སྙན་ངག་ཁྲག་འདྲ་ཞིག

ལྷ་མོ་སྐྱིད།
དོ་དགོང་གི་ཟླ་བ་ཁེར་རྐྱང་རེད།
ཁེར་རྐྱང་གི་ཟླ་ངོགས་སུ།
ང་རང་མནོ་བསམ་གྱི་གྲུ་གཟིངས་ལ་ཞུགས་ཏེ།
བུ་མོ་ཁྱེད་རང་འབྲི་བཞིན་ཡོད།
ཁྱོད་འབྲི་བ་ནི་རང་ཉིད་ཀྱི་འདས་མ་ད་གསུམ་བྲི་བ་སྟེ།
དགའ་སྐྱོ་གང་རུང་གིས་སྐྱུར་སིམ་སིམ་གྱི་སྣང་བ་ཞིག་འཕེལ་ཡོང་།
 
ཡུན་རིང་ཞིག་ལ་བྲིས་མ་མྱངས་པའི་བརྩེ་གླུ་དག
དོ་དགོང་ངའི་ཁེར་རྐྱང་གི་ནམ་མཁའ་རུ་རོ་ལངས་རྒྱག
དེ་ནི་ཁྱོད་ཀྱིས་ང་ལ་བཞག་པའི་གསོས་ཐབས་བྲལ་བའི།
སྙིང་ཁམས་ཀྱི་རྨ་ཁ་གསར་བ་ཞིག་སྟེ།
ངའི་མུན་པའི་ཁོར་ཡུག་ཏུ་ན་ཟུག་སློང་།
 
ངས་ཁྱོད་ལ་དྲང་མོར་བཤད་ན།
སླད་མ་འདྲེས་པའི་བྱིས་བློ་དྭངས་གཙང་དེ།
གཞོན་ནུའི་ལྗན་ལྗིན་གྱི་བསམ་བློས་སྦགས་པ་ནས།
སེང་རས་ཀྱི་ཕག་ལ་ཡོལ་བའི་ངོ་ཚ་ཨ་ཙ་མ་དེར།
ངས་གཏན་ཏུ་དང་དོད་དང་ཡིད་ཆེས་བྱེད་ཐབས་བྲལ།
 
ཕན་ཚུན་འཛིང་དམོད་གང་རུང་གི་མཇུག་འབྲས་ལས།
གློ་བུར་དུ་ཁྱོད་ལ་ཤོར་བའི་སེམས་པ་དེ།
བྱིས་དུས་ཀྱི་རྩེད་ཆས་སྙིང་ལ་རྗེ་བོ་ཞིག་ལྟར།
འགྱོད་སེམས་དང་བཅས་ཆག་ཆག་གཏོང་དགོས་ཚེ།
ངས་གཏན་དུ་ལག་པ་འདི་བཏང་ཐབས་བྲལ།
 
ལྷ་མོ་སྐྱིད།
དོ་དགོང་ལྷིང་འཇགས་ཀྱི་ཁོར་ཡུག་ཏུ།
མྱི་རྐྱང་ངའི་སེམས་པ་འདི།
རྟ་མོན་གྱི་ཉིན་འདི་འགའི་གནམ་གཤིས་བཞིན་ཧ་ཅང་གྲང་།
ཡིན་ནའང་།
ཚོར་བ་འདི་ཁྱོད་ཀྱིས་ནམ་ཡང་མཆན་འགྲེལ་གྱིས་ཟིན་ཐབས་བྲལ།
 
ཨོ།  དེ་རིང་ནི་སྤྱི་ཟླ་བཞི་བའི་ཚེས་བཅུ་གཅིག་རེད་ལ།
སྐབས་འདིར་ཏག་ཏག་ནམ་གུང་གི་ཆུ་ཚོད་གཉིས་པ་སྟེ།
སློབ་རྭའི་ཕྱི་ནང་ཀུནད་འཇམ་ཅག་གེར་གནས་ནའང་།
ཁྱོད་ལ་འཁྲེན་པའི་ཚོར་ཤུགས་རྣོན་པོ་དེས།
ང་རང་རྨི་ལམ་གྱི་ཞིང་ཁམས་ལས་ཡང་ཡང་བསླངས།
 
ཤུ །   སྐབས་འདིར་ཅི་ཞིག་བྲི་འདོད་ཀྱིས་ལག་པ་ཅི་ཙམ་འགུལ་ཡང་།
ཅི་ཡང་ཕྲིས་མ་སོང་བས་འགྱོད་སེམས་ཤིག་གིས་ཡ་ཆུང་འདི་སྐྱོ་ཤུར་ཤུར།
 
ལྷ་མོ་སྐྱིད།
དོ་དགོང་འཇིགས་ཡེར་བའི་དྲན་སྣང་དེའི་སོ་ཁ་རུ།
སྲོལ་རྒྱུན་གྱི་བག་ཆགས་ཆ་ཤས་ལ་མགོ་བོ་སྒུར་མ་ཐུབ་པའི་ཁོ་བོས།
རང་སེམས་ལ་འཁྲུངས་པའི་ན་ཟུག་གི་ཡིག་འབྲུ་རེ་རེ།
མི་རྐྱང་ངའི་སེམས་པ་དང་འདྲ་བའི།
དཀར་དྭངས་དྭངས་ཀྱི་ཤོག་བུར་ཕབ་ཀྱིན་ཡོད།
 
ཡོད་ཚད་འདུས་བྱས་སུ་གྲུབ་པའི་འཇིག་རྟེན་འདིར།
ལས་དབང་ནི་ང་ཚོ་དད་ཅིང་བཀུར་བའི་ཁ་གཡར་ས་དེ་ཡིན་ན།
ང་ཁྱོད་ལ་དུངས་པ་འདི་ཡང་ལས་དབང་གི་ནག་ཉེས་མ་ཡིན་ནམ།
                                               ༢༠༡༣/༤/༡༡/ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཁྲག་འདྲ་ཞིག

2013-05-19 སྨག་འཇོམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།