ངས་ཅི་ཡང་མཐོང་མ་སོང་།༼ཞར་བཀོད་གཉིས་ཡོད༽

                                     __རང་ཤི་བརྒྱབས་པའི་སྙན་ངག
                 
ངས་ཁོ་མོའི་ཉིན་ཐོ་རུ་བརྩེ་བའི་མིག་ཆུ་སྦས་ཡོད་པ་མཐོང་མ་བྱུང
ངས་མིག་ཆུ་དེའི་ནང་དུ་གསང་བའི་ཉིང་ཁུ་བཞུར་གྱིན་པ་མཐོང་མ་བྱུང
ངས་རང་ཉིད་ཀྱིས་ཅི་ཞིག་མཐོང་གིན་མེད་པ་དེའང་མཐོང་མ་བྱུང
ངས་ཉི་འོད་མཐོང་མ་བྱུང  ངས་མི་ཚོགས་མཐོང་མ་བྱུང
 
ངས་ཁོ་མོའི་མིག་ཟུང་དུ་མཆི་མའི་ཆུ་ཀླུང་སྦས་ཡོད་པ་མཐོང་མ་བྱུང
ངས་ཆུ་ཀླུང་དེའི་ནང་དུ་གདུང་བའི་བྱེ་རླུང་འཁྲུག་གིན་པ་མཐོང་མ་བྱུང
ངས་ཁྱེད་ཀྱིས་ཅི་ཞིག་མཐོང་གི་མེད་པ་དེའང་མཐོང་མ་བྱུང
ངས་རི་བོ་མཐོང་མ་བྱུང  ངས་ནགས་ཀློང་མཐོང་མ་བྱུང
 
ངས་མཆོད་མེའི་འོད་རླབས་སུ་སེམས་ཀྱི་འབྱོར་ཕྱུག་མནན་པ་མཐོང་མ་བྱུང
ངས་བྱིན་རླབས་དེའི་ངོགས་སུ་དུས་ཀྱི་དྲི་བསུང་ལྡིང་གིན་པ་མཐོང་མ་བྱུང
ངས་ཅི་ཡང་མཐོང་བྱུང    ངས་ཞི་བདེ་མཐོང་མ་བྱུང

                 2014.5.5ཉིན།

          ང་ནི་རྒྱང་ཐག་རིང་བའི་ལམ་བུ་ལ་དགའ་འམ།
                    
ང་རང་ངའི་སྐོམ་པའི་ཚལ་དུ་གདེངས་འཇོག་བསྒྱུར་དུས
ངས་རྒྱང་ཐག་རིང་བའི་ལམ་སྣེ་དག་གི་འོད་ཟེར་མཐོང་བྱུང
མག་མོག་གི་ས་སྲོད་ཅིག་ལ་ཕྱིར་ལོག་གིན་པའི་གོམ་སྒྲ་ཁོ་ནས
ངའི་དུས་ཚོད་ཀྱི་བར་སྟོང་བསྒུལ་བྱུང
ས་སྲོད་དུ  མི་ཞིག་གིས་ཁྱེད་ཀྱི་རྩིག་པ་བཤིག་གིན་འདུག
རྩིག་པའི་ནང་གི་སྟོང་འདང་དང་མ་འོངས་པའི་ནམ་མཁའ་བཤིགས་རྗེས
མདུན་ཕྱོགས་སུ་ཁྱེད་ལ་བགྲོད་ལམ་ཡེས་ནས་མི་འདུག
          2014.5.6ཉིན།
 
           lzལགས་ལ་ཕུལ་བ།

རྒྱུ་མཚན་མེད་པར
ང་རང་སྐྱེས་པ་མང་པོའི་རུམ་དུ་ཉལ་ནས
ཁོ་ཚོའི་ལུས་སྟེང་ནས་ཁྱེད་ཀྱི་དྲོད་ཁོལ་བཙལ་མྱོང
ཡང་མཚམས་ལན་རེར
ངས་རང་ཉིད་གྲོང་ཁྱེར་འདིའི་རྡུལ་སྐྱ་འབབ་ཀྱིན་པའི་
མཁའ་དབུགས་ཁྲོད་སྦས་ཏེ
ངས་ཁྱེད་ཀྱི་ནམ་མཁའ་ཇི་ལྟར་བཟོ་དགོས་པའི་རྒྱ་ཁྱོན་བཙལ
ཡིན་ཡང ད་ནི་ཐང་ཆད་པ་དག་ཕྱིར་བླངས་ཏེ
ཤུལ་དུ་སྤྲིན་དཀར་བཟོ་ཤེས་པའི་ཁོ་མོ་འདེབས
           2014.5.13ཉིན།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཅི་ཡང་མཐོང་མ་སོང་།༼ཞར་བཀོད་གཉིས་ཡོད༽

2014-10-07 སྲིན་པོ། ཀློག་གྲངས། མཆན ཡོད།

                                     __རང་ཤི་བརྒྱབས་པའི་སྙན་ངག
                 
ངས་ཁོ་མོའི་ཉིན་ཐོ་རུ་བརྩེ་བའི་མིག་ཆུ་སྦས་ཡོད་པ་མཐོང་མ་བྱུང
ངས་མིག་ཆུ་དེའི་ནང་དུ་གསང་བའི་ཉིང་ཁུ་བཞུར་གྱིན་པ་མཐོང་མ་བྱུང
ངས་རང་ཉིད་ཀྱིས་ཅི་ཞིག་མཐོང་གིན་མེད་པ་དེའང་མཐོང་མ་བྱུང
ངས་ཉི་འོད་མཐོང་མ་བྱུང  ངས་མི་ཚོགས་མཐོང་མ་བྱུང
 
ངས་ཁོ་མོའི་མིག་ཟུང་དུ་མཆི་མའི་ཆུ་ཀླུང་སྦས་ཡོད་པ་མཐོང་མ་བྱུང
ངས་ཆུ་ཀླུང་དེའི་ནང་དུ་གདུང་བའི་བྱེ་རླུང་འཁྲུག་གིན་པ་མཐོང་མ་བྱུང
ངས་ཁྱེད་ཀྱིས་ཅི་ཞིག་མཐོང་གི་མེད་པ་དེའང་མཐོང་མ་བྱུང
ངས་རི་བོ་མཐོང་མ་བྱུང  ངས་ནགས་ཀློང་མཐོང་མ་བྱུང
 
ངས་མཆོད་མེའི་འོད་རླབས་སུ་སེམས་ཀྱི་འབྱོར་ཕྱུག་མནན་པ་མཐོང་མ་བྱུང
ངས་བྱིན་རླབས་དེའི་ངོགས་སུ་དུས་ཀྱི་དྲི་བསུང་ལྡིང་གིན་པ་མཐོང་མ་བྱུང
ངས་ཅི་ཡང་མཐོང་བྱུང    ངས་ཞི་བདེ་མཐོང་མ་བྱུང

                 2014.5.5ཉིན།

          ང་ནི་རྒྱང་ཐག་རིང་བའི་ལམ་བུ་ལ་དགའ་འམ།
                    
ང་རང་ངའི་སྐོམ་པའི་ཚལ་དུ་གདེངས་འཇོག་བསྒྱུར་དུས
ངས་རྒྱང་ཐག་རིང་བའི་ལམ་སྣེ་དག་གི་འོད་ཟེར་མཐོང་བྱུང
མག་མོག་གི་ས་སྲོད་ཅིག་ལ་ཕྱིར་ལོག་གིན་པའི་གོམ་སྒྲ་ཁོ་ནས
ངའི་དུས་ཚོད་ཀྱི་བར་སྟོང་བསྒུལ་བྱུང
ས་སྲོད་དུ  མི་ཞིག་གིས་ཁྱེད་ཀྱི་རྩིག་པ་བཤིག་གིན་འདུག
རྩིག་པའི་ནང་གི་སྟོང་འདང་དང་མ་འོངས་པའི་ནམ་མཁའ་བཤིགས་རྗེས
མདུན་ཕྱོགས་སུ་ཁྱེད་ལ་བགྲོད་ལམ་ཡེས་ནས་མི་འདུག
          2014.5.6ཉིན།
 
           lzལགས་ལ་ཕུལ་བ།

རྒྱུ་མཚན་མེད་པར
ང་རང་སྐྱེས་པ་མང་པོའི་རུམ་དུ་ཉལ་ནས
ཁོ་ཚོའི་ལུས་སྟེང་ནས་ཁྱེད་ཀྱི་དྲོད་ཁོལ་བཙལ་མྱོང
ཡང་མཚམས་ལན་རེར
ངས་རང་ཉིད་གྲོང་ཁྱེར་འདིའི་རྡུལ་སྐྱ་འབབ་ཀྱིན་པའི་
མཁའ་དབུགས་ཁྲོད་སྦས་ཏེ
ངས་ཁྱེད་ཀྱི་ནམ་མཁའ་ཇི་ལྟར་བཟོ་དགོས་པའི་རྒྱ་ཁྱོན་བཙལ
ཡིན་ཡང ད་ནི་ཐང་ཆད་པ་དག་ཕྱིར་བླངས་ཏེ
ཤུལ་དུ་སྤྲིན་དཀར་བཟོ་ཤེས་པའི་ཁོ་མོ་འདེབས
           2014.5.13ཉིན།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།