན་ཡིན་ལ
བུད་མེད་ཀྱི་འཇོ་སྒེག་ལ་སྲེད་པའང་དེ་བཞིན
ཆུང་མའི་བདེ་སྡུག་ལ་བསམས་པ་འགན་ཁུར་ཡིན་ལ
འཆལ་མོའི་བབ་ཅོལ་ལ་བསམས་པ་ཉེས་པའོ

           སྙན་ངག་པ།
གདོད་མ་ནས་ཟུང་དུ་ཆགས་པའི་མིག
འཇིག་རྟེན་གྱི་སྒོ་ཐེམ་དུ་འཛེགས་ཏེ
མུན་ནག་ཏུ་བྱིལ་བྱིལ་གཏོང་བཞིན
ཡོད་ཚད་མེ་ལོང་དུ་སྣང་བར་བྱེད
ཁྱེད་ཉིད་འབྱེད་ཟུམ་ཙམ་གྱིས་ཀྱང
འཇིག་རྟེན་འདིའི་ངོ་བོ་བླ་འོག་ཏུ་བརྗེ་བར་ནུས་ཏེ
གཅིག་ནི་འཁོར་བ་དང
གཞན་ཞིག་ནི་རྨི་ལམ་མམ་དག་ཞིང་ངོ

           ཟུར་མིག་གཞན་ཞིག
ནག་སྣུམ་གྱི་ལན་བུ་རླུང་བུས་རྒུལ་བཞིན
མཛེས་མའི་ཁ་དྲི་ཞིམ་པོའང་རླུང་བུར་འདྲེས
དམར་མདངས་རྒྱས་པའི་བྱུ་རུའི་དགུལ་རྒྱན་དེ་འདྲའི་མཛེས་ཤིང
ཅུང་དམར་མདངས་ཆགས་པའི་མཁུར་ཚོས་དེ་བས་ཀྱང་མཛེས

           མཚོ་ཟེར་བའི་སྐྱེས་མ་ཞིག
མཚོ  མཛེས་སྡུག་དང་དྭངས་གཙང་གིས་འཁྱིལ
མཚོ  རྦ་རླབས་དང་སྒྲ་དབྱངས་ཀྱིས་གཏམས
བདག་བྱིས་པ་ཡིན་པའི་རྐྱེན་གྱིས
ཉི་ཐིག་གི་ཟེར་མ་ལ་ཁེན་ཏེ་བལྟས་མྱོང
དེ་རིང  མཚོ་བཞུད་སོང
རྦ་རླབས་དང་རྦ་རླབས་བསྲེ་བཞིན་རྒྱང་དུ་བཞུད་སོང
བདག་རྒས་དྲགས་པས
ལག་ཟུང་ཐོད་དུ་བླངས་ཏེ་ཇི་ལྟར་བལྟས་ཀྱང
མཐོང་མེད་ཀྱི་རླབས་སྒྲ་ཞིག་ལས་་་་་
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་གི་བུ་མོ།༼ཞར་བཀོད་ལྔ་ཡོད༽

མཚན་མོའི་ཉི་ཟེར་ཕྲ་མོ་དེ་ཁྱོད་ཡིན་ལ
ཉིན་མོའི་ཟླ་བ་གོར་མོ་དེའང་ཁྱོད་ཡིན
ཉིན་མཚན་བར་མེད་དུ་བདག་གི་རྨི་ལམ་དུ་འཚེར་བ་ཡང་ཁྱོད་ཡིན
སྐར་མ་སྨིན་དྲུག་ལས་སྨིན་པའི་འཛུམ་ཆུང
ཁུག་རྟའི་གཤོག་སྣེས་ཕབས་པའི་སྨིན་མ་འཁྱོག་པོ
སྙིང་གི་ཐིག་ལེ

མི་ཚེ་དེའི་རྒྱབ་ལྗོངས་ན་སླར་ཡང་མི་ཚེ་ཞིག
མི་ཚེ་དེ་ཡང་མི་ཚེ་ཞིག་དང་འདྲ་བར
ཁྱོད་གསོད་ང་གསོན་གྱི་ལས་རླུང་གིས་བཏུས་ཤིང
ས་གཞི་ལྗང་ཁུ་དེའང་གས་ཁ་རུ་གཏུབ
ཧམ་སེམས་དང་འཇིགས་སྐྲག་རྐྱང་གཅིག་ཏུ་དྲིལ
འཁོར་བའི་སྙིང་བོའི་ཀློང་དང་ཟུངས་སུ་འབར

          འཇོ་སྒེག
མཛེས་པས་སེམས་པ་རྒུལ་པས།  །
སེམས་ཀྱིས་འཇིག་རྟེན་རྒུལ་བྱུང་།  །
འཇིག་རྟེན་འགུལ་འགུལ་འདར་འདར།  །
དེ་བས་རྒུལ་རྒྱུ་མ་བྱུང་།    །

ཉི་མ་སྤྲིན་ལ་མ་ཐོགས།    །
སྤྲིན་པ་མཁའ་རུ་མ་རེག   །
ཉི་འོད་སྤྲིན་ལ་འཚེར་བས།   །
སྤྲིན་རིས་ས་རུ་ཕབས་སོང་།    །

མིག་ཟུང་གདོང་ལ་བྲིས་ཤིང་།    །
ཞལ་དུ་མིག་ཟུང་འཁྲུངས་པ།     །
མིག་ཟུང་དྭངས་མོའི་གསེབ་ནས།   །
ཟུར་མིག་ཕྲ་མོ་འཕངས་བྱུང་།      །

སྐྲ་ལོ་རྒྱ་ལྕང་ལོ་མ།      །
རྒྱ་ལྕང་ལོ་མའི་འཇོ་སྒེག  །
ཆུ་བོའི་རླབས་སུ་ཤར་བས།   །
སྐྲ་ལོའི་ལན་བུ་ཤིག་ཤིག    །

           བདག་འཛིན།
ཕལ་བའི་བློ་ངོར་མི་ཤོང་བའི་ཆོས་ཉིད་ཀྱི་རྣམ་བཞག་དག
མིང་གི་བཏགས་ལུགས་ཁ་ཤས་བཟློ་བ་ཙམ་གྱིས་རྙེད་མི་ནུས་ལ
ཕྱག་ཕྲེང་བགྲང་ཚུལ་དུ་མས་ཀྱང་ག་ལ་ཐུབ
གཞུང་ལུགས་ཀྱི་གསེབ་ནས་འཇིག་རྟེན་ལ་ཞེན་པ་ལོག་ཚུལ་དེ་བཙན་གྱིས་ཡིན་ལ
འཁོར་བ་ཡི་གསེང་ནས་འཇིག་རྟེན་ལ་ཞེན་པ་བཟློག་པ་དེའང་ཨུ་ཐུག་པས་ཡིན
ཉམས་མྱོང་གིས་ཞེན་པ་བདག་འཛིན་ཡིན་ལ
འདོད་སེམས་ཀྱིས་ཞེན་པའང་བདག་འཛིན་ཡིན
བྱ་དངོས་ཀྱི་རིན་ཐང་ལ་རྔམ་པ་ཆོས་ཀྱི་བདག་འཛིན་ཡིན་ལ
བུད་མེད་ཀྱི་འཇོ་སྒེག་ལ་སྲེད་པའང་དེ་བཞིན
ཆུང་མའི་བདེ་སྡུག་ལ་བསམས་པ་འགན་ཁུར་ཡིན་ལ
འཆལ་མོའི་བབ་ཅོལ་ལ་བསམས་པ་ཉེས་པའོ

           སྙན་ངག་པ།
གདོད་མ་ནས་ཟུང་དུ་ཆགས་པའི་མིག
འཇིག་རྟེན་གྱི་སྒོ་ཐེམ་དུ་འཛེགས་ཏེ
མུན་ནག་ཏུ་བྱིལ་བྱིལ་གཏོང་བཞིན
ཡོད་ཚད་མེ་ལོང་དུ་སྣང་བར་བྱེད
ཁྱེད་ཉིད་འབྱེད་ཟུམ་ཙམ་གྱིས་ཀྱང
འཇིག་རྟེན་འདིའི་ངོ་བོ་བླ་འོག་ཏུ་བརྗེ་བར་ནུས་ཏེ
གཅིག་ནི་འཁོར་བ་དང
གཞན་ཞིག་ནི་རྨི་ལམ་མམ་དག་ཞིང་ངོ

           ཟུར་མིག་གཞན་ཞིག
ནག་སྣུམ་གྱི་ལན་བུ་རླུང་བུས་རྒུལ་བཞིན
མཛེས་མའི་ཁ་དྲི་ཞིམ་པོའང་རླུང་བུར་འདྲེས
དམར་མདངས་རྒྱས་པའི་བྱུ་རུའི་དགུལ་རྒྱན་དེ་འདྲའི་མཛེས་ཤིང
ཅུང་དམར་མདངས་ཆགས་པའི་མཁུར་ཚོས་དེ་བས་ཀྱང་མཛེས

           མཚོ་ཟེར་བའི་སྐྱེས་མ་ཞིག
མཚོ  མཛེས་སྡུག་དང་དྭངས་གཙང་གིས་འཁྱིལ
མཚོ  རྦ་རླབས་དང་སྒྲ་དབྱངས་ཀྱིས་གཏམས
བདག་བྱིས་པ་ཡིན་པའི་རྐྱེན་གྱིས
ཉི་ཐིག་གི་ཟེར་མ་ལ་ཁེན་ཏེ་བལྟས་མྱོང
དེ་རིང  མཚོ་བཞུད་སོང
རྦ་རླབས་དང་རྦ་རླབས་བསྲེ་བཞིན་རྒྱང་དུ་བཞུད་སོང
བདག་རྒས་དྲགས་པས
ལག་ཟུང་ཐོད་དུ་བླངས་ཏེ་ཇི་ལྟར་བལྟས་ཀྱང
མཐོང་མེད་ཀྱི་རླབས་སྒྲ་ཞིག་ལས་་་་་
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།