འགྱུར་ལྡོག་གི་གས་སྲུབས་ནས།(ཞར་བཀོད་གསུམ་ཡོད)

ཡུགས་མོ་ཞིག་མི་ཡུལ་ནས་ངུས་དྲགས་པས
མིག་ཆུ་གཙང་པོར་ཆགས་ཏེ
འཕྲིན་ཤོག་རལ་བོ་ཞིག་ཁྱེར་ནས་ཞིང་གཞན་དུ་བཞུར

ཡུགས་མོ་དེས་དགོངས་ཞུའི་ཡི་གེ་ཞིག་ཁྱེར་ཏེ
གྲིབ་མ་མེད་པའི་ལས་མཁན་དེ་བཙལ་དུ་སོང

དོན་དུ་མོ་ནི་ཡུགས་མོ་ཞིག་མ་ཡིན་པར
ཁྱོ་ག་བུད་མེད་གཞན་གྱིས་འཕྲོག་ཟིན་པའི་མོ་ཧྲེང་ཞིག

གཞན་ལ་ཤོར་བའི་ཁྱོ་ག་དེ
བདག་པོ་བུད་མེད་དེས་རྒྱང་ཕུད་དུ་བཏང་སོང་སྐད

ས་སྲོད་ཀྱི་དུས་སུ
ཐག་མི་ཉེ་མི་རིང་གི་ཉག་ག་དེ་ན
མི་ཞིག་རྐང་ཐང་ལ་གཅེར་བུར་ལུས་འདུག

ས་རུབ་ནས་ཅུང་ཙམ་འགོར་རྗེས
ཡུགས་མོའི་ཁྱིམ་གྱི་སྒོ་ཁྱིས་ཚོར་ཤེས་ཀྱི་རྗེས་དེད་དེ
ཕར་ལ་འདུར་ཡང་ཅུང་ཙམ་ནས་ལྷོད་དུ་བབས་སོང
ཡིད་ཚོད་བྱས་ན་གནས་དབྱུང་བཏང་བའི་ཁྱོ་ག་དེ་རེད

ཡུགས་མོ་ལྟ་བུའི་བུད་མེད་དེ
ལས་མཁན་དང་གཉེན་བསྡེབས་ཅིང་བྱིས་པ་ཞིག་ཀྱང་བཙས་ཟིན་པས
ཕྱིར་མི་ཡོང་བར་སེམས་ཐག་བཅད་ཟིན
            ༢༠༡༤/༠༩/༠༢ཉིན།

             ག་ལེར་ཁྱོད་རང་བསམ་ན།

ངས་ཁྱོད་རང་མཐོང་ཡོང་སྟེ
མིའི་སྒྱུ་འཕྲུལ་གྱི་རླུང་འཚུབ་ཅིག་ལྡང་རྗེས
སྤྲིན་པ་དཀར་ནག་གཉིས་ཀྱི་བར་མཚམས་ན
ཁ་དོག་མི་གསལ་བའི་ཅ་ལག་དེ་ཁྱོད་རང་མ་ཡིན་ནམ

ངས་ཁྱོད་རང་མཐོང་ཡོང་སྟེ
གྲིབ་མ་སྣེ་གཉིས་སུ་གྱེས་ཏེ་འཇིག་རྟེན་གཉིས་སུ་བཞུད་པས
གདུག་པ་དེས་རྣམ་ཤེས་མི་འདྲ་བ་གཉིས་བཙོན་དུ་བཟུང
སླར་ཡང བསླུ་བའི་རྡོག་སྒྲ་སྙིང་ཁར་བསྣུན

ཁ་རོག་གེར་ཕྱི་ནང་གཅིག་ཏུ་བཞག་རྗེས
བརྗོད་དུ་མེད་པའི་སེམས་པ་ཞིག་མཐོང་ཡོང་དུས
ཁྱོད་ལ་སྦྱར་ན་ངའི་མིག་ཁོ་ནར་ཡེ་ཤེས་ཀྱི་སྤྱན་ཟེར་ཆོག

གང་ལྟར
ཁྱོད་ལ་མངའ་སྐྱུར་ཁ་གསུམ་གྱི་བྲོ་བ་ཡོད་པས
ངས་དགོས་མཁོ་ལྟར་ཁྱོད་རང་ལོངས་སུ་སྤྱད་ཆོག
                ༢༠༡༤/༠༩/༠༡ཉིན།

             ཏག་ཏག་བཤད་ན།

ཆེས་ལྷིང་འཇགས་ཀྱི་མཚན་མོ་རེ་རེར
འུར་གྱིས་བསྐྱལ་བའི་ཉི་མ་དག་ལ་ཕྱིར་འདང་བརྒྱབ་ན
ང་ནི་རང་ཉིད་ཀྱི་འཚོ་བ་ལས་ཕྱིར་བུད་ཟིན
དེ་བས ང་དལ་མོར་གཉིད་ན་འདོད

ང་རང་གཉིད་ལ་ཡུར་སྐབས
གླིང་བུའི་སྒྲ་ཞིག་རྣ་ལམ་དུ་བརྒྱུད
ངས་སང་ཉིན་ཞོགས་པར་གླིང་བུའི་སྒྲ་ལ་ཉན་འདང་བྱས
དེ་ནི་ང་རང་ཕྱིར་འགྱང་ལ་གོམས་པས་མ་ཡིན་ནམ

ཏག་ཏག་བཤད་ན
ངས་ཕྱི་རོལ་གྱི་ཆོས་ཉིད་བློས་མ་ཐོངས་པས
གོམས་གཤིས་མང་པོར་རྒྱབ་འགལ་བྱེད་དགོས་སོང
ཡང་ན་འཁོར་བའི་མཛེས་སྡུག་ལ་སེམས་ཐོགས་པས་ཡིན
        ༢༠༡༤/༠༨/༢༠ཉིན།

              ང་རང་རྒས་མི་སྲིད།

ས་ཆུ་མེ་རླུང་གིས་གར་རྩེད་ཅི་ལྟར་བྱས་ཀྱང
ཕྱི་ནང་གི་འཇིག་རྟེན་ངོ་བོ་གཞན་དུ་སྤྲུལ་ཡང
ང་རང་གཏན་དུ་རྒས་མི་སྲིད
རྒྱུ་མཚན་ང་ཅག་རྦད་དེ་སོ་སོ་ཡིན

མི་དང་མིས་མཆུ་ཏོའི་གཙུབ་བརྡར་གྱི་བར་ནས
ཡོད་ཚད་གཉོམ་ཞིང་སིལ་བུར་གཏུབས་ཀྱང
ང་རང་ཡེ་ནས་རྒས་མི་སྲིད
དེ་ནི་ང་ཡིས་ང་ལ་བདག་པོ་བྱེད་ནུས་པས་ཡིན

རྒས་འདོད་པ་དག་དལ་མོར་རྒས་སུ་ཆུགས
གཏན་དུ་ཕྱིར་ཡོང་མི་འདོད་པ་ཚོའང་འགྲོ་རུ་ཆུགས
ང་གཅིག་པུ་མི་ཡུལ་ལུང་བ་ནས་བསྡད་ཆོག

ང་ལ་སྐད་སྐུར་དང་གྱེས་བརྡ་ཅི་ཡང་མེད
ངས་རང་ཉིད་ལ་ཇ་མ་བྱས་ནས་འདུག་འདོད
ལྷ་ཀླུ་གཉན་གསུམ་མགྲོན་དུ་བོས་ནས་བསྡད་ཆོག

ངས་མེས་པོའི་རུས་པ་ཡིས་གླིང་བུ་ཞིག་བཟོས་ཏེ
མི་ཡུལ་འདི་ཆེས་བདེ་སྐྱིད་ཀྱི་ཁམས་ཤིག་ཏུ་བཟོ་འདོད
                     ༢༠༡༤/༠༨/༡༨ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱུར་ལྡོག་གི་གས་སྲུབས་ནས།(ཞར་བཀོད་གསུམ་ཡོད)

2015-01-14 ལྡོག་འཆར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།