དབུགས་དབྱུང་།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-18

 

དུས་ཚོད་ཀྱི་མདའ་རྩེ་ལྷེམ་ལྷེམ་འགུལ་སྟངས་ཀྱིས
ང་ཡི་ཚེ་སྲོག་ལ་གཡབ་མོ་བྱེད་ཀྱིན་འདུག

འཕྲེང་ཞེན་གྱི་བུང་བ་འཁོར་སའི
དྲན་ཤིང་གི་མེ་ཏོག་དམར་པོ་ཞིག
ང་ཡི་བྲང་གཞུང་གི་སྤང་ཁུགས་སུ་དབྱར་དགུན་མེད་པར་བཞད་ཡོད
 
མི་སེམས་ཀྱི་ལྗོན་པའི་སྟེང་ལ
བསམ་གཞིག་གི་ཡལ་ག་ཐོགས་ཤིང
འགན་འཁྲི་ཞེས་པའི་ལོ་མ་ཁ་ཤས་ཀྱང་འབུས་པ་ནས་བཟུང
སྙན་ངག་ཅིག་བྲིས་པའང་དབུགས་དབྱུང་ཐེངས་ཤིག་གོ
       ༢༠༡༣  ༦  ༩  ས་སྲོད་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུགས་དབྱུང་།

2013-09-18 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

 

དུས་ཚོད་ཀྱི་མདའ་རྩེ་ལྷེམ་ལྷེམ་འགུལ་སྟངས་ཀྱིས
ང་ཡི་ཚེ་སྲོག་ལ་གཡབ་མོ་བྱེད་ཀྱིན་འདུག

འཕྲེང་ཞེན་གྱི་བུང་བ་འཁོར་སའི
དྲན་ཤིང་གི་མེ་ཏོག་དམར་པོ་ཞིག
ང་ཡི་བྲང་གཞུང་གི་སྤང་ཁུགས་སུ་དབྱར་དགུན་མེད་པར་བཞད་ཡོད
 
མི་སེམས་ཀྱི་ལྗོན་པའི་སྟེང་ལ
བསམ་གཞིག་གི་ཡལ་ག་ཐོགས་ཤིང
འགན་འཁྲི་ཞེས་པའི་ལོ་མ་ཁ་ཤས་ཀྱང་འབུས་པ་ནས་བཟུང
སྙན་ངག་ཅིག་བྲིས་པའང་དབུགས་དབྱུང་ཐེངས་ཤིག་གོ
       ༢༠༡༣  ༦  ༩  ས་སྲོད་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།