རྟ་རྒྱུག་ཐང་།

བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-01

 

 

ཁོང་ཚོས་བཤད་ན
ཐང་ཆེན་པོ་དེ་རྟ་རྒྱུག་ཐང་ཡིན་ཟེར
བོད་ཟླ་བརྒྱད་པའི་ནང
རྟ་འདོ་བའི་བང་རྩལ་མངོན་ས་དང
བུ་དཔའ་བོའི་དཔའ་རྩལ་མངོན་ས་ཡིན་ཟེར
རྒྱུ་མཚན་དེའི་དབང་གིས
ན་ནིང་ཐང་དེ་ཡི་པང་དུ
ལམ་གཤག་ཏུ་མ་བཅུག་ཟེར

དེ་རིང་གི་ཁ་བ་བུ་ཡུག་དང་མཉམ་དུ
རྟ་མེད་པའི་ང
འཕྲུལ་རྟ་ཞིག་གི་ཕང་ལ་ཙོག་ནས
ཐང་ཆེན་དེའི་པང་བརྒྱུད་ནས་འགྲོ་དགོས་སོང

དེ་རིང་གི་རྟ་རྒྱུག་ཐང་ནི
མེས་པོ་ལོ་ལོ་ཞིག་དང་མཉམ་པར
གཉེར་མ་དང་འདྲ་བའི་རྨ་ཤུལ་གྱིས་གང་འདུག
རང་འདོད་དང་ངེས་མེད་ཀྱི
ལམ་བུ་ཆུང་ཆུང་མང་བོས
རི་མོ་གང་འདོད་པ་མང་བོ་ཞིག་བྲིས་འདུག

ཁོང་ཚོས་སྔར་བཞིན
ཐང་དེ་ལ་རྟ་རྒྱུག་ཐང་ཞེས་འབོད་བཞིན་འདུག

དུས་ནམ་ཞིག་ལ
རྟ་མཆོག་རྒོད་པའི་རྨིག་རྩེ་ཡིས་
བཅད་པའི་རྩྭ་ཉག་དག
ཉི་ཟེར་གང་གིས་བསྐམ་ཞིང་
རླུང་བུ་གང་ནས་འཕྱོ་ཨང

རྟ་རྒྱུག་ཐང་ནས
དྲན་པ་རབ་རིབ་གང་ཞིག་ལུས་སོང

གང་ལྟར
དེ་རིང་གི་རྟ་རྒྱུག་ཐང་ནི
བྱིས་པ་ལོ་གཉིས་ཅན་ཞིག་ལ་
སྨྱུ་གུ་སྤྲད་པ་བཞིན
ལམ་བུ་ཆེ་ཆུང་མང་བོ
རང་འདོད་དུ ངེས་མེད་དུ

རྩྭ་ཉག་རེ་རེའང་འཕྲུལ་རྟ་ཟེར་བའི་
ཞོན་ཆས་ཨག་སྒྲ་ཅན་ཞིག་དང
རླངས་འཁོར་ཨང་རྟགས་མེད་པ་འགའ་ཡི
འཁོར་ལོའི་ཧྲག་བར་ནས་རྒས་ཚར

ད་སྐབས
ཐང་ཆེན་འདི་ནས
རྟ་ལ་ཞོན་ནས་ཀི་སྒྲ་དང་བཅས་བརྒྱུག་པ་ནི
ལྗོངས་རྒྱུ་པ་ལ་ཅི་ཁག
ང་ཚོས་ཀྱང
དེ་ལ་པར་ཆས་མི་གཏོད་་རང་གཏོད་དུའོ

ཁ་བ་ད་དུང་མུ་མཐུད་དུ་བབས་སོང
དེ་རིང་གི་རྟ་རྒྱུག་ཐང
རྨ་ཁ་དང་མཉམ་དུ
གཏན་དུ་གཉིད་ཟིན་པའི་
ལུས་ཕུང་ཞིག་ཏུ་འདྲ་བར
ཨ་བྲ་ཡིས་རང་གི་མངའ་ཐང་བསྐྲུན་ཡོད་ལ
ཨ་ཅེ་འབྲོག་མོ་འགས
འཇོར་ཆུང་གིས་གྲོ་མ་རྐོ་བཞིན་འདུག་གོ
           ༢༠༡༣ ༩ ༣༠

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་རྒྱུག་ཐང་།

2013-12-01 བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས ཀློག་གྲངས། མཆན ཡོད།

 

 

ཁོང་ཚོས་བཤད་ན
ཐང་ཆེན་པོ་དེ་རྟ་རྒྱུག་ཐང་ཡིན་ཟེར
བོད་ཟླ་བརྒྱད་པའི་ནང
རྟ་འདོ་བའི་བང་རྩལ་མངོན་ས་དང
བུ་དཔའ་བོའི་དཔའ་རྩལ་མངོན་ས་ཡིན་ཟེར
རྒྱུ་མཚན་དེའི་དབང་གིས
ན་ནིང་ཐང་དེ་ཡི་པང་དུ
ལམ་གཤག་ཏུ་མ་བཅུག་ཟེར

དེ་རིང་གི་ཁ་བ་བུ་ཡུག་དང་མཉམ་དུ
རྟ་མེད་པའི་ང
འཕྲུལ་རྟ་ཞིག་གི་ཕང་ལ་ཙོག་ནས
ཐང་ཆེན་དེའི་པང་བརྒྱུད་ནས་འགྲོ་དགོས་སོང

དེ་རིང་གི་རྟ་རྒྱུག་ཐང་ནི
མེས་པོ་ལོ་ལོ་ཞིག་དང་མཉམ་པར
གཉེར་མ་དང་འདྲ་བའི་རྨ་ཤུལ་གྱིས་གང་འདུག
རང་འདོད་དང་ངེས་མེད་ཀྱི
ལམ་བུ་ཆུང་ཆུང་མང་བོས
རི་མོ་གང་འདོད་པ་མང་བོ་ཞིག་བྲིས་འདུག

ཁོང་ཚོས་སྔར་བཞིན
ཐང་དེ་ལ་རྟ་རྒྱུག་ཐང་ཞེས་འབོད་བཞིན་འདུག

དུས་ནམ་ཞིག་ལ
རྟ་མཆོག་རྒོད་པའི་རྨིག་རྩེ་ཡིས་
བཅད་པའི་རྩྭ་ཉག་དག
ཉི་ཟེར་གང་གིས་བསྐམ་ཞིང་
རླུང་བུ་གང་ནས་འཕྱོ་ཨང

རྟ་རྒྱུག་ཐང་ནས
དྲན་པ་རབ་རིབ་གང་ཞིག་ལུས་སོང

གང་ལྟར
དེ་རིང་གི་རྟ་རྒྱུག་ཐང་ནི
བྱིས་པ་ལོ་གཉིས་ཅན་ཞིག་ལ་
སྨྱུ་གུ་སྤྲད་པ་བཞིན
ལམ་བུ་ཆེ་ཆུང་མང་བོ
རང་འདོད་དུ ངེས་མེད་དུ

རྩྭ་ཉག་རེ་རེའང་འཕྲུལ་རྟ་ཟེར་བའི་
ཞོན་ཆས་ཨག་སྒྲ་ཅན་ཞིག་དང
རླངས་འཁོར་ཨང་རྟགས་མེད་པ་འགའ་ཡི
འཁོར་ལོའི་ཧྲག་བར་ནས་རྒས་ཚར

ད་སྐབས
ཐང་ཆེན་འདི་ནས
རྟ་ལ་ཞོན་ནས་ཀི་སྒྲ་དང་བཅས་བརྒྱུག་པ་ནི
ལྗོངས་རྒྱུ་པ་ལ་ཅི་ཁག
ང་ཚོས་ཀྱང
དེ་ལ་པར་ཆས་མི་གཏོད་་རང་གཏོད་དུའོ

ཁ་བ་ད་དུང་མུ་མཐུད་དུ་བབས་སོང
དེ་རིང་གི་རྟ་རྒྱུག་ཐང
རྨ་ཁ་དང་མཉམ་དུ
གཏན་དུ་གཉིད་ཟིན་པའི་
ལུས་ཕུང་ཞིག་ཏུ་འདྲ་བར
ཨ་བྲ་ཡིས་རང་གི་མངའ་ཐང་བསྐྲུན་ཡོད་ལ
ཨ་ཅེ་འབྲོག་མོ་འགས
འཇོར་ཆུང་གིས་གྲོ་མ་རྐོ་བཞིན་འདུག་གོ
           ༢༠༡༣ ༩ ༣༠

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།