ང་དང་སྐྱིད་ཆུ། ད་དུང་ཟླ་འོད།


འདས་པའི་ལོ་རྒྱུས་ཀྱི་བང་རིམ་ཁྲོད།
མཚར་སྡུག་འོད་སྟོང་གི་ལོ་རྒྱུས་མཐོང་མྱོང་ལ།
སེ་འབྲས་དགེ་གསུམ་གྱི་ཆོས་དབྱངས་རོལ་མྱོང་།
ད་དུང་མུན་ནག་ལོག་ཕྱོགས་ཀྱི་གདུག་སྤྱོད་མྱངས་པའི།
བདག་གི་སྐྱིད་ཆུ།  བདག་གི་འཁྲི་ཤིང་།
ཁྱེད་ཀྱི་ཆུ་རྒྱུན་ལས་གནའ་བའི་མི་རིགས་ཤིག་གི་ཤེས་ཡོན་དར།
ཁྱེད་ཀྱི་ཟུངས་ཁྲག་ལས་བེམ་ཤེས་ཟུང་འཇུག་གི་ཚེ་སྲོག་གང་མང་བསྐྲུན།
དེ་བས་ངས་ནི་ཁྱེད་རང་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིར་རློམ་ཡོད།

ཡིན་ཡང་།
དོ་དགོང་ངས་ཁེར་རྐྱང་གི་སྐྱོ་བ་སྒྱེ་གང་ཁུར་ནས་སླེབས་ཡོད།
རླུང་ནག་དང་བུ་ཡུག་གིས་མནར་བའི།
བེམ་ཤེས་གཉིས་ཁྱེད་ཀྱི་གནང་སྦྱིན་བྱས་པ་བདེན་ན།
དོ་དགོང་།  ངས་སླར་ཡང་ཁྱེད་ལ་མཆོད་འབུལ་བྱེད་འདོད།
འཇིག་རྟེན་ཕྱི་མའི་འཕྲང་རིང་དུའང་།
ངས་སྔར་བཞིན་རྣ་བ་ཀེར་ནས་ཁྱེད་ཀྱི་སྙིང་གཏམ་ལ་ཉན་ཞོར།
འཁྲེང་ཞེན་གྱི་ཕྱི་མིག་འདི་ནམ་ཡང་ཁྱེད་ལ་བགྲད་ངེས།

སྨྱོ་བྱེད་གང་མང་ཞིག་གི་བཟི་ཁ་ལ་རོལ་རྗེས།
ཟླ་བ་ཁེར་བགྲོད་ཅིག་ཀྱང་སྟོང་སྣང་དང་སྨག་རིམ་གྱིས་ཁེབས་པའི་མཁའ་དབྱིངས་སུ་འདུག
མག་མོག་གི་ཟླ་འོད་ཆུ་ངོགས་སུ་བསུ་དུས།
གློ་བུར།
འོད་ཀྱི་ཐིགས་པ་རེ་རེ་ངའི་བྲང་གཞུང་དུ་བབས།
ངའི་གློ་སྙིང་བརླན་ཞིང་སྐྱོ་བ་བསལ།
དེ་ནི་ལས་དབང་ཞེས་པ་ཡིན་ནམ།
སྐྱིད་ཆུ་ལགས། ཁྱེད་ཀྱི་ཆུ་རྒྱུན་གྱི་ཁུགས་སོ་རེ་རེ།
ངས་ལོ་རྒྱུས་ཀྱི་བཞུར་རྒྱུན་ལས་ཕྱིར་འཐེན་མི་ནུས་ལ།
ཟླ་འོད་ལགས། ཁྱེད་ཀྱི་ཁེར་བཞུད་ཀྱི་ཆོས་ཉིད་དེ་ལ།
ང་ལ་ལྡོག་ཐབས་ཀྱི་སྟོབས་ཤུགས་བྲལ་ཡང་།
ཁེར་རྐྱང་གི་གྲུ་ཟུར་དེ་རུ།
ང་ལ་ནམ་ཡང་དབུགས་དབྱུང་རེ་མཛད་རོགས།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་སྐྱིད་ཆུ། ད་དུང་ཟླ་འོད།

2013-10-28 རྡོ་རྗེ་རྒྱལ། ཀློག་གྲངས། མཆན ཡོད།


འདས་པའི་ལོ་རྒྱུས་ཀྱི་བང་རིམ་ཁྲོད།
མཚར་སྡུག་འོད་སྟོང་གི་ལོ་རྒྱུས་མཐོང་མྱོང་ལ།
སེ་འབྲས་དགེ་གསུམ་གྱི་ཆོས་དབྱངས་རོལ་མྱོང་།
ད་དུང་མུན་ནག་ལོག་ཕྱོགས་ཀྱི་གདུག་སྤྱོད་མྱངས་པའི།
བདག་གི་སྐྱིད་ཆུ།  བདག་གི་འཁྲི་ཤིང་།
ཁྱེད་ཀྱི་ཆུ་རྒྱུན་ལས་གནའ་བའི་མི་རིགས་ཤིག་གི་ཤེས་ཡོན་དར།
ཁྱེད་ཀྱི་ཟུངས་ཁྲག་ལས་བེམ་ཤེས་ཟུང་འཇུག་གི་ཚེ་སྲོག་གང་མང་བསྐྲུན།
དེ་བས་ངས་ནི་ཁྱེད་རང་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིར་རློམ་ཡོད།

ཡིན་ཡང་།
དོ་དགོང་ངས་ཁེར་རྐྱང་གི་སྐྱོ་བ་སྒྱེ་གང་ཁུར་ནས་སླེབས་ཡོད།
རླུང་ནག་དང་བུ་ཡུག་གིས་མནར་བའི།
བེམ་ཤེས་གཉིས་ཁྱེད་ཀྱི་གནང་སྦྱིན་བྱས་པ་བདེན་ན།
དོ་དགོང་།  ངས་སླར་ཡང་ཁྱེད་ལ་མཆོད་འབུལ་བྱེད་འདོད།
འཇིག་རྟེན་ཕྱི་མའི་འཕྲང་རིང་དུའང་།
ངས་སྔར་བཞིན་རྣ་བ་ཀེར་ནས་ཁྱེད་ཀྱི་སྙིང་གཏམ་ལ་ཉན་ཞོར།
འཁྲེང་ཞེན་གྱི་ཕྱི་མིག་འདི་ནམ་ཡང་ཁྱེད་ལ་བགྲད་ངེས།

སྨྱོ་བྱེད་གང་མང་ཞིག་གི་བཟི་ཁ་ལ་རོལ་རྗེས།
ཟླ་བ་ཁེར་བགྲོད་ཅིག་ཀྱང་སྟོང་སྣང་དང་སྨག་རིམ་གྱིས་ཁེབས་པའི་མཁའ་དབྱིངས་སུ་འདུག
མག་མོག་གི་ཟླ་འོད་ཆུ་ངོགས་སུ་བསུ་དུས།
གློ་བུར།
འོད་ཀྱི་ཐིགས་པ་རེ་རེ་ངའི་བྲང་གཞུང་དུ་བབས།
ངའི་གློ་སྙིང་བརླན་ཞིང་སྐྱོ་བ་བསལ།
དེ་ནི་ལས་དབང་ཞེས་པ་ཡིན་ནམ།
སྐྱིད་ཆུ་ལགས། ཁྱེད་ཀྱི་ཆུ་རྒྱུན་གྱི་ཁུགས་སོ་རེ་རེ།
ངས་ལོ་རྒྱུས་ཀྱི་བཞུར་རྒྱུན་ལས་ཕྱིར་འཐེན་མི་ནུས་ལ།
ཟླ་འོད་ལགས། ཁྱེད་ཀྱི་ཁེར་བཞུད་ཀྱི་ཆོས་ཉིད་དེ་ལ།
ང་ལ་ལྡོག་ཐབས་ཀྱི་སྟོབས་ཤུགས་བྲལ་ཡང་།
ཁེར་རྐྱང་གི་གྲུ་ཟུར་དེ་རུ།
ང་ལ་ནམ་ཡང་དབུགས་དབྱུང་རེ་མཛད་རོགས།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།