གྲིབ་མ་ཆུ་རུ་བྱིངས་པ།༼ ཞར་བཀོད་གཅིག་ཡོད ༽


ངས་རྡོ་བ་ལྟ་བུའི་ཁྱོད་ཀྱི་གྲིབ་མ་ཆུ་ལ་བསྐུར
མི་ཞིག་གིས་ཁྱོད་ཀྱི་གྲིབ་མ་བཟུང་འགྲོ་བར་བསམ
ཆུ་ལ་བསྐུར་རྗེས་ང་རང་ཡང་ཆུ་ལ་བྱིངས

ང་རང་བུད་མེད་ཅིག་གི་ཉ་རྒྱར་ཐོགས་ཏེ
རྡོ་བ་ལྟ་བུའི་ལྗིད་ཏིག་ཏིག་གི་གྲིབ་མས་མནན
བུད་མེད་ཀྱིས་རྡོ་བ་ལྟར་བཀོལ་སྤྱོད་གང་ཡང་བྱས

ངས་རྡོ་བ་མང་པོ་ཁྱོད་ཀྱི་གྲིབ་མར་འཁྲུལ
བུད་མེད་ཅིག་གིས་ཁ་དུག་ཕོག་པར་སྐྲག་ཏེ་རྡོ་རུ་གྱུར
ང་རང་ཆུ་ཡིས་ཐག་རིང་ལ་སྤྱུགས་ཤིང
གྲིབ་མའི་སྟེང་དུ་བུད་མེད་ཅིག་གི་ཟླ་མཚན་བྱུགས

             བཞུར་གྱིན་འདུག

དུས་ཚོད་གང་རུང་ཞིག་ཏུའང་ཁྱོད་རང་མི་སྡོད་པར་བཞུར་འགྲོ
ཁྱོད་ཀྱི་ཁ་དོག་དང་གཟུགས་དབྱིབས་ཀྱི་གྲིབ་མ
དུད་ཞགས་བཞིན་དཀྲུས་པའི་ཡ་ཁོག་གི་སུན་པ
དུས་ཚོད་གང་རུང་དུ་བྲུབ་སྲིད་པའི་སེམས་ཀྱི་ཆུ་བོ
ཁྱོད་རང་མི་སྡོད་པར་བཞུར་བའི་མཚན་ལམ་གང་རུང་དུ
ང་ཡི་མིག་ཀོང་དུ་འཁྱིལ་བའི་མེ་ཡི་ལག་པ་བསྲེག་ཟིན

ཆུ་བོ་མེ་རུ་ལྕེབས་པའི་སིལ་སྒྲ
སེམས་པ་ཕན་ཚུན་ལ་གླན་པས་འཚིག་རོའི་གཞོམ་དྲི
ཁྱོད་ཀྱི་གདོང་གི་མེ་ལྕེ་དང་ང་ཡི་སེམས་ཀྱི་ཆབ་ཆུ
ད་དུང མི་སྡོད་པར་བཞུར་བའི་གཟུགས་དང་རྣམ་ཤེས
ང་རང་ཆེས་དགའ་བའི་ཡི་གེ་དང་རྡུལ་ཕྲན་བོར་ཟིན
མི་སྡོད་པར་བཞུར་བའི་སྤྲུལ་གྱི་ཁ་ཆུའང་འཛག་ཟིན

ཁོ་རེ དུས་ཚོད་ག་པར་བསླེབས་སོང
ད་ལྟ་ཁྱོད་ཀྱི་འཁྲུག་མའི་ལབ་གདུབ་གསེར་གྱིས་ཤན་ཡང
དུས་ཚོད་ལ་འཁོར་རྒྱུ་མི་འདུག
མི་སྡོད་པར་བཞུར་གྱིན་པ་དེའང་ཚོར་མ་བྱུང 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲིབ་མ་ཆུ་རུ་བྱིངས་པ།༼ ཞར་བཀོད་གཅིག་ཡོད ༽

2015-04-06 གཡུ་མིག ཀློག་གྲངས། མཆན ཡོད།


ངས་རྡོ་བ་ལྟ་བུའི་ཁྱོད་ཀྱི་གྲིབ་མ་ཆུ་ལ་བསྐུར
མི་ཞིག་གིས་ཁྱོད་ཀྱི་གྲིབ་མ་བཟུང་འགྲོ་བར་བསམ
ཆུ་ལ་བསྐུར་རྗེས་ང་རང་ཡང་ཆུ་ལ་བྱིངས

ང་རང་བུད་མེད་ཅིག་གི་ཉ་རྒྱར་ཐོགས་ཏེ
རྡོ་བ་ལྟ་བུའི་ལྗིད་ཏིག་ཏིག་གི་གྲིབ་མས་མནན
བུད་མེད་ཀྱིས་རྡོ་བ་ལྟར་བཀོལ་སྤྱོད་གང་ཡང་བྱས

ངས་རྡོ་བ་མང་པོ་ཁྱོད་ཀྱི་གྲིབ་མར་འཁྲུལ
བུད་མེད་ཅིག་གིས་ཁ་དུག་ཕོག་པར་སྐྲག་ཏེ་རྡོ་རུ་གྱུར
ང་རང་ཆུ་ཡིས་ཐག་རིང་ལ་སྤྱུགས་ཤིང
གྲིབ་མའི་སྟེང་དུ་བུད་མེད་ཅིག་གི་ཟླ་མཚན་བྱུགས

             བཞུར་གྱིན་འདུག

དུས་ཚོད་གང་རུང་ཞིག་ཏུའང་ཁྱོད་རང་མི་སྡོད་པར་བཞུར་འགྲོ
ཁྱོད་ཀྱི་ཁ་དོག་དང་གཟུགས་དབྱིབས་ཀྱི་གྲིབ་མ
དུད་ཞགས་བཞིན་དཀྲུས་པའི་ཡ་ཁོག་གི་སུན་པ
དུས་ཚོད་གང་རུང་དུ་བྲུབ་སྲིད་པའི་སེམས་ཀྱི་ཆུ་བོ
ཁྱོད་རང་མི་སྡོད་པར་བཞུར་བའི་མཚན་ལམ་གང་རུང་དུ
ང་ཡི་མིག་ཀོང་དུ་འཁྱིལ་བའི་མེ་ཡི་ལག་པ་བསྲེག་ཟིན

ཆུ་བོ་མེ་རུ་ལྕེབས་པའི་སིལ་སྒྲ
སེམས་པ་ཕན་ཚུན་ལ་གླན་པས་འཚིག་རོའི་གཞོམ་དྲི
ཁྱོད་ཀྱི་གདོང་གི་མེ་ལྕེ་དང་ང་ཡི་སེམས་ཀྱི་ཆབ་ཆུ
ད་དུང མི་སྡོད་པར་བཞུར་བའི་གཟུགས་དང་རྣམ་ཤེས
ང་རང་ཆེས་དགའ་བའི་ཡི་གེ་དང་རྡུལ་ཕྲན་བོར་ཟིན
མི་སྡོད་པར་བཞུར་བའི་སྤྲུལ་གྱི་ཁ་ཆུའང་འཛག་ཟིན

ཁོ་རེ དུས་ཚོད་ག་པར་བསླེབས་སོང
ད་ལྟ་ཁྱོད་ཀྱི་འཁྲུག་མའི་ལབ་གདུབ་གསེར་གྱིས་ཤན་ཡང
དུས་ཚོད་ལ་འཁོར་རྒྱུ་མི་འདུག
མི་སྡོད་པར་བཞུར་གྱིན་པ་དེའང་ཚོར་མ་བྱུང 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།