སེམས་མཐིལ་ལ་འབྱར་བའི་སྨྲེ་ངག་དམར་པོ།

ས་ཉལ་ཨེ་ལོག༼ཐེམ་ཆེན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-23

            ___རྭ་རྒྱའི་འགུ་རུ་སྒྲོལ་མར།

 

སྐྱོ་གདུང་དང་ན་ཟུག་གི་མེ་ལྕེ་དམར་བའི་གཡུལ་ས་འདི་རུ།
འཁོར་བ་ཡི་སྡུག་བསྔལ་བཙན་དྲག་ཆེ་བའི་འཐབ་རྩོད་འདི་རུ།
སུ་ཞིག་གིས།    རང་ཉིད་ཀྱི་ལས་དབང་ལ་རྫོགས་ཚིག་འགོད་པའི་དཔུང་བ་བསྒྲེང་ཀྱང་།
འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་ཚར་བའི་ལོ་ཟླ་འདི་དག་གི་རུམ་ཁ་རུ།
སེམས་པ་ཁྲི་ཕྲག་གི་ཕྱི་ནང་ལ་སྔར་བཞིན་རླུང་བུ་འུར་འུར་ལྡང་སོང་།
 
ཁྱུང་ཆེན་རི་བོར་རྒྱབ་རྟེན་བཅོལ་ཞིང་།
རྫ་རི་སྨུག་པོར་བློ་ཁ་གཏད་པའི།  རྭ་རྒྱའི་འབྲོག་མོ།
སློག་ཧྲུལ་གྱོན་པའི་དུས་ཚིགས་འདིའི་བྲང་གཞུང་དུ།
རྙོག་འཛིང་ཆེ་བའི་འཁོར་བ་འདིའི་ནུ་རྩེ་རུ།
མི་རྟག་མཛངས་མའི་བཞིན་མདངས་ཞིག་ག་ལེར་མངོན་ཡོང་།
སེམས་མཐིལ་ལ་འབྱར་བའི་སྨྲེ་ངག་འདི་གང་ས་གང་དུ་བཞུར་སོང་།
 
འདས་ཟིན་པའི་ལོ་ཟླའི་ངོགས་སུ།
ཕར་དགའ་ཚུར་འཐད་ཀྱི་སྣང་བ་ག་ཙམ་ཆགས་མྱོང་།
ཕར་ལབ་ཚུར་ལབ་གྱི་སྙིང་གཏམ་ག་ཙམ་བཤད་མྱོང་།
དགའ་དགའ་དང་སྤྲོ་སྤྲོའི་ལས་དབང་ལེགས་པོ་འདིའི་ཁོངས་གསེང་དུ།
ཁྱེད་ཀྱིས་ཀྱང་བརྩེ་གདུང་དང་ཆགས་སྲེད་ཀྱི་འབྲས་བུ་ལ་ལག་སྙོབ་བྱ་འོས།
 
རྭ་རྒྱའི་འབྲོག་མོ་ལགས།    འབྲོག་ཐང་གི་འཚོ་བ་མར་ཁུ་ལྟར་འཁྱིལ་ངེས་ཀྱང་།
འགྲན་རྩོད་ཀྱི་རླབས་རྒྱུན་མཁའ་དབྱིངས་སུ་འཁྲིགས་དུས།
རྣག་ཁྲག་གི་བྲིས་པའི་རྐང་རྗེ་དག་གི།
ཡང་སྙིང་སུ་ཞིག་གིས་འཚོལ་ལམ།
མ་མཐའ་ཡང་།    སེམས་མཐིལ་ལ་འབྱར་བའི་སྨྲེ་ངག་དམར་པོ་འདི།
སུ་ཞིག་གིས་མཐོང་ངམ།   གང་ཞིག་གིས་རྟོགས་སམ།
ལྷག་པར་ཁྱེད་ཀྱིས་ཤེས་སམ།
                         ༢༠༡༣     ༤    ༡ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་མཐིལ་ལ་འབྱར་བའི་སྨྲེ་ངག་དམར་པོ།

2013-09-23 ས་ཉལ་ཨེ་ལོག༼ཐེམ་ཆེན༽ ཀློག་གྲངས། མཆན ཡོད།

            ___རྭ་རྒྱའི་འགུ་རུ་སྒྲོལ་མར།

 

སྐྱོ་གདུང་དང་ན་ཟུག་གི་མེ་ལྕེ་དམར་བའི་གཡུལ་ས་འདི་རུ།
འཁོར་བ་ཡི་སྡུག་བསྔལ་བཙན་དྲག་ཆེ་བའི་འཐབ་རྩོད་འདི་རུ།
སུ་ཞིག་གིས།    རང་ཉིད་ཀྱི་ལས་དབང་ལ་རྫོགས་ཚིག་འགོད་པའི་དཔུང་བ་བསྒྲེང་ཀྱང་།
འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་ཚར་བའི་ལོ་ཟླ་འདི་དག་གི་རུམ་ཁ་རུ།
སེམས་པ་ཁྲི་ཕྲག་གི་ཕྱི་ནང་ལ་སྔར་བཞིན་རླུང་བུ་འུར་འུར་ལྡང་སོང་།
 
ཁྱུང་ཆེན་རི་བོར་རྒྱབ་རྟེན་བཅོལ་ཞིང་།
རྫ་རི་སྨུག་པོར་བློ་ཁ་གཏད་པའི།  རྭ་རྒྱའི་འབྲོག་མོ།
སློག་ཧྲུལ་གྱོན་པའི་དུས་ཚིགས་འདིའི་བྲང་གཞུང་དུ།
རྙོག་འཛིང་ཆེ་བའི་འཁོར་བ་འདིའི་ནུ་རྩེ་རུ།
མི་རྟག་མཛངས་མའི་བཞིན་མདངས་ཞིག་ག་ལེར་མངོན་ཡོང་།
སེམས་མཐིལ་ལ་འབྱར་བའི་སྨྲེ་ངག་འདི་གང་ས་གང་དུ་བཞུར་སོང་།
 
འདས་ཟིན་པའི་ལོ་ཟླའི་ངོགས་སུ།
ཕར་དགའ་ཚུར་འཐད་ཀྱི་སྣང་བ་ག་ཙམ་ཆགས་མྱོང་།
ཕར་ལབ་ཚུར་ལབ་གྱི་སྙིང་གཏམ་ག་ཙམ་བཤད་མྱོང་།
དགའ་དགའ་དང་སྤྲོ་སྤྲོའི་ལས་དབང་ལེགས་པོ་འདིའི་ཁོངས་གསེང་དུ།
ཁྱེད་ཀྱིས་ཀྱང་བརྩེ་གདུང་དང་ཆགས་སྲེད་ཀྱི་འབྲས་བུ་ལ་ལག་སྙོབ་བྱ་འོས།
 
རྭ་རྒྱའི་འབྲོག་མོ་ལགས།    འབྲོག་ཐང་གི་འཚོ་བ་མར་ཁུ་ལྟར་འཁྱིལ་ངེས་ཀྱང་།
འགྲན་རྩོད་ཀྱི་རླབས་རྒྱུན་མཁའ་དབྱིངས་སུ་འཁྲིགས་དུས།
རྣག་ཁྲག་གི་བྲིས་པའི་རྐང་རྗེ་དག་གི།
ཡང་སྙིང་སུ་ཞིག་གིས་འཚོལ་ལམ།
མ་མཐའ་ཡང་།    སེམས་མཐིལ་ལ་འབྱར་བའི་སྨྲེ་ངག་དམར་པོ་འདི།
སུ་ཞིག་གིས་མཐོང་ངམ།   གང་ཞིག་གིས་རྟོགས་སམ།
ལྷག་པར་ཁྱེད་ཀྱིས་ཤེས་སམ།
                         ༢༠༡༣     ༤    ༡ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།