ཤོག་བྱ་གཏོང་མཁན་གྱི་མི།

ར་བཟི་དབང་གྲགས།༼ཁྲང་ཁྲོན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-08-11

 

ང་ཚོས་གནའ་མིའི་མཛོད་ཁང་དུ་འཛུལ་ནས་བོད་ཤོག་ཆེན་པོ་ཞིག་བྲེག
ང་ཚོས་བྲག་སྲིན་མོའི་དབུ་སྐྲ་གཡར་ནས་སྐུད་པ་རིང་མོ་ཞིག་བསླས
གནའ་བོའི་བང་གསོའི་གྲུ་ཁུག་ནས་རྙེད་པའི་མེས་པོའི་ལྷམ་མཐིལ་དེས
ང་ཚོས་ཤོག་བྱའི་ལུས་པོ་ལས་ཀྱང་ཆེ་བའི་གཤོག་པ་ཆེན་པོ་ཞིག་བཟོས
ང་ཚོ་ལ་གཤོག་པ་མེད་པས་ཤོག་བྱ་དེ་རང་རང་གི་གཤོག་པ་རུ་སྒོམ
ཤོག་བྱ་གཏོང་མྱོང་མེད་པའི་ང་ཚོས་ཤོག་བྱ་མཁའ་དབྱིངས་སུ་གཏོང་སྐབས
བྱ་བྲིན་གྱིས་སྦག་པའི་མིག་ཟུང་གི་ཤོག་བྱའི་མཁའ་ལམ་དེ་མ་རེག
ཕྱི་གླིང་པའི་རྒྱང་ཤེལ་རིང་མོ་དེ་གཡར་ནས་མཐའ་མཇུག་གི་མཛེས་སྡུག་རེ་འཚོལ་དུས
ང་ཚོའི་ཤོག་བྱ་ལེ་དབར་སྟོང་གི་ས་མཚམས་ན་ཆག་གྲུམ་དུ་ཤོར་ཟིན
མྱ་ངན་དང་ཐེ་ཚོམ་གྱི་བྲིས་པའི་རི་མོའི་ངོས་ལ་སྣང་བ་ནི
ཚིག་དྲི་འཐུལ་བའི་གྲོག་རོང་ལ་ལྷུང་བའི་ཤོག་བྱ་ཞིག་དང
མི་རབས་དུ་མར་གྱེན་དུ་གཟེངས་པའི་མགོ་བོ་ཆེན་པོ་ཞིག
ད་དུང་ཡང་ས་ལ་འབྲད་མྱོང་མེད་པའི་རྐང་བ་རིལ་མོ་ཞིག

                          ༢༠༡༤ ༤ ༢༢   ཁྲང་ཁྲུན་དུ།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤོག་བྱ་གཏོང་མཁན་གྱི་མི།

2014-08-11 ར་བཟི་དབང་གྲགས།༼ཁྲང་ཁྲོན༽ ཀློག་གྲངས། མཆན ཡོད།

 

ང་ཚོས་གནའ་མིའི་མཛོད་ཁང་དུ་འཛུལ་ནས་བོད་ཤོག་ཆེན་པོ་ཞིག་བྲེག
ང་ཚོས་བྲག་སྲིན་མོའི་དབུ་སྐྲ་གཡར་ནས་སྐུད་པ་རིང་མོ་ཞིག་བསླས
གནའ་བོའི་བང་གསོའི་གྲུ་ཁུག་ནས་རྙེད་པའི་མེས་པོའི་ལྷམ་མཐིལ་དེས
ང་ཚོས་ཤོག་བྱའི་ལུས་པོ་ལས་ཀྱང་ཆེ་བའི་གཤོག་པ་ཆེན་པོ་ཞིག་བཟོས
ང་ཚོ་ལ་གཤོག་པ་མེད་པས་ཤོག་བྱ་དེ་རང་རང་གི་གཤོག་པ་རུ་སྒོམ
ཤོག་བྱ་གཏོང་མྱོང་མེད་པའི་ང་ཚོས་ཤོག་བྱ་མཁའ་དབྱིངས་སུ་གཏོང་སྐབས
བྱ་བྲིན་གྱིས་སྦག་པའི་མིག་ཟུང་གི་ཤོག་བྱའི་མཁའ་ལམ་དེ་མ་རེག
ཕྱི་གླིང་པའི་རྒྱང་ཤེལ་རིང་མོ་དེ་གཡར་ནས་མཐའ་མཇུག་གི་མཛེས་སྡུག་རེ་འཚོལ་དུས
ང་ཚོའི་ཤོག་བྱ་ལེ་དབར་སྟོང་གི་ས་མཚམས་ན་ཆག་གྲུམ་དུ་ཤོར་ཟིན
མྱ་ངན་དང་ཐེ་ཚོམ་གྱི་བྲིས་པའི་རི་མོའི་ངོས་ལ་སྣང་བ་ནི
ཚིག་དྲི་འཐུལ་བའི་གྲོག་རོང་ལ་ལྷུང་བའི་ཤོག་བྱ་ཞིག་དང
མི་རབས་དུ་མར་གྱེན་དུ་གཟེངས་པའི་མགོ་བོ་ཆེན་པོ་ཞིག
ད་དུང་ཡང་ས་ལ་འབྲད་མྱོང་མེད་པའི་རྐང་བ་རིལ་མོ་ཞིག

                          ༢༠༡༤ ༤ ༢༢   ཁྲང་ཁྲུན་དུ།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།