དོ་ནུབ་ཁྱོད་རང་ལྷག་ཏུ་དྲན།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-15

ཉིན་གཅིག་གི་བགྱི་བ་དང་ངལ་དུབ་ཡོད་ཚད
སྦི་རག་དམ་བུ་རེ་བཞིན་སྟོང་བར་གྱུར་རྗེས
སྒོར་དབྱིབས་སུ་མ་གྲུབ་པའི་ཟླ་བ་དང་གཞན་དག
མཚན་མོའི་གྲིབ་ཡོལ་གྱིས་བསྒྲིབས་རྗེས
ངས་རང་གི་སེམས་ངལ་འདི་མཚོན་བྱེད་དུ
དབྱངས་གསལ་སོ་བཞིའི་སྐྱེས་ཆང་ཁྱོད་ལ་བཏེགས་ཡོད
 
དོ་ནུབ       རྨི་ལམ་གྱི་གཤོག་པར་ལྕགས་ཟྭ་བརྒྱབ་སྟེ
ཁེར་རྐྱང་གི་སེམས་པ་ཀློག་ཞོར
མཚན་མོའི་མིག་ཟུང་གིས་མཐོང་མི་ཐུབ་པའི་ཚིག་དང་ཡིག་འབྲུའི་མཆོད་པ་ཞིག
ངས་སེམས་དང་བསམ་པའི་གཏིང་ནས་ཁྱོད་ལ་འབུལ་རྩིས་ཡོད
 
ལོ་ཟླའི་གཙང་བོ་དང་ལྷན་དུ་ཐག་རིང་ལ་བཞུར་གྱིན་པའི
ཤ་གསེང་ལ་འཐིམས་པའི་བརྩེ་བ
རུས་གཏིང་ལ་ཟུག་པའི་དུངས་བ
ངས་ཇི་ལྟར་ཀློག་དགོས་པ་མ་ཤེས་ལ
ངས་ཇི་ལྟར་འགྲེལ་དགོས་པའང་རྟོགས་མ་སོང
 
ཉིན་ཞག་གི་ཕྲེང་བ་མཛུབ་རྩེ་ནས་བགྲང་སྟེ
མྱི་སེམས་ཀྱི་ལྗོན་པ་རེངས་པར་གྱུར་རྗེས
བརྩེ་བའི་བྱེའུ་ཆུང་ཚང་མལ་དང་གྱེས་སོང
 
ཇེ་ནག་ནས་ཇེ་ནག་ཡིན་པའི་མཚན་མོ་འདི
ངས་ཡང་བྲིས་ཡང་བསྲུབས་ཀྱི་སྙན་ངག་ཅིག་དང་འདྲ་ལ
ན་ཟུག་ཅིག་ལྟར་མི་གླེང་ཐུ་མེད་ཀྱི་ཁྱོད་ཉིད
ང་རང་བཟི་བྱེད་ཀྱི་ཨ་རག་འཇམ་པོ་ཞིག་དང་ཀུན་ནས་འདྲ་བྱུང
 
གང་ལྟར        
བསམ་གཞིག་གི་འགྲུལ་བཞུད་རིང་བའི་དོ་ནུབ
རང་སེམས་ལ་སྟོང་འདང་གི་ས་བོན་བཏབ་པའི་དོ་ནུབ
ཁྱོད་རང་ལྷག་ཏུ་དྲན་བྱུང
 
                               ༢༠༡༣  ༣   ༧   མཚན་དཀྱིལ་ཙམ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ་ཁྱོད་རང་ལྷག་ཏུ་དྲན།

2013-06-15 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

ཉིན་གཅིག་གི་བགྱི་བ་དང་ངལ་དུབ་ཡོད་ཚད
སྦི་རག་དམ་བུ་རེ་བཞིན་སྟོང་བར་གྱུར་རྗེས
སྒོར་དབྱིབས་སུ་མ་གྲུབ་པའི་ཟླ་བ་དང་གཞན་དག
མཚན་མོའི་གྲིབ་ཡོལ་གྱིས་བསྒྲིབས་རྗེས
ངས་རང་གི་སེམས་ངལ་འདི་མཚོན་བྱེད་དུ
དབྱངས་གསལ་སོ་བཞིའི་སྐྱེས་ཆང་ཁྱོད་ལ་བཏེགས་ཡོད
 
དོ་ནུབ       རྨི་ལམ་གྱི་གཤོག་པར་ལྕགས་ཟྭ་བརྒྱབ་སྟེ
ཁེར་རྐྱང་གི་སེམས་པ་ཀློག་ཞོར
མཚན་མོའི་མིག་ཟུང་གིས་མཐོང་མི་ཐུབ་པའི་ཚིག་དང་ཡིག་འབྲུའི་མཆོད་པ་ཞིག
ངས་སེམས་དང་བསམ་པའི་གཏིང་ནས་ཁྱོད་ལ་འབུལ་རྩིས་ཡོད
 
ལོ་ཟླའི་གཙང་བོ་དང་ལྷན་དུ་ཐག་རིང་ལ་བཞུར་གྱིན་པའི
ཤ་གསེང་ལ་འཐིམས་པའི་བརྩེ་བ
རུས་གཏིང་ལ་ཟུག་པའི་དུངས་བ
ངས་ཇི་ལྟར་ཀློག་དགོས་པ་མ་ཤེས་ལ
ངས་ཇི་ལྟར་འགྲེལ་དགོས་པའང་རྟོགས་མ་སོང
 
ཉིན་ཞག་གི་ཕྲེང་བ་མཛུབ་རྩེ་ནས་བགྲང་སྟེ
མྱི་སེམས་ཀྱི་ལྗོན་པ་རེངས་པར་གྱུར་རྗེས
བརྩེ་བའི་བྱེའུ་ཆུང་ཚང་མལ་དང་གྱེས་སོང
 
ཇེ་ནག་ནས་ཇེ་ནག་ཡིན་པའི་མཚན་མོ་འདི
ངས་ཡང་བྲིས་ཡང་བསྲུབས་ཀྱི་སྙན་ངག་ཅིག་དང་འདྲ་ལ
ན་ཟུག་ཅིག་ལྟར་མི་གླེང་ཐུ་མེད་ཀྱི་ཁྱོད་ཉིད
ང་རང་བཟི་བྱེད་ཀྱི་ཨ་རག་འཇམ་པོ་ཞིག་དང་ཀུན་ནས་འདྲ་བྱུང
 
གང་ལྟར        
བསམ་གཞིག་གི་འགྲུལ་བཞུད་རིང་བའི་དོ་ནུབ
རང་སེམས་ལ་སྟོང་འདང་གི་ས་བོན་བཏབ་པའི་དོ་ནུབ
ཁྱོད་རང་ལྷག་ཏུ་དྲན་བྱུང
 
                               ༢༠༡༣  ༣   ༧   མཚན་དཀྱིལ་ཙམ་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།