"རླབས་ཆེན་པའི"གསང་གཏམ་ཁག་གཉིས།

           ༡.    དགོང་འཚོགས་ཤིག
སློབ་ཚན་འཚོགས་མཁན་ལ་རིམ་པ་གསུམ།
ཞན་པ་ཚོ་ལྐོག་ལྐོག་སུད་སུད་ངང་བྲོས་སོང་།
འབྲིང་བ་ཚོ་ལྷོད་ལྷོད་ཤིག་ཤིག་ངང་གཉིད་སོང་།
ལེགས་པ་ཚོ་གཟབ་གཟབ་ནན་ཏན་ངང་ཉན་འདུག

བྲོས་བྱོལ་འགྲོ་མཁན་ལ་རིམ་པ་གསུམ།
ཞན་པ་ཚོ་ཟ་བཏུང་གཉིད་གསུམ་གྱི་ཆེད་དུ་ཕྱིན་འདུག
འབྲིང་བ་ཚོ་དགའ་རོགས་འདུ་འཛོམས་ལ་བསམ་ནས་ཐོན་འདུག
ལེགས་པ་ཚོ་སྦྱང་བྱ་གཞན་དག་ལ་དགའ་ནས་བུད་འདུག

གཉིད་ལྕོག་བརྒྱབ་མཁན་ལ་རིམ་པ་གསུམ།
ཞན་པ་ཚོ་དཀའ་ཚེགས་ངལ་དུབ་ལ་སྐྲག་ནས་གཉིད་འདུག
འབྲིང་བ་ཚོ་རྨི་ལམ་སྐྱིད་པོ་ལ་རེ་ནས་ཉལ་འདུག
ལེགས་པ་ཚོ་ཀླད་པའི་ངལ་དུབ་ལས་བརྒལ་ནས་ཐལ་འདུག

སློབ་འཁྲིད་ཉན་མཁན་ལའང་རིམ་པ་གསུམ།
ཞན་པ་ཚོ་སྣོད་སྟོང་ཁ་སྦུབས་སུ་ཕྱོགས་ནས་ཉན་འདུག
འབྲིང་བ་ཚོ་སྣོད་སྟོང་ཞབས་བརྡོལ་ལ་འོང་ནས་ཉན་འདུག
ལེགས་པ་ཚོ་སྣོད་སྟོང་དྲི་མེད་ཀྱི་ཚུལ་དུ་གསན་འདུག

ང་ནི་བྲོས་བྱོལ་དུ་འགྲོ་མཁན་དེ་མིན་ལ།
གཉིད་ལྕོག་བརྒྱབ་ནས་བསྡད་མཁན་དེ་ཡང་མིན།
སློབ་འཁྲིད་ལ་ཉན་མཁན་ནི་དེ་བས་མིན་པར།
སློབ་ཚན་གྲོལ་བའི་དྲིལ་བརྡ་ལ་སྒུག་མཁན་དེ་ཡིན།

          ༢.    མིག་འཁྲུལ།
དེ་རིང་ང་མུ་མེད་ཀྱི་རྩྭ་ཐང་དུ་སླེབས་ཡོད།
ངའི་མདུན་ངོས་ན་སྒེག་ལྡན་མ་ཁྱུ་དང་ཁྱུ་ཚོགས།
དགའ་བའི་དབྱིངས་ལ་ཞུགས་ནས་ཅི་དགར་རོལ་འདུག

ངས་ཅང་ཤེས་རྟ་ཕོའི་སྒལ་གཞུང་གཡར་ནས།
ལག་ན་མཚར་སྡུག་གི་མེ་ཏོག་བཟུང་ནས།
སྒེག་ལྡན་མ་ཚོའི་ཆེས་ཉེ་ས་རུ་བཅར་དུས།
ཁོ་ཚོའི་མཛེས་སྡུག་ངའི་འཛམ་གླིང་གི་ཚད་ལས་བརྒལ་སོང་།

གློ་བུར་པ་སྣམ་གྱི་ཨོ་ལོའི་ཕྲག་རྡེབ་དེས།
ངའི་སྟོང་བསམ་གྱི་འཛམ་གླིང་རྡུལ་དུ་བརླགས་པས།
ངས་གཞི་ནས་མུ་མེད་རྩྭ་ཐང་གི་ཕྱོགས་བཞི།
དཀར་གསལ་གྱང་རྩིག་གིས་བསྐོར་བ་མཐོང་བྱུང་།
ངས་གཞི་ནས་མུ་མེད་རྩྭ་ཐང་གི་ནམ་མཁའ།
དཀར་གསལ་གྱི་གློག་སྒྲོན་གྱིས་བརྒྱན་པ་རིག་བྱུང་།

ཡ་མཚན་གྱི་སྣང་བས་མིག་གཉིས་ཆེས་ཆེར་གདང་སྐབས།
མདུན་ངོས་ནས་ཡི་གེས་གང་བའི་ནག་པང་ཞིག་མཐོང་བྱུང་།
ལག་ན་ས་དཀར་བཟུང་བའི་གཏམ་བཤད་པ་ཞིག་ཀྱང་རིག་བྱུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

"རླབས་ཆེན་པའི"གསང་གཏམ་ཁག་གཉིས།

2013-06-26 རླབས་ཆེན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།