མཛའ་མོ་དྲན་པ།


ངས    ཁྱོད་དྲན་དོན
བར་ཐག་དེའི་དབང་གིས་མིན་ཏེ
ཁ་སང  འུ་གཉིས་ཐུག་ཙམ་གྱིས
སླད་མར་གྱེས་སོང་བས་ཡིན

ད་ནངས   ཁྱོད་དྲན་དུས
ཕ་ཡུལ་ལ་བམ་མཐུག་པའི་ཁ་བ་བཞག་ཡོད
དེའི་ཁྲོད་དུ   བདག་གི་ཕུ་བོས
རྟ་ཕོ་གྱོ་དམར་ཞིག་ཆིབས་ནས
ཡུལ་ལ་ལོག་གྲབས་ཡོད

ཁྱོད     རང་གི་གྲིབ་མའི་ཁ་གཏད་དུ་བཙོག་ནས
མཛུབ་མོ་རྒྱུག་ཤུལ་གྱི་མཐེབ་དག་བསྐྱར་དུ་བསྣན་རྗེས
ཅི་ཞིག་འཆད་རྩིས་ཀྱི་མགྲིན་པ་བརྣངས་སོང་ཨང

ཡུལ་ལ་ལོག་ན   ཕ་མས་པདྨ་མཚོ་ཞེས་འབོད་སྲིད
རི་ལ་ཡོང་ན བདག་གིས་ཆུ་སྐྱེས་མཚོ་རུ་འབོད་ངེས

གང་ལྟར   འདས་ཟིན་པ་ང་ཚོ་དང་རིང་དུ་གྱེས་སོང་བས

བྱམས་པ་ང  དེ་རིང་རྐང་རྗེན་མིན
བྱམས་པ་ང  དོ་ཚིགས་ལོ་ཉལ་ཡང་མིན
     ༢༠༡༣   ༠༤  ༢༩ཉིན་ནོར་ལྷ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛའ་མོ་དྲན་པ།

2013-09-18 དགའ་ཕ་ལམ། ཀློག་གྲངས། མཆན ཡོད།


ངས    ཁྱོད་དྲན་དོན
བར་ཐག་དེའི་དབང་གིས་མིན་ཏེ
ཁ་སང  འུ་གཉིས་ཐུག་ཙམ་གྱིས
སླད་མར་གྱེས་སོང་བས་ཡིན

ད་ནངས   ཁྱོད་དྲན་དུས
ཕ་ཡུལ་ལ་བམ་མཐུག་པའི་ཁ་བ་བཞག་ཡོད
དེའི་ཁྲོད་དུ   བདག་གི་ཕུ་བོས
རྟ་ཕོ་གྱོ་དམར་ཞིག་ཆིབས་ནས
ཡུལ་ལ་ལོག་གྲབས་ཡོད

ཁྱོད     རང་གི་གྲིབ་མའི་ཁ་གཏད་དུ་བཙོག་ནས
མཛུབ་མོ་རྒྱུག་ཤུལ་གྱི་མཐེབ་དག་བསྐྱར་དུ་བསྣན་རྗེས
ཅི་ཞིག་འཆད་རྩིས་ཀྱི་མགྲིན་པ་བརྣངས་སོང་ཨང

ཡུལ་ལ་ལོག་ན   ཕ་མས་པདྨ་མཚོ་ཞེས་འབོད་སྲིད
རི་ལ་ཡོང་ན བདག་གིས་ཆུ་སྐྱེས་མཚོ་རུ་འབོད་ངེས

གང་ལྟར   འདས་ཟིན་པ་ང་ཚོ་དང་རིང་དུ་གྱེས་སོང་བས

བྱམས་པ་ང  དེ་རིང་རྐང་རྗེན་མིན
བྱམས་པ་ང  དོ་ཚིགས་ལོ་ཉལ་ཡང་མིན
     ༢༠༡༣   ༠༤  ༢༩ཉིན་ནོར་ལྷ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།