སེམས་ཀྱི་སྣེ་གདོང་།


ཁ་དོག་ཅིག་འབར་ཚར་རྗེས།
སླར་ཡང་ཁ་དོག་གཞན་ཞིག་ཆགས་ཡོང་།

དགུན་གྱི་དུས་ཚིགས་ཀྱི་ཁ་བ་ལ་ཡུན་རིང་བསྒུག་ནས
ང་རང་ཕྱིར་མག་མོག་གི་ལམ་ཕྲན་དུ་བསྐྱོད་འགོ་བརྩམས།

རང་ཡུལ་གྱི་པང་ན་གནས་བའི་ལམ་ཕྲན་འདི
གདུང་ཡུས་ཀྱི་ཟས་སུ་འཐིམས་པའི་མིག་ཆུ་ཞིག་དང་འདྲ་བར
ད་ནི་ཨ་མ་དང་སྒོ་ཁྱི་གཉིས་ལྷག་ཏུ་དྲན།

འཕྱིས་ཚར་བའི་མེ་ཏོག་ཅིག་གི་སྔ་རོལ་དུ
ངས་མཛེས་སྡུག་ཡོད་ཚད་ནམ་མཁར་ཕུལ་ཏེ
རང་ཉིད་ལ་རེ་བ་ལྷག་མ་ཞིག་གིས་རྒྱན་ཆ་བཏེགས།

ལྷོ་ཕྱོགས་ཀྱི་ལྷོ་ཕྱོགས་ན་ང་ཡི་སེམས་ནད་ཅིག་ལུས་ཡོད།
ང་རང་རྟག་ཏུ་བྱ་བྱིའུ་ཚོའི་གམ་དུ་བཅར་ནས
ཐག་རིང་གི་མགྲོན་པོ་དེར་སྙིང་གི་ཕྱེད་ཀ་འབུལ་རྩིས་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་སྣེ་གདོང་།

2015-01-13 གཅན་རི་འཚེར། ཀློག་གྲངས། མཆན ཡོད།


ཁ་དོག་ཅིག་འབར་ཚར་རྗེས།
སླར་ཡང་ཁ་དོག་གཞན་ཞིག་ཆགས་ཡོང་།

དགུན་གྱི་དུས་ཚིགས་ཀྱི་ཁ་བ་ལ་ཡུན་རིང་བསྒུག་ནས
ང་རང་ཕྱིར་མག་མོག་གི་ལམ་ཕྲན་དུ་བསྐྱོད་འགོ་བརྩམས།

རང་ཡུལ་གྱི་པང་ན་གནས་བའི་ལམ་ཕྲན་འདི
གདུང་ཡུས་ཀྱི་ཟས་སུ་འཐིམས་པའི་མིག་ཆུ་ཞིག་དང་འདྲ་བར
ད་ནི་ཨ་མ་དང་སྒོ་ཁྱི་གཉིས་ལྷག་ཏུ་དྲན།

འཕྱིས་ཚར་བའི་མེ་ཏོག་ཅིག་གི་སྔ་རོལ་དུ
ངས་མཛེས་སྡུག་ཡོད་ཚད་ནམ་མཁར་ཕུལ་ཏེ
རང་ཉིད་ལ་རེ་བ་ལྷག་མ་ཞིག་གིས་རྒྱན་ཆ་བཏེགས།

ལྷོ་ཕྱོགས་ཀྱི་ལྷོ་ཕྱོགས་ན་ང་ཡི་སེམས་ནད་ཅིག་ལུས་ཡོད།
ང་རང་རྟག་ཏུ་བྱ་བྱིའུ་ཚོའི་གམ་དུ་བཅར་ནས
ཐག་རིང་གི་མགྲོན་པོ་དེར་སྙིང་གི་ཕྱེད་ཀ་འབུལ་རྩིས་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།