སྨྱུ་གུ་བོར་ཚུལ།

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-06

 

 

ཁོམ་ལོང་རེ་ཡོད་དུས།
མགོ་བོ་བསྲིངས་ནས་སྒེའུ་ཁུང་ཕྱི་རོལ་དུ་ལྟ་རྒྱུ་ནི་ཆེས་རྒྱུན་ལྡན་གྱི་གོམས་ལོབས་ཤིག་ཡིན།
ཡིན་ཡང་། ཉིན་མཚན་འདི་དག་ལ།
སྒེའུ་ཁུང་ཕྱི་རོལ་ཡོངས་རྫོགས་མུན་སྨག་གིས་བཅིལ་ནས་སྣང་བ་ཨེན་ཙམ་ཡང་རིག་རྒྱུ་དཀོན།
འདྲིས་ཤིང་འབྲེལ་བའི་སྨྱུག་ཤོག་གི་ཚོགས་ཀྱང་།
བདག་པོ་དང་བར་ཐག་རིང་པོ་ཆོད་པས།
སྨྱུག་ཆུང་ཕྲ་མོའི་རང་ལུས་མེ་དབལ་གྱི་ཚ་བས་བསྲེགས་སོང་།
དཀྱེལ་ཆེ་བའི་ཤོག་ལྷེའི་ཚོགས་ཀྱང་ཆར་ཆུས་ཡང་ཡང་བྲན་སོང་།
ཐ་ན། མེ་ཏོག་ལྟ་བུའི་བརྩེ་འཛུམ་དང་མེ་སྟག་ལྟ་བུའི་ཚོར་ཤེས་དག་ཀྱང་ལང་ལོང་སྨུག་པས་བསྒྲིབས་སོང་།
ཅི་ཡང་ཤོར་བའི་བར་གླགས་འདིར།
ཁུར་དུ་ལྕི་བའི་སྐྱོ་ཤས་ཡོད་ཚད་སུ་ལ་ཞུ།
མིག་ལ་ཐོགས་པའི་མཛེས་པ་མཐའ་དག་གང་དུ་བཤམས།
རྣ་རུ་སྙན་པའི་གླུ་སྐད་གཙང་མ་སུ་ལ་ལེན།
ཁོང་ལ་སྦེད་པའི་གསང་རྒྱ་མང་པོ་ཇི་ལྟར་དགྲམ།
མཚམས་དུས་འདིར།  ཤེས་རབ་ཀྱི་ལྷ་མོ་ལགས། ང་ལ་སྙན་ངག་གི་བདུད་རྩི་ཕངས་མེད་སྦྱིན་ཅིག
ངག་དབང་གི་ལྷ་མོ་ལགས།  ང་ལ་དབྱངས་རྟའི་འདེགས་འཇོག་བར་མེད་དུ་སྩོལ་ཅིག
ངའི་སྨྱུག་ཆུང་ཕྲ་མོ་བཙའ་ཡིས་ཟིན་ཡང་། འཚོ་བའི་ཡང་སྙིང་བསྲེག་བཅད་བརྡར་གསུམ་བྱ་འདོད།
ངའི་ཤོག་སྐྱ་ཐེད་པོ་ཆུ་ཡིས་སྦངས་ཀྱང་། ཚོར་བའི་རི་མོ་ཁ་དོག་ལ་བསྒྲེས་ནས་འབྲི་བཞེངས་བྱ་འདོད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྱུ་གུ་བོར་ཚུལ།

2013-10-06 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

 

 

ཁོམ་ལོང་རེ་ཡོད་དུས།
མགོ་བོ་བསྲིངས་ནས་སྒེའུ་ཁུང་ཕྱི་རོལ་དུ་ལྟ་རྒྱུ་ནི་ཆེས་རྒྱུན་ལྡན་གྱི་གོམས་ལོབས་ཤིག་ཡིན།
ཡིན་ཡང་། ཉིན་མཚན་འདི་དག་ལ།
སྒེའུ་ཁུང་ཕྱི་རོལ་ཡོངས་རྫོགས་མུན་སྨག་གིས་བཅིལ་ནས་སྣང་བ་ཨེན་ཙམ་ཡང་རིག་རྒྱུ་དཀོན།
འདྲིས་ཤིང་འབྲེལ་བའི་སྨྱུག་ཤོག་གི་ཚོགས་ཀྱང་།
བདག་པོ་དང་བར་ཐག་རིང་པོ་ཆོད་པས།
སྨྱུག་ཆུང་ཕྲ་མོའི་རང་ལུས་མེ་དབལ་གྱི་ཚ་བས་བསྲེགས་སོང་།
དཀྱེལ་ཆེ་བའི་ཤོག་ལྷེའི་ཚོགས་ཀྱང་ཆར་ཆུས་ཡང་ཡང་བྲན་སོང་།
ཐ་ན། མེ་ཏོག་ལྟ་བུའི་བརྩེ་འཛུམ་དང་མེ་སྟག་ལྟ་བུའི་ཚོར་ཤེས་དག་ཀྱང་ལང་ལོང་སྨུག་པས་བསྒྲིབས་སོང་།
ཅི་ཡང་ཤོར་བའི་བར་གླགས་འདིར།
ཁུར་དུ་ལྕི་བའི་སྐྱོ་ཤས་ཡོད་ཚད་སུ་ལ་ཞུ།
མིག་ལ་ཐོགས་པའི་མཛེས་པ་མཐའ་དག་གང་དུ་བཤམས།
རྣ་རུ་སྙན་པའི་གླུ་སྐད་གཙང་མ་སུ་ལ་ལེན།
ཁོང་ལ་སྦེད་པའི་གསང་རྒྱ་མང་པོ་ཇི་ལྟར་དགྲམ།
མཚམས་དུས་འདིར།  ཤེས་རབ་ཀྱི་ལྷ་མོ་ལགས། ང་ལ་སྙན་ངག་གི་བདུད་རྩི་ཕངས་མེད་སྦྱིན་ཅིག
ངག་དབང་གི་ལྷ་མོ་ལགས།  ང་ལ་དབྱངས་རྟའི་འདེགས་འཇོག་བར་མེད་དུ་སྩོལ་ཅིག
ངའི་སྨྱུག་ཆུང་ཕྲ་མོ་བཙའ་ཡིས་ཟིན་ཡང་། འཚོ་བའི་ཡང་སྙིང་བསྲེག་བཅད་བརྡར་གསུམ་བྱ་འདོད།
ངའི་ཤོག་སྐྱ་ཐེད་པོ་ཆུ་ཡིས་སྦངས་ཀྱང་། ཚོར་བའི་རི་མོ་ཁ་དོག་ལ་བསྒྲེས་ནས་འབྲི་བཞེངས་བྱ་འདོད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།