ཁོ་མོ་གླུ་སྐད་ཅིག་དང་འདྲ།༼ཞར་བཀོད་གཉིས་ཡོད༽

རྡོ་རྗེ་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-28
ཕྱིར་དྲན་བྱ་འོས་ཤིང་ དྲན་རྟེན་དུ་ཉར་ཆོག་པའི་ཉིན་མོ་དེར
ངས་ཉི་མ་ནུབ་པར གདུང་དབྱངས་གྱེར་མཁན་གྱི་རོལ་མོ་བ་ཞིག་ལ
“ཁོ་མོས ངའི་སྙིང་རྩ་རྒྱུད་མངས་བཞིན་དཀྲོལ་ཞིང”
“ངའི་རུས་རྐང་གླིང་བུ་བཞིན་དུ་འབུད”ཅེས་བཤད
 
རྨི་ལམ་མང་ཞིང་ ཟླ་བ་ནགས་གསེབ་བརྒྱུད་འགྲོ་བའི་མཚན་མོ་དེར
ངས་ལམ་བུ་འཚོལ་བའི་འགྲུལ་བཞུད་པ་ཞིག་ལ
“ཁོ་མོས ངའི་འདས་ཟིན་པའི་གཙང་བོ་ཕྱིར་ལྡོག་ཅིང”
“ངའི་ཕུགས་བསམ་གྱི་རྨི་ལམ མཐའ་ཡས་རྒྱ་མཚོར་བསྲེས”ཞེས་བཤད
 
ཆུ་མོ་ཀྱུར་ཀྱུར་དུ་བཞུར་ཞིང་ རྩྭ་ལྗང་ནེམ་ནེམ་གྱི་དུས་ཚིགས་དེར
ངས་བ་གླང་བོར་བའི་རྫི་བོ་གཞོན་ནུ་ཞིག་ལ
“ཁོ་མོས ངའི་ཁེར་རྐྱང་གི་སྒོ་གླེགས་བརྡུང་ཞིང”
“ངའི་དགུན་ལྗོངས་ཀྱི་འཇིག་རྟེན་དུ དབྱར་གཞུང་བསུས”ཞེས་བཤད
 
སྔོན་གྱི་རྒྱལ་བློན་ཚོའི་མགུར་གླུ་བརྗེད་ཅིང་ མངའ་ཐང་ཉམས་པའི་དོ་ནུབ
ངས་ལོ་རྒྱུས་ཀྱི་བང་སོ་སློག་གིན་པའི་རང་ཉིད་ལ
“ཁོ་མོ གླུ་སྐད་ཅིག་དང་འདྲ་བར
ངའི་བརྩེ་དུང་གི་སྡིངས་ཆའི་སྟེང”
“སུས་ཀྱང་ འཁྲབ་མྱོང་བའི་བྲོ་ཞིག་འཁྲབ་ཅིང”
“གང་གིས་ཀྱང་ བླངས་མ་མྱོང་བའི་མཛའ་གཞས་ཤིག་བླངས”ཞེས་བཤད
                         10/27/2013

          དོ་ནུབ ང་ད་དུང་ཁེར་རྐྱང་ཡིན།
 
ཧ་ཅང་ ཁེར་ཧྲེང་ཡིན་པའི་མཚན་མོ་ཞིག་ལ
ངས་འདྲ་རིས་ཤིག་གི་ངོས་ནས
ཁྱོད་ཀྱི་འཛུམ་མདངས་རྙེད་ཅིང་ སེམས་ཀྱི་དུངས་ཀ་ཚོར
 
དེ་ནས ངས་ཁྱོང་རང་མེ་ཏོག་གི་ས་བོན་བཞིན
ངའི་བྲང་གཞུང་གི་ས་ཞིང་སྣུམ་པོར་བཏབ་ཅིང་
དེ་ནས ཁྱོད་རང་མེ་ཏོག་བཞིན
ངའི་འོད་དུ་འཚེར་བའི་མིག་ནང་དུ་འབུས
 
འཁྱགས་རེངས་ཏུ་སོང་བའི་མཚན་སྒང་རེར
ངས་སྨག་རུམ་གྱི་ལྭ་རིང་གྱོན་ནས ལམ་ལ་བཞུད་སྐབས
རྨི་ལམ་གཅིག་ཁོ་ནར་རྨིས་ཤིང་ རེ་འདུན་གཅིག་ཁོ་ནར་སེམས་སུ་ཉར
ངས་རང་ཉིད་ལའང་
མཚན་མོ་ཇི་བཞིན ཟླ་བ་ལྟ་བུའི་ཁྱོད་ཉིད་དབང་ན་སེམས
 
སེམས་པ་འདར་ཞིང་ རྣམ་ཤེས་འཁྱམ་པའི་མི་ཚོགས་ཁྲོད
ངས་ཅི་ཞིག་བརླགས་སོང་བ་བཞིན
མིག་གིས་ཁྱོད་ཉིད་འཚོལ་ཞིང་ སེམས་ཀྱིས་ཁྱོད་གཅིག་བུར་སྐྱོང་
ངས་རང་ཉིད ཁྱོད་དང་མཇལ་རྒྱུ་ཡོད་ན
ངའང་ བརྒྱ་ཚོགས་འདིའི་དཀྱིལ་དུ
བཟི་བརྗིད་ཀྱིས ཡར་འགྲེང་ཆོག་པར་སེམས
                   10/27/2013
 
         ང་ཤི་རྗེས།
 
ནམ་ཞིག ང་འཆི་ངེས་ཤིང་ ངེས་པར་འཆི་སྲིད
དེ་དུས མི་ཚོགས་ཀྱི་ཟིང་ཆས ང་ཤི་བ་སྣང་མེད་དུ་འདོར་ཞིང་
ངའི་བེམ་པོ་གང་བྱུང་དུ རི་གསེབ་ཅིག་ཏུ་སྦ་ངེས
ང་ཤི་ནས་རིང་བོ་མ་སོང་བའི་འོག
འཇིག་རྟེན་གྱིས ང་གཏན་དུ་བརྗེད་ཅིང་
ངས་ཁོང་གི་ཕང་བ་རུ
ཚེ་གང་བོར སྐྱིད་སྡུག་གི་ངུ་ངག་བྱས་པའང་བརྗེད་ངེས
 
ལོ་མང་ཞིག་གི་རྗེས་སུ ངའི་དུར་སའི་གཡས་གཡོན་དུ
སྟག་མའི་མེ་ཏོག་དང་ སུ་རུའི་མེ་ཏོག་བཞད་སྲིད
དེ་དུས གཞི་ནས་མི་ཚོས
“གནས་དེ་རུ མི་ལོ་འགའི་ཡར་སྡོན་དུ”
“ཤི་རྐྱེན་མི་ཤེས་ཤིང་ ལོ་དང་རུས་མིང་མི་གསལ་བའི
མི་ཞིག་གི་བེམ་པོ་སྦོས་ཡོད”ཞེས
ང་རང་དེ་ལྟར བཤད་རིན་ཡོད་པ་བཞིན་གླེང་སློང་བྱ་སྲིད
 
སའི་གོ་ལའི་འགྲོས་ཀྱིས རང་བྱུང་གི་དུས་བཞི
རེ་རེ་བཞིན་བསུ་དུས
གཞོན་ནུ་མ་ཞིག་གིས དབྱར་ཟླ་དྲུག་པ་ཤར་ཉིན
ངའི་དུར་ས་ན འདང་བརྩེ་ཁོ་ནས་བཞད་པའི
དམར་མདོག་གི་སྟག་མའི་མེ་ཏོག་དང་ སུ་རུའི་མེ་ཏོག་སེར་སྐྱ
ཁོ་མོའི་སྒྲ་རྒྱན་དུ་གཟུག་ཅིང་ ངའི་དུར་སའི་ས་སྒང་ཐོག་གཏོར་སྲིད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་མོ་གླུ་སྐད་ཅིག་དང་འདྲ།༼ཞར་བཀོད་གཉིས་ཡོད༽

2013-12-28 རྡོ་རྗེ་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།