བདེ་བར་གཟིམས་དང་། སྒྲོལ་མ།

རྨོག་རྡོ་རྗེ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-19


ཞོགས་པའི་སྐྱ་རེངས།
ས་སྲོད་ཀྱི་མཚམས་སྤྲིན།
ཆར་བ་དང་བུ་ཡུག་གང་རུང་ལ།
ཁྱེད་ཀྱིས་སེམས་ཁྲལ་མ་གནང་བར།
བདེ་བར་གཟིམ་དང་།སྒྲོལ་མ།
སྐྱ་རེངས་ལངས་ན་དྲོད་འཇམ་གྱི་ཉི་མ་འཆར་ངེས།
མཚམས་སྤྲིན་ཡལ་ན་དཀར་གསལ་གྱི་ཟླ་བ་ཚེས་སྲིད།
གང་ལྟར། ངེད་གཉིས་ཀྱི་འཇིག་རྟེན་འདིར།
འོད་སྣང་ཕྲན་བུ་ཞིག་སྦྱིན་ངེས་པས།
བདེ་བར་གཟིམ་དང་།
ངེད་གཉིས་ཀྱིས་བགྲོད་ལམ་རྙེད་སྲིད།

གཅན་གཟན་ཡིན་ཡང་རུང་།
གདོན་འདྲེ་ཡིན་ཡང་ཆོག
ང་ཁྱེད་ལ་གླན་ནས་ཡོད་པས།
ཁྱེད་སྐྲག་མི་དགོས།  སྒྲོལ་མ།
ཉི་མ་ཤར་ཚེ་ངེད་གཉིས་ལམ་ལ་ཆས་དགོས་པས།
བརྗིད་ཆགས་ཀྱི་རི་བོའི་ཕ་རོལ་ན།
ངེད་གཉིས་ལ་དྲོད་སྐྱིད་ཀྱི་ཁྱིམ་གཞིས་ཡོད་ལ།
བདེ་སྐྱིད་ཀྱི་འཚོ་བའང་ཡོད་སྲིད་པས།
སྦྲ་རྒན་གྱི་ཁ་འཚུབ་ཟད་རག་བར་དུ།
འཇིག་རྟེན་གྱི་ཕ་མཐར་བཞུད་རག་བར་དུ།
དྲོད་ཁོལ་འདི་སེམས་ལ་རུམ་ནས་ཕན་ཚུན་འཁྱུད་ཆོག

འཚོ་བར་སྨྲེ་ངག་མེད་པ་ཁྱེད་ཀྱི་གཤིས་སུ་གྲུབ་ལ།
ལས་ལ་དཀའ་ཚེགས་མེད་པ་ཁྱེད་ཀྱི་རྒྱན་དུ་མཐོང་།
དེ་ལས་ཀྱང་བརྩེ་ཞེན་ལྷད་མེད་ཡིན་པས།བདེ་བར་གཟིམ་དང་།
ང་ཁྱེད་དང་འབྲལ་མི་ཕོད་ལ།འབྲལ་ཡང་ག་ལ་སྲིད།

རང་ཉིད་ལ་ངལ་བ་མི་བསྟེར་བར་མཁྱེན།
ཁྱེད་ནི་ང་ཡི་དགའ་མ་ཡིན་པས།
བདག་ལ་སྡུག་བསྔལ་གྱི་ཁ་སྣོན་མ་རྒྱག
ཁྱེད་ནི་གངས་ཕྲུག་གི་མ་ཡུམ་ཡིན་སྲིད་པས།
འབྱུང་གཞི་ལ་ངལ་བ་མི་བསྟེར་བར།
བདེ་བར་གཟིམ་དང་།སྒྲོལ་མ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་བར་གཟིམས་དང་། སྒྲོལ་མ།

2013-06-19 རྨོག་རྡོ་རྗེ་རྒྱལ། ཀློག་གྲངས། མཆན ཡོད།


ཞོགས་པའི་སྐྱ་རེངས།
ས་སྲོད་ཀྱི་མཚམས་སྤྲིན།
ཆར་བ་དང་བུ་ཡུག་གང་རུང་ལ།
ཁྱེད་ཀྱིས་སེམས་ཁྲལ་མ་གནང་བར།
བདེ་བར་གཟིམ་དང་།སྒྲོལ་མ།
སྐྱ་རེངས་ལངས་ན་དྲོད་འཇམ་གྱི་ཉི་མ་འཆར་ངེས།
མཚམས་སྤྲིན་ཡལ་ན་དཀར་གསལ་གྱི་ཟླ་བ་ཚེས་སྲིད།
གང་ལྟར། ངེད་གཉིས་ཀྱི་འཇིག་རྟེན་འདིར།
འོད་སྣང་ཕྲན་བུ་ཞིག་སྦྱིན་ངེས་པས།
བདེ་བར་གཟིམ་དང་།
ངེད་གཉིས་ཀྱིས་བགྲོད་ལམ་རྙེད་སྲིད།

གཅན་གཟན་ཡིན་ཡང་རུང་།
གདོན་འདྲེ་ཡིན་ཡང་ཆོག
ང་ཁྱེད་ལ་གླན་ནས་ཡོད་པས།
ཁྱེད་སྐྲག་མི་དགོས།  སྒྲོལ་མ།
ཉི་མ་ཤར་ཚེ་ངེད་གཉིས་ལམ་ལ་ཆས་དགོས་པས།
བརྗིད་ཆགས་ཀྱི་རི་བོའི་ཕ་རོལ་ན།
ངེད་གཉིས་ལ་དྲོད་སྐྱིད་ཀྱི་ཁྱིམ་གཞིས་ཡོད་ལ།
བདེ་སྐྱིད་ཀྱི་འཚོ་བའང་ཡོད་སྲིད་པས།
སྦྲ་རྒན་གྱི་ཁ་འཚུབ་ཟད་རག་བར་དུ།
འཇིག་རྟེན་གྱི་ཕ་མཐར་བཞུད་རག་བར་དུ།
དྲོད་ཁོལ་འདི་སེམས་ལ་རུམ་ནས་ཕན་ཚུན་འཁྱུད་ཆོག

འཚོ་བར་སྨྲེ་ངག་མེད་པ་ཁྱེད་ཀྱི་གཤིས་སུ་གྲུབ་ལ།
ལས་ལ་དཀའ་ཚེགས་མེད་པ་ཁྱེད་ཀྱི་རྒྱན་དུ་མཐོང་།
དེ་ལས་ཀྱང་བརྩེ་ཞེན་ལྷད་མེད་ཡིན་པས།བདེ་བར་གཟིམ་དང་།
ང་ཁྱེད་དང་འབྲལ་མི་ཕོད་ལ།འབྲལ་ཡང་ག་ལ་སྲིད།

རང་ཉིད་ལ་ངལ་བ་མི་བསྟེར་བར་མཁྱེན།
ཁྱེད་ནི་ང་ཡི་དགའ་མ་ཡིན་པས།
བདག་ལ་སྡུག་བསྔལ་གྱི་ཁ་སྣོན་མ་རྒྱག
ཁྱེད་ནི་གངས་ཕྲུག་གི་མ་ཡུམ་ཡིན་སྲིད་པས།
འབྱུང་གཞི་ལ་ངལ་བ་མི་བསྟེར་བར།
བདེ་བར་གཟིམ་དང་།སྒྲོལ་མ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།