ན་རོའི་སྙན་ངག་གསར་བ། གྲོག་མ་དང་ཆུ་འཁྱིལ།

བསིལ་རླུང་ཞིག་ལྡང་བ་ན།
གྲོག་མ་དེ་ཆུ་རིས་ཀྱི་གཟིངས་ལ་ཆུད།
ལམ་གྱི་སྐུད་པ་དེ་འདྲའི་ལྷོད་ལྷོད་དུ་གྱུར་པས།
རྫས་དང་ཡོན་ཏན་གྱི་གར་ཆས།
ཁོང་འདར་གྱིས་རློན་ཤིག་ཤིག་ཏུ་བཏང་།
ནུབ་ཁའི་ཉི་འོད་ནུབ་རི་མཐོན་པོས་བཞོགས་ཟིན་ལ།
སོ་སོའི་སྐེད་སྐབས་ལས་ཀྱང་ཉག་ཕྲ་བར་མངོན།
གྲང་བའི་ལྷན་པ་ནི་ཆུ་རྡུལ།
ཆུ་རྡུལ་འཁྱག་སིབ་སིབ།
ལམ་གྱི་ཟེ་བ་ནི་རྭ་ཅོ།
རྭ་ཅོ་འདར་ལྕུག་ལྕུག

དཀར་ཡོལ་ཁ་ཆག་མ་ལྟ་བུའི་ཆུ་འཁྱིལ་དེར་ཅི་ཡང་ཤར་འདུག
དོང་ཞབས་མེད་ཅིག་ཀྱང་ཤར་འདུག
 
     2014ལོའི་ཟླ6པ།

   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་རོའི་སྙན་ངག་གསར་བ། གྲོག་མ་དང་ཆུ་འཁྱིལ།

2014-06-17 ན་རོ། ཀློག་གྲངས། མཆན ཡོད།

བསིལ་རླུང་ཞིག་ལྡང་བ་ན།
གྲོག་མ་དེ་ཆུ་རིས་ཀྱི་གཟིངས་ལ་ཆུད།
ལམ་གྱི་སྐུད་པ་དེ་འདྲའི་ལྷོད་ལྷོད་དུ་གྱུར་པས།
རྫས་དང་ཡོན་ཏན་གྱི་གར་ཆས།
ཁོང་འདར་གྱིས་རློན་ཤིག་ཤིག་ཏུ་བཏང་།
ནུབ་ཁའི་ཉི་འོད་ནུབ་རི་མཐོན་པོས་བཞོགས་ཟིན་ལ།
སོ་སོའི་སྐེད་སྐབས་ལས་ཀྱང་ཉག་ཕྲ་བར་མངོན།
གྲང་བའི་ལྷན་པ་ནི་ཆུ་རྡུལ།
ཆུ་རྡུལ་འཁྱག་སིབ་སིབ།
ལམ་གྱི་ཟེ་བ་ནི་རྭ་ཅོ།
རྭ་ཅོ་འདར་ལྕུག་ལྕུག

དཀར་ཡོལ་ཁ་ཆག་མ་ལྟ་བུའི་ཆུ་འཁྱིལ་དེར་ཅི་ཡང་ཤར་འདུག
དོང་ཞབས་མེད་ཅིག་ཀྱང་ཤར་འདུག
 
     2014ལོའི་ཟླ6པ།

   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།