མཚན་གཞས་རྒྱ་ཡན་མ།


མཚན་མོ་འདི་ལྷིང་འཇགས་ངང་།
ཁུ་སིམ་མེར་གཅིག་པུ་ཡིན་དུས།
ཟླ་བའི་ཟུར་མིག་གི་གྲུབ་ཆ་ལ།
ཉི་ཤུའི་སྨག་ནག་གི་བྱང་ཞྭ་བསྐོན་ཏེ།
གྲིབ་མ་ཞིག བདག་གི་འཇིག་རྟེན་གྱི་ཕྱེད་ཁར་ཕོག
དྲ་ཡོལ་འཐེན་ནས། ལྐོག་ལབ་རེ་བརྒྱབ་པ་དེ་ཡང་།
ཕུ་ནུ་ཟེར་བའི་ཁྱིམ་མཚེས་ཚོར་གསང་བ་བྱས།

ངས རི་འདིའི་ཕ་རོལ་ལ་གཏམ་ཞིག་བཤད་རྩིས་ཡོད།
ངས ཆུ་འདིའི་མགོ་མཇུག་ལ་ཀི་ཞིག་འདེབས་འདོད་ཡོད།
འོན་ཀྱང་། ཉན་མཁན་མེད་པའི་ལོ་ཟླའི་ནང་།
མགྲིན་པ་འགགས་ནས་སྨྲ་ལྕེ་ལ་གཡའ་དྲི་འཁོར་ཡོད་དམ།
ཡང་ན། ཉན་རྒྱུ་ཞིག་ཡེ་ནས་མི་ཤོད་པའི་སྲང་ལམ་འདི་ནས།
མགོ་བོ་གྱང་ལ་བརྡབས་ཤུལ་གྱི་དབང་བོ་ལོག་པ་འགའ།
ང་ཚོ་ཡོད་སའི་སྒོ་དང་སྒེའུ་ཁུང་། ལམ་དང་བཞི་མདོ།
བརྩིགས་པའི་ངོས་འཇམ། མལ་སའི་གྲུ་ཁ།
རྨི་ལམ་མའི་ཀློ་ཡས་ནག་པོར།
འཇའ་ཡི་གོས་གྱོན་ཡོད།
ཚིག་གི་རི་མོ་བཤམས་ཡོད།
རྟག་མི་རྟག་གི་མནའ་བསྐྱལ་ཡོད།
སྐུད་པ་དཀར་ནག་གི་དབང་པོ་བསྒྲིམས་ཡོད།
བདེ་སྟོང་ཟུང་འཇུག་གི་རོལ་གར་འཁྲབ་ཡོད།

ཉི་ཟླའི་འཆར་ནུབ་ལ་བདེན་རྫུན་ཨེ་གསལ།
གནམ་སའི་མཐོ་དམན་ལ་དགེ་སྡིག་ཨེ་འཕྲོད།
རྒྱབ་ལྗོངས་ན་སྤྲིན་པ་དུ་བས་ཟོས་ཡོད།
ནམ་མཁའ་མེ་ཡིས་བསྲེགས་ཡོད།
དུག་གི་ལྭ་བ་སྔོ་ནག
ཆུ་ཡི་ལྷམ་ཆུང་ཆ་མ།
མདོག་འགྱུར་བ འི་གཞིས་ཀ
ཐ་སྙད་ཀྱིས་བཙེམས་པའི་ལྷ་དང་ལྷ་མོ།
ཤོག་བུའི་སྟེང་གི་པོ་ཏ་ལ།
གྱང་ངོས་སུ་ཁྲག་གིས་སྦྱར་བའི་དབྱངས་གསལ།
གསོན་པོར་མེ་ལ་ལྕེབས་པའི་མེ་ཏོག་དམར་པོ།
ཤི་བའི་རྗེས་ཀྱི་ལོག་གཡེམ་དང་ཕྲ་མ།
མཚན་མོ་འདིའི་ན་ཟུག་དང་རྣོ་ལྕགས་ཀྱི་སྒལ་བ་རིང་བོ།
ཕྱི་ཡི་གོས་མིན། གདོང་གི་གཉེར་མ་མིན།
བཅོས་མའི་འཛུམ་མིན། ཁ་དོག་གི་མཛེས་ཆོས་མིན།

གསོན་ལ་རེ་བའི་རྣམ་ཤེས།
ཁ་རོག་གེར་བྲིས་པའི་ཡིག་ཆུང་།
མ་བཅོས་པའི་རྨི་ལམ།
རུས་པ་བརྡར་བའི་མེ་སྟག
གསོན་པོར་དུར་འཇུག
མྱི་བོར་བའི་བསྒྲགས་གཏམ།
མ་བཤད་ཚད་མེད་ཀྱི་སྐད་ཆ།
མཇུག་བསྡུ་བའི་རོལ་དབྱངས།
མཚན་མོ་དང་རིག་པ་ཡེ་ཤེས་ཀྱི་ཀློང་ནས།
ཚོར་བའི་ཁབ་དང་ཟུངས་ཁྲག་གི་སྐུད་པར་བརྒྱུས་ནས།
མི་ཚེ་ལ་གོམས་པར་བྱ། སྲོག་ལ་འཕྲོད་པར་བྱ།
            ༢༠༡༥/༤/༢༥

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གཞས་རྒྱ་ཡན་མ།

2015-09-19 མུར་སྤྱན་ཆབ། ཀློག་གྲངས། མཆན ཡོད།


མཚན་མོ་འདི་ལྷིང་འཇགས་ངང་།
ཁུ་སིམ་མེར་གཅིག་པུ་ཡིན་དུས།
ཟླ་བའི་ཟུར་མིག་གི་གྲུབ་ཆ་ལ།
ཉི་ཤུའི་སྨག་ནག་གི་བྱང་ཞྭ་བསྐོན་ཏེ།
གྲིབ་མ་ཞིག བདག་གི་འཇིག་རྟེན་གྱི་ཕྱེད་ཁར་ཕོག
དྲ་ཡོལ་འཐེན་ནས། ལྐོག་ལབ་རེ་བརྒྱབ་པ་དེ་ཡང་།
ཕུ་ནུ་ཟེར་བའི་ཁྱིམ་མཚེས་ཚོར་གསང་བ་བྱས།

ངས རི་འདིའི་ཕ་རོལ་ལ་གཏམ་ཞིག་བཤད་རྩིས་ཡོད།
ངས ཆུ་འདིའི་མགོ་མཇུག་ལ་ཀི་ཞིག་འདེབས་འདོད་ཡོད།
འོན་ཀྱང་། ཉན་མཁན་མེད་པའི་ལོ་ཟླའི་ནང་།
མགྲིན་པ་འགགས་ནས་སྨྲ་ལྕེ་ལ་གཡའ་དྲི་འཁོར་ཡོད་དམ།
ཡང་ན། ཉན་རྒྱུ་ཞིག་ཡེ་ནས་མི་ཤོད་པའི་སྲང་ལམ་འདི་ནས།
མགོ་བོ་གྱང་ལ་བརྡབས་ཤུལ་གྱི་དབང་བོ་ལོག་པ་འགའ།
ང་ཚོ་ཡོད་སའི་སྒོ་དང་སྒེའུ་ཁུང་། ལམ་དང་བཞི་མདོ།
བརྩིགས་པའི་ངོས་འཇམ། མལ་སའི་གྲུ་ཁ།
རྨི་ལམ་མའི་ཀློ་ཡས་ནག་པོར།
འཇའ་ཡི་གོས་གྱོན་ཡོད།
ཚིག་གི་རི་མོ་བཤམས་ཡོད།
རྟག་མི་རྟག་གི་མནའ་བསྐྱལ་ཡོད།
སྐུད་པ་དཀར་ནག་གི་དབང་པོ་བསྒྲིམས་ཡོད།
བདེ་སྟོང་ཟུང་འཇུག་གི་རོལ་གར་འཁྲབ་ཡོད།

ཉི་ཟླའི་འཆར་ནུབ་ལ་བདེན་རྫུན་ཨེ་གསལ།
གནམ་སའི་མཐོ་དམན་ལ་དགེ་སྡིག་ཨེ་འཕྲོད།
རྒྱབ་ལྗོངས་ན་སྤྲིན་པ་དུ་བས་ཟོས་ཡོད།
ནམ་མཁའ་མེ་ཡིས་བསྲེགས་ཡོད།
དུག་གི་ལྭ་བ་སྔོ་ནག
ཆུ་ཡི་ལྷམ་ཆུང་ཆ་མ།
མདོག་འགྱུར་བ འི་གཞིས་ཀ
ཐ་སྙད་ཀྱིས་བཙེམས་པའི་ལྷ་དང་ལྷ་མོ།
ཤོག་བུའི་སྟེང་གི་པོ་ཏ་ལ།
གྱང་ངོས་སུ་ཁྲག་གིས་སྦྱར་བའི་དབྱངས་གསལ།
གསོན་པོར་མེ་ལ་ལྕེབས་པའི་མེ་ཏོག་དམར་པོ།
ཤི་བའི་རྗེས་ཀྱི་ལོག་གཡེམ་དང་ཕྲ་མ།
མཚན་མོ་འདིའི་ན་ཟུག་དང་རྣོ་ལྕགས་ཀྱི་སྒལ་བ་རིང་བོ།
ཕྱི་ཡི་གོས་མིན། གདོང་གི་གཉེར་མ་མིན།
བཅོས་མའི་འཛུམ་མིན། ཁ་དོག་གི་མཛེས་ཆོས་མིན།

གསོན་ལ་རེ་བའི་རྣམ་ཤེས།
ཁ་རོག་གེར་བྲིས་པའི་ཡིག་ཆུང་།
མ་བཅོས་པའི་རྨི་ལམ།
རུས་པ་བརྡར་བའི་མེ་སྟག
གསོན་པོར་དུར་འཇུག
མྱི་བོར་བའི་བསྒྲགས་གཏམ།
མ་བཤད་ཚད་མེད་ཀྱི་སྐད་ཆ།
མཇུག་བསྡུ་བའི་རོལ་དབྱངས།
མཚན་མོ་དང་རིག་པ་ཡེ་ཤེས་ཀྱི་ཀློང་ནས།
ཚོར་བའི་ཁབ་དང་ཟུངས་ཁྲག་གི་སྐུད་པར་བརྒྱུས་ནས།
མི་ཚེ་ལ་གོམས་པར་བྱ། སྲོག་ལ་འཕྲོད་པར་བྱ།
            ༢༠༡༥/༤/༢༥

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།